ཟབ་མོ་སྣང་བའི་རབ་བྱེད།
༄༅། །ཟབ་མོ་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །རྟེན་འབྲེལ་ཉིད་ཡིན་འཁྲུལ་པའི་གཞི། །ཡིན་ཕྱིར་དེ་ནི་ཀུན་རྫོབ་སྟེ། །དོན་བྱེད་ཕྱིར་ན་བདེན་པའང་དེ། །དེ་ཉིད་བརྟགས་ན་གནས་མེད་པས། །རང་བཞིན་མེད་པའི་རང་བཞིན་ཅན། །དམ་པའི་ཡུལ་ཕྱིར་དོན་དམ་པ། །བསླུ་བ་མེད་ཕྱིར་བདེན་པའང་ཡིན། །དེ་དག་ཆོས་དང་ཆོས་ཉིད་ཕྱིར། །དབྱེ་བ་མེད་མོད་གང་ཟག་གི །བློ་ལ་ལྟོས་ནས་སོ་སོར་གཞག །མ་བརྟགས་བློ་དོན་ དེ་ལས་མང་་་