ལྷ་མོ་དབྱངས་ཅན་མའི་བསྟོད་པ་སྙན་ངག་མེ་ཏོག་ཚོམ་བུ་ཞེས་བྱ་བ།
མཚོ་ཡིད་འོང་མཛེས་སྡུག་སྟོང་ལྡན་སྟེང་།།
གདན་འདབ་བཟང་བརྒྱ་སྟོང་གྲོལ་བའི་སྟེང་།།
ལྷ་དབྱངས་ཅན་མ་ནི་མཛེས་སྡུག་གིས།།
ཡིད་བཟི་བའི་ཆང་དུ་ལྷམ་མེར་ཤར།།
ཕྱག་སོར་མོ་འགུལ་བའི་སྒྲ་དབྱངས་ཀྱིས།།
ཡིད་སྣང་བའི་མཁའ་ལ་སྒྱུ་མ་ཡི།།
སྣ་མི་གཅིག་རི་དྭགས་བསྡུ་བ་མོ།།
ཁྱོའི་ལུས་ཀྱི་སྨྱུའི་མའི་གླིང་བུ་དེ།།
དུས་ཡང་ཡང་འབུད་རྒྱུ་བྱུང་ན་སྙམ།།
མིག་བང་བ་ལྡིང་བའི་ཞལ་ཁྱིམ་དུ།།
ངའི་སེམས་ཀྱི་གླིང་བུ་བུས་བུས་ནས།།
དབྱངས་འབུམ་ཕྲག་རྡོལ་བའི་སྙན་ངག་དག།
སེམས་སྐྱོ་བ་སངས་ དེ་ལས་མང་་་