ལོ་རྒྱུས།

མཻ་སོར་ཙ་མུནྟྲིའམ་ལྷ་མོ་ནག་པོའི་ལོ་རྒྱུས་སྙིང་བསྡུས།

2025 ལོའི་ཟླ 4 ཚེས 21 ཉིན། གདོང་མཁན། 0

རྒྱ་གར་ལྷོ་ཕྱོགས་སུ་མེ་སོར་ཕྱོགས་སུ་ཙ་མུནྟྲི་ཞེས་པའི་བོད་རྒྱ་གཉིས་ཀྱི་གནས་གཅིག་ལ་ངོས་ཟིན་འདུག སྤྱིར་བཏང་། གནས་འདིའི་མིང་ལ། ཙ་མུནྟྲི། ཙ་མུན་ཏྲ། ཙ་མུན་ཊ་ཞེས་ལེགས་སྦྱར་མིང་བྲིས་སྟངས་མི་འདྲ་བ་གསུམ་ཙམ་ཡོད་པ་མ་ཟད། གོ་དོན་ཡང་མི་འདྲ་བ་མང་པོ་འདུག གནས་འདིའི་ལོ་རྒྱུས་ཡང་བཤད་སྲོལ་གསུམ་ཙམ་འདུག རྒྱ་གར་ལོ་རྒྱུས། ཧིན་ཏུའི་ལོ་རྒྱུས། རྒྱ་གར་ནང་པ་དང་ཁྱད་པར་དུ་བོད་པས་ངོས་འཛིན་གནང་སྟངས་བཅས་ལས་དང་པོ། རྒྱ་གར་ལོ་རྒྱུས་ལས་རྒྱ་གར་གྱི་ལྷ་ཆེན་ཤི་ཝའི་ཆུང་མ་གསུམ་ཡོད་པའི་ནང་ནས་གཅིག་གི་མིང་ཡིན་པ་དང་། ཆུང་མ་ཙ་མུན་ཏྲ ( Chamunda) ཞེས་པ་དེ་རེད་འདུག བཙུན་མོ་ཙ་མུན་ཏྲ་ནི་ཐབས་ཤེས་ཅན་དང་ཧ་ཅང་དྲག་པོའི་རྩལ་ཡོད་མཁན། འབངས་མི་རྣམས་ལ་བྱམས་སྐྱོང་ཅན་ཡིན་པའི་ཕྱིར་ན་བཙུན་མོ་ཙ་མུན་ཏྲ་འདས་པའི་རྗེས་སུ་རྒྱལ་པོ་དང་འབངས་མི་ཚོས་གནས་འདིར་བཙུན་མོ་རྗེས་དྲན་ཕྱིར་དུ་ལྷ་ཁང་བཞེངས་གནང་བ་དང་ལྷ་འདྲ་རྩིས་སྲོལ་ད་ལྟའི་བར་དུ་བྱུང་བ་རེད་འདུག དེ་ལས་མང་་་

དཔྱད་རྩོམ།

གཏོར་མ་རྒྱུད་ཁུངས་དང་དེ་ཕྱག་ལེན་གྱི་གནས་བབ་ལ་དཔྱད་པ།

2025 ལོའི་ཟླ 4 ཚེས 17 ཉིན། གདོང་མཁན། 0

སྤྱིར་བོད་བརྒྱུད་ནང་བསྟན་གྱི་ལུགས་སུ་གཏོར་མ་བཟོ་བའི་སྲོལ་ཆོས་བརྒྱུད་སོ་སོ་ཐུན་མོང་མ་ཡིན་པའི་ལུགས་སུ་དར་བཞིན་པ་འདི་བཞིན་ཡིན་ཡང་།རྒྱུད་སྡེ་ཁག་ཏུ་གཏོར་མ་ཞེས་པ་ལས་གཏོར་མ་བཟོ་དབྱིངས་ཀྱི་སྐོར་མཐོང་དུ་མེད་པའི་ཚད་དུ་ཡིན།ཡིན་ན་ཡང་གཏོར་མ་ནི་རྒྱུད་སྡེ་ཁག་ཏུ་ཤིན་ཏུ་གསལ་བ་གསུངས་ཡོད་ལ།མདོའི་ལུགས་སུའང་སངས་རྒྱས་ཀྱིས་འཇུར་གེགས་ཅན་ལ་ཆུ་སྦྱིན་པ་དང།ཛམྦྷ་ལ་ལ་ཆུ་སྦྱིན་པ་དང།ཁ་འབར་མ་ལ་གཏོར་མ་སྦྱིན་པ།འཕྲོག་ལ་ཆང་བུ་སྦྱིན་པར་གསལ་བོ་གསུངས་ཡོད་ཀྱང།དེའི་ཆོ་གའི་རྣམ་གཞག་ནི་མདོ་ལུགས་ལ་ཇི་བཞིན་མེད་ཀྱང་རྒྱུད་སྡེ་ཁོ་ནའི་ཁྱད་ཆོས་ཡིན དེ་ལས་མང་་་

ངག་རྩོམ།

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་ལ་བསྲིངས་པ།

2025 ལོའི་ཟླ 4 ཚེས 12 ཉིན། གདོང་མཁན། 0

ཁམས་པའི་སྨྱུག་ཚོགས་འདུས་པའི་དབྱངས། །བསམ་བློའི་གཏེར་མཛོད་ཕྱེ་བའི་སྒྲ། །གནའ་བོའི་ལོ་རྒྱུས་དྲན་གསོས་ཀྱིས། །དེང་རབས་སེམས་ལ་འོད་སྣང་སྦྱིན། །མཐོན་པོའི་རྩེ་ནས་འབྱུང་བའི་ཆུ། །གཙང་པོའི་རྒྱུན་དུ་འབབ་པ་བཞིན། །
མེས་པོའི་ཤེས་རབ་བརྒྱུད་པ་ཡིས། །ད་ལྟའི་སྙན་དངགས་ཕ་སར་འཁྱིལ།།འབྲོག་པའི་གཏམ་རྒྱུད་ཡིད་དུ་འོང་། །མཛོ་མོའི་འོ་མ་ལྟར་དུ་མངར། ། དེ་ལས་མང་་་

ངག་རྩོམ།

མ་ཡུམ་རྫོང་གསར་བཤད་གྲྭའི་མཛེས་པའི་དཔལ།

2025 ལོའི་ཟླ 4 ཚེས 12 ཉིན། གདོང་མཁན། 0

གངས་ལྗོངས་བསྟན་པའི་གསལ་བྱེད་ཉི་ཟླ་གཉིས། །རྫོང་གསར་མཁན་སྤྲུལ་རྣམ་གཉིས་བྱིན་མཐུ་ལས། མཁྱེན་བརྩེ་ནུས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །འཇིགས་མེད་ཐུགས་ཀྱི་དགོངས་པ་རྫོགས་གྱུར་ཅིག །དམ་ཆོས་རྒྱ་མཚོའི་མངའ་བདག་སྐྱེས་མཆོག་རྣམས། །འགྲོ་ཀུན་སྒྲོལ་ཕྱིར་རྟག་ཏུ་སློབ་མ་གྱུར་བར་ཤོག ། དེ་ལས་མང་་་

གནའ་རབས་ཀྱི་རྣམ་ཐར།

༧ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སྙིང་བསྡུས།

2025 ལོའི་ཟླ 4 ཚེས 1 ཉིན། གདོང་མཁན། 0

ལྔ་རིག་སྨྲ་བའི་དབང་པོ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། མཚན་མཆོག་གསུམ་ལྡན་འཁོན་དཔལ་ཆེན་འོད་པོ་དང་། ཡུམ་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོའི་བོད་ཟླ་དང་པོའི་ཚེས་ ༢༦ དང་ཕྱི་ལོ་ ༡༡༨༢ ལོར་གཙང་ས་སྐྱར་སྐུ་བལྟམས། ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཅེས་ཞུ་ཞིང་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དང་ཡི་གེ་ལ་སོགས་པ་མ་བསླབ་པར་མཁྱེན། དཔལ་ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔའི་ཡ་གྱལ་ཁུ་བོ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། མགོན་པོ་གང་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཇམ་པའི་དབྱངས་སུ་གཟིགས་ཏེ། གང་གི་དྲུང་ནས་ཐུན་མོང་གི་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་བསླབས་ཤིང་། དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་མ་ལུས་པ་གསན། མདོར་ན་མདོ་སྔགས་རིག་གནས་བཅས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད་དེ་མཁས་པའི་རྩེར་སོན། དེ་ལས་མང་་་

གསར་འགྱུར།

༧སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་མཆོག་ལ་དྭགས་སུ་ཆོས་བསྒྱུར་བསྐྱངས་གནང་བ།

2024 ལོའི་ཟླ 2 ཚེས 21 ཉིན། གདོང་མཁན། 0

༧སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་འཇམ་དབྱངས་ཀུན་མཁྱེན་དབང་པོ་རིན་པོ་མཆོག་ཕྱི་ལོ་༢༠༢༤ ལོའི་ཕྱི་ཟླ་༢ པའི་ཚེས་༡༧ གྱི་སྔ་ཏོག་རྒྱལ་ས་དིལ་ལི་ནས་གནམ་གྲུ་བརྒྱུད་དེ་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། དཔལ་ཀྱཻ་རྡོ་རྗེའི་སྒྲུབ་མཆོད་ཀྱི་སྟ་གོན་གནང་།   དེ་ལས་མང་་་

གསར་འགྱུར།

མཁན་པོའི་མཚན་གནས་མངའ་གསོལ་གྱི་མཛད་སྒོ། 

2024 ལོའི་ཟླ 2 ཚེས 21 ཉིན། གདོང་མཁན། 0

རབ་བྱུང་བཅུ་བདུན། རབ་གནས་ཤིང་འབྲུག་ཟླ་བ་༢ ཚེས་༡༡ ཕྱི་ལོ་༢༠༢༤ ཟླ་བ་༣ ཚེས་༢༠དགེ་བའི་ཉིན་མོར། འཛམ་གླིང་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པ། ྋསྐྱབས་མགོན་ྋགོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གི་ཞལ་སྔ་ནས་ཀྱིས་དབུས། རྒྱལ་བསྟན་གསལ་བའི་སྒྲོན་མེ། དེ་ལས་མང་་་

གསར་འགྱུར།

༧དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་དབུ་འཛུགས་གནང་བ།

2024 ལོའི་ཟླ 2 ཚེས 21 ཉིན། གདོང་མཁན། 0

ལོ་སྟར་ཆགས་ལྟར་དཔལ་ས་སྐྱའི་རིགས་གཏེར་དགུན་ཆོས་ཆེན་མོ་དང་རིགས་གཏེར་དཔྱིད་ཆེན་མོ་གཉིས་རེས་མོས་བཞིན་ས་སྐྱའི་བཤད་གྲྭ་ཁག་ཏུ་ཚོགས་དང་འཚོགས་མུས་ལྟར། འདི་ལོ་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་དང་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་གཉིས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༢༤ ལོའི་དཔལ་ས་སྐྱའི་འཆད་རྩོད་རྩོམ་གསུམ་གྱི་རིགས་གཏེར་དཔྱིད་ཆོས་ཆེན་མོ་མ་དགོན་བཤད་གྲྭ་རུ་དཔལ་ས་སྐྱའི་བཤད་གྲྭ་ཁག་ལྷན་འཛོམས་ཐོག་མཁས་པའི་བྱ་བ་གསུམ་ལ་བརྩོན་པའི་ཕྱིར།  དེ་ལས་མང་་་

གསར་འགྱུར།

གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོ།

2024 ལོའི་ཟླ 2 ཚེས 20 ཉིན། གདོང་མཁན། 0

ཁ་རྩང་བོད་ཟླ་༡ ཚེས་༡༠ ཉིན། སློབ་དཔོན་རིན་པོ་ཆེ་མཆོག་གི་དུས་ཆེན་དང་བསྟིན་གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོ་སྔ་བསྣུར་ཞུས་པའི་ཚོགས་མགོན་དུ། བསྟན་པའི་ཉི་མ་གཞོན་ནུ་༧སྐྱབས་རྗེ་༧འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཆིབས་བསྒྱུར་གྱིས་མི་མང་ལ་ཚེ་དབང་ཡང་བཀའ་དྲིན་ཆེ་སྩལ་བསྐྱངས་གནང་འདུག
དེ་ལས་མང་་་

ངག་རྩོམ།

༧ས་སྐྱར་གསོ་རིག་གི་བསྟན་པ་བསྐྱངས་ཚུལ།

2024 ལོའི་ཟླ 2 ཚེས 19 ཉིན། གདོང་མཁན། 0

དེ་ཡང་འཛམ་གླིང་གི་ཡང་རྩེ་ཁ་བ་ཅན་གྱི་ཡུལ་མཁས་གྲུབ་ལོ་པཎ་དུ་མ་བྱོན་པའི་གནས་ཏུན་ཧོང་གཉིས་པར་གྲགས་པ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ཞེས་མཚན་སྙན་གྲགས་འཛམ་བུ་གླིང་དུ་ཁྱབ་པ་དེའི་ཡུལ་གྱི་ཆེ་བ་ཅུང་ཟད་ཙམ་བརྗོད་ན། དེ་ཡང་ངོ་མཚར་བཀོད་པ་དུ་མས་བརྒྱན་ཅིང་རིན་བྲལ་ནོར་གྱིས་ཁེངས་པའི་ལྷ་ཁང་ཆེན་མོ་གཟི་མཆོང་གནམ་ལ་གཟིངས་པ་འདྲ། གྲུམ་ཆུ་སྔོན་མོ་ཤར་ནས་ནུབ་ཏུ་གཡུ་འབྲུག་སྔོན་མོ་ཐང་ཉལ་བཞིན་དུ་རྒྱུགས་པ། དྭངས་གཙང་ཡན་ལག་བརྒྱད་དང་ལྡན་པའི་མདའ་ཆུ་དཀར་མོ་ལྷོ་ནས་བྱང་དུ་དར་དཀར་བརྐྱངས་བཞིན་རྒྱུགས་ལ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མང་དག་བྱོན་པའི་གནས་མཆོག དགེ་ལེགས་ཡོན་ཏན་འཕེལ་བའི་ས། །སྡིག་དང་དྲི་མ་སྤོང་བའི་སྐྱ། ། དེ་ལས་མང་་་

གསར་འགྱུར།

ཤིང་ཕོ་འབྲུག་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

2024 ལོའི་ཟླ 2 ཚེས 9 ཉིན། གདོང་མཁན། 0

བོད་རྒྱལ་ལོ་ ༢༡༥༡ ལོའི་རབ་གནས་ཤིང་འབྲུག་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ལ་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས། དེ་ལས་མང་་་

གསར་འགྱུར།

ས་སྐྱའི་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་གནང་འདུག

2024 ལོའི་ཟླ 1 ཚེས 30 ཉིན། གདོང་མཁན། 0

ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་སྐབས་དང་བསྟུན། རྒྱ་གར་ཡུ་པི་མངའ་སྡེའི་རིག་གཞུང་ལྷན་ཁང་གིས་ Alankaran Samaroha ཞེས་པའི་དུས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པའི་ཁྲོད། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་པ། དེ་ལས་མང་་་

གསར་འགྱུར།

རྡོར་གདན་ས་སྐྱའི་སྨོན་ལམ་དང་མཛད་འཆར་ཁག་སྙིང་བསྡུས།

2024 ལོའི་ཟླ 1 ཚེས 19 ཉིན། གདོང་མཁན། 0

སྤྱི་ལོ ༢༠༢༣། ༡༢། ༢༥ དང་བོད་ཚེས་ ༡༤ ཆོས་ཀྱི་རྗེ་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་དུས་ཆེན་ཁྱད་པར་ཅན་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་དྲོ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་རྟེན་གཙོ་ཐུབ་དབང་སྟོན་པ་རིན་པོ་ཆེར་ཞལ་གསེར་སྒྲོན་འབུལ་གནང་རྗེས་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པའི་ཚོགས་མགོན་དུ་དབུ་བཞུགས་བཀའ་དྲིན་བསྐྱངས་གནང་མཛད་གནང་འདུག དེ་ལས་མང་་་

གནས་ཆེན།

རྡོ་རྗེ་གདན་རང་ནས་མཇལ་དགོས་པ་བཅུ་བདུན།

2024 ལོའི་ཟླ 1 ཚེས 19 ཉིན། གདོང་མཁན། 0

དང་པོ་ནི། སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ཅུའི་དུས་སུ་བྲམ་ཟེའི་བུ་སྤུན་གསུམ་ལས་ཆུང་ཤོས་ཀྱིས་སྟོན་པའི་སྐུ་འདི་བཞུགས་སའི་ལྷ་ཁང་ཞིག་བཞེངས་པ་དང་། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བརྒྱད་ཅུ་ཙམ་ལོན་པ་ན། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྔོན་གྱི་ལྷ་ཁང་དེ་ཉིད་ཉམས་ཆག་མེད་པར་ནང་དུ་བཅུག་སྟེ། ད་ལྟའི་བཟོ་བཀོད་ཀྱི་གན་དྷོ་ལ་འདི་བཞེངས་ཚུལ་ཆག་ལོ་ཙྰ་པའི་རྣམ་ཐར་དུ་གསལ། དེ་ནས་ད་བར་མཆོད་རྟེན་རིན་པོ་ཆེ་འདི་ལ་ཉམས་ཆག་ཆེན་པོ་ཐེངས་གསུམ་ཙམ་བྱུང་བ་ལ་རིམ་གྱིས་སུས་ཇི་ལྟར་ཞིག་གསོ་བྱས་ཚུལ་ཞིབ་གསལ་མཁས་དབང་དགེ་ཆོས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཏུ་གསལ། དེ་ལས་མང་་་

གསར་འགྱུར།

༧སྐྱབ་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་འབུལ་འཆར།

2024 ལོའི་ཟླ 1 ཚེས 19 ཉིན། གདོང་མཁན། 0

ཁ་རྩང་ཕྱི་ཚེས་ ༡༩ ནས་གནད་མཆོག་རྡོ་རྗེ་གདན་དུ་༧དཔལ་ས་སྐྱའི་གཙུག་ལག་ཁང་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ་བདུན་ཕྲག་གཅིག་གི་རིང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྟན་བཞུགས་སྒྲུབ་ཞག་དབུ་འཛུགས་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་དངོས་གཞི་བསྟར་འབུལ་ཞུ་རྒྱུ་བཅས་རེད་འདུག དེ་ལས་མང་་་

1 2 3 70