ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས་པ་བཞུགས་སོ།།
ཆོས་སྤྱོད་དཀར་ཆག ༄༅། །བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་བྱང་ཆུབ་ཤིང་དབང་དྲུང་དུ་བདུད་སྡེ་དཔུང་བཅས་ས་དང་མཁའ་ལ་ཀུན་ཁྱབ་ཅིང་། །རྡོ་རྗེ་མདུང་ཐུང་དང་ནི་འཁོར་ལོ་མེ་དང་རི་དང་གངས་རིའི་ཕྲེང་བས་ཆར་འབེབས་པ། །རྫུ་འཕྲུལ་རྣམ་པར་འཕྲུལ་བྱེད་སྟོབས་ལྡན་མེ་ཏོག་མདའ་ཅན་བྱང་ཆུབ་བཟློག་ཕྱིར་བརྩོན་པ་ན། །བྱམས་པའི་ཐུགས་ཀྱིས་ལེགས་པར་ཕམ་མཛད་རྫོགས་པའི་སངས་རྒྱས་གང་བརྙེས་དེ་ལ་མགོས་ཕྱག་འཚལ། །ཁྱོད་ཀྱིས་གཞན་གྱི་དོན་སླད་དུ། དེ་ལས་མང་་་