ཨག་སྐད།
ལྷ་མོ་ལགས སྔས་འགྲམ་གྱི་དཔེ་དེབ་ངོས་སུ ཁ་འཐོར་གྱི་མི་རིགས་ཤིག་གི་རྔུལ་ཆུ་ལུས་འདུག ལྷ་མོ་ལགས ལོ་ཟླ་དེའི་མཇུག་ནས ཁྱེད་རང་གངས་དང་རིང་དུ་གྱེས་ཟིན་པས དུས་ཚོད་ཀྱི་ལག་པ་རིང་མོས ཁྱོད་ཀྱི་རྨི་ལམ་ལ་ཚོན་རྩི་གཞན་ཞིག་བཏང ངས་ཅི་ཡང་ཤོད་མེད ངས་ཅི་ཡང་བཤད་ཀྱིན་མེད ངས་ཡོད་ཚད་ལ་ལགས་སོ་ཞེས་བཤད་དགོས
ཇོ་ཇོ གངས་དེའི་ཕ་རོལ་ན དབྱངས་གསལ་སོ་བཞི་འདུག་གམ ཧ་ཅང་འཁྱག་པའི་གངས་རི་འདི ཁྱོད་ཀྱི་མིག་ཆུ དེ་ལས་མང་་་