དཔྱད་རྩོམ།

མ་གཅིག་དཔལ་ལྡན་ལྷ་མོའི་ཚེས་གཏོར་དང་འབྲེལ་བའི་གཏམ།

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

བསྟན་བཤིག་དམ་ཉམས་ཚོགས་ཀྱི་མགོ་ནས་མནོན།།བསྟན་འཛིན་སྐྱེས་བུའི་ཚོགས་ཀུན་ཚུལ་བཞིན་བསྐྱངས།།བསྟན་དང་འགྲོ་ལ་འཕྲིན་ལས་མྱུར་མཛད་མ།།
བསྟན་སྲུང་དཔལ་གྱི་ལྷ་མོར་གུས་པས་བཏུད།། གཡས་གཡོན་ཕྱག་ན་ཐོད་ཁྲག་བེ་ཅོན་བསྣམས།། རས་ལྡེའི་སྟོད་གཡོགས་རིན་ཆེན་དོ་ཤལ་འཕྱང་།།ས་བཅུའི་གནས་གཤེགས་དཔལ་ལྡན་དམག་ཟོར་མས།།དུས་ཀུན་བདག་སོགས་སྐྱོངས་ཤིག་མ་གཡེངས་ཀྱེ།། ཞེས་སོགས་མཆོད་པར་བརྗོད་པ་དང་འཕྲིན་ལས་སྐུལ་བ་སྔོན་དུ་བཏང་ནས་སྐབས་བབ་གང་ཞིག་གླེང་བར་བྱ་བ་ནི་དེ་ཡང་ང་ཚོའི་ དེ་ལས་མང་་་

ངག་རྩོམ།

མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་གི་སྐོར་གླེང་བ།

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

དེ་རིང་དྲྭ་ལམ་ཁག་ཏུ། མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་(༡༩༣༤-༢༠༡༥) མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འདུག་པས། རིན་པོ་ཆེ་ཐེངས་ཁ་ཤས་ཞལ་མཇལ་མྱོང་བའི་ཆ་ནས་གཤམ་གསལ་རྗེས་དྲན་གྱི་རྩོམ་འདི་བྲིས་པ་ཡིན། གྲོགས་པོ་གཞན་ཚོས་ཀྱང་གཤམ་དུ་མཆན་བཀོད་དེ་ཁོང་གི་མཛད་པ་ཆ་ཚང་བར་མཛོད། ཕྲན་ལ་གདོང་ཐོག་རིན་པོ་ཆེ་མ་མཇལ་གོང་། ཁོང་གིས་མཛད་པའི་དབྱིན་བོད་ཚིག་མཛོད་སྣང་བ་གསར་པ་ཞེས་པ་དེ་མཇལ། ཚིག་མཛོད་དེའི་ནང་། དབྱིན་ཇིའི་མ་ཚིག་དང་། དེ་ལས་མང་་་

ངག་རྩོམ།

མཁས་དབང་གདོང་ཐོག་རིན་པོ་ཆེ་རྗེས་སུ་དྲན་པ།

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

ཉེ་ལམ་བོད་ཀྱི་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཞིག་གསར་ལམ་ཁག་ཏུ་ཐོན་སོང་། དེ་ནི་ར་ཇ་པུར་དཔལ་ས་སྐྱའི་གདན་སར་༧སྐྱབས་མགོན་༧ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གིས་ས་སྐྱའི་བཀའ་འབུམ་གྱི་ལྗགས་ལུང་གྲུབ་ལ་ཉེ་བའི་སྐབས་དང་འཁེལ་བས། གྲོགས་པོ་ཤེས་ལྡན་པ་སྐོར་ཞིག་གིས་ཁོང་གི་མཛད་རྗེས་ལ་ཡིེ་རངས་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་རྩོམ་ཐུང་རེ་ཡང་རང་རང་གི་དྲ་སྟེང་དུ་སྤེལ་ དེ་ལས་མང་་་

བཀའ་སློབ།

ངོར་མཁན་ཆེན་ཐུབ་བསྟན་སྙིང་པོའི་བཀའ་སློབ།

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

ཐོག་མར་ངས་ཁྱེད་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་འབྲེལ་གང་བློ་མའི་ལུང་ཞིག་འདོན་རྒྱུ་ཡིན། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ།།ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།།གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།།འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།།འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང་།།མ་རིག་མུན་ དེ་ལས་མང་་་

གནས་ཆེན།

བོད་ཀྱིས་རྒྱང་ཕུད་བྱས་པའི་དགེ་སློང་ཞིག་གི་སྒྲུབ་ཕུག་མཇལ་ཚུལ།

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

མདོ་སྨད་ཆོས་འབྱུང་སོགས་སུ་གསལ་བའི་ལོ་ཆེན་བཻ་རོ་ཙ་ནའི་སྒྲུབ་ཕུག་མཇལ་བར་འབར་ཁམས་ནས་ཅོག་ཙེ་བརྒྱུད་དེ་སོ་མང་ཆུ་བོའི་བྱང་ཕྱོགས་ལ་སྤྱི་ལེ་བཅུ་གསུམ་ཙམ་ཡོད་པར་སོང་པ་ཡིན།སྒྲུག་ཕུག་གི་ལ་རྩར་ཐོན་དུས་ལམ་མགོ་གཉིས་སུ་གྱེས་ཡོད་ལ།གོང་མ་དེ་གཞུང་ལམ་ཡིན་ལ།འོག་མ་དེ་རྐང་ལམ་རེད།ཕྲན་ནི་རྐང་ལམ་བརྒྱུད་དེ་སྒྲུབ་ཕུག་མཇལ་དུ་སོང་པ་ཡིན།དེང་སྐབས་ལམ་ཕྲན་དེར་ཞུགས་ཏེ་བགྲོད་མཁན་ཉུང་ཉུང་ཡིན་པས།རྩི་ཤིང་མང་པོ་ལམ་ དེ་ལས་མང་་་

གསར་འགྱུར།

སྐུ་ཞབས་རིན་ཆེན་རྡོ་རྗེ་མཆོག་བླ་བསྐོས་སུ་བསྐོ་གཞག་གནང་འདུག

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

ཁ་རྩང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ནས་སྐུ་ཞབས་རིན་ཆེན་རྡོ་རྗེ་མཆོག་ངམ་རིང་རྫོང་ཁོང་ལུང་ཆུང་དགོན་པར་བླ་བསྐོས་སུ་བཏང་བའི་སྐལ་བཟང་གི་དུས་འདིར་གཉུག་མ་གནས་པའི་སྐྱ་སེར་དང་འཕྲལ་དུ་ཕེབས་པའི་སྐྱ་སེར་ཧ་ཅང་མང་པོ་འདུ་འཛོམས་ཐོག་ནས་མཇལ་དར་སྒྲོན་པ་དང་ཞལ་ཏོག་སོགས་ཀྱི་ཕེབས་སྐྱེལ་གོ་སྒྲིག་གནང་འདུག ཁ་རྩང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ནས་སྐུ་ཞབས་རིན་ཆེན་རྡོ་རྗེ་མཆོག་ངམ་རིང་རྫོང་ཁོང་ལུང་ཆུང་ དེ་ལས་མང་་་

བཀའ་སློབ།

དམ་ཆོས་ཉམས་ལེན་མདོར་བསྡུས།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

དང་བོ་སྦྱོར་བ། ནང་དགོངས་སོགས་སུ་སྟན་བདེ་བར་བསྡད་དེ་ཅུང་ཟད་ངལ་གསོ། དེ་ནས། སངས་རྒྱས་ཆོས་སོགས་སྐྱབས་སེམས་ལན་གསུམ་བྱ། གཉིས་པ་དངོས་གཞི། ༡ ༽ ཐལ་མོ་སྦྱར་ཏེ། ༧ བླ་མ་དཀོན་མཆོག་གསུམ་མཁྱེན། འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས། ༢ ༽བདག་དང་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་བར་མྱུར་དུ་ཐར་བར་ཤོག ཅེས་ངེས་འབྱུང་ལན་གསུམ་བསྒོམ།༣༽ སེམས་ཅན་ཐམས་ དེ་ལས་མང་་་

དཔྱད་རྩོམ།

དབུ་མ་ཕལ་བ་དང་དབུ་མ་ཆེན་མོ།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

དབུ་མ་པ་ལ་དབུ་མ་ཕལ་པ་དང༌། དབུ་མ་ཆེན་པོ་གཉིས་ཀྱི་ཕལ་པ་ནི་བོད་ཡུལ་འདིར་རང་སྟོང་དུ་གྲགས་ཤིང་རྒྱ་བོད་གཉིས་ཀར་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་གྲགས་པ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་དང༌། རྣམ་གྲོལ་སྡེ་དང༌། ཞི་བ་འཚོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་ལུགས་སོ།། དེ་དག་ལ་གྲུབ་མཐའ་ནང་གསེས་མི་འདྲ་བ་མང་ཡང༌། ཐམས་ཅད་མཐུན་པར་གཟུགས་སེམས་གཉིས་དང་ལྡན་མིན་འདུ་བྱེད་དེ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང༌། ནམ་ དེ་ལས་མང་་་

དཔྱད་རྩོམ།

ཐལ་རང་གི་དགོངས་པ་དོན་གཅིག་ཏུ་གནས་པའི་ལེགས་པར་བཤད་པའི་གཏེར།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

ཇི་ལྟ་ཇི་སྙེད་བསྡུས་པའི་ཤེས་བྱ་ཀུན།། དབྱེ་བ་མ་མདྲེས་ཆོས་དབྱིངས་རབ་བསྙེན་ནས།། སྤྲོས་པའི་འཛིན་པ་མྱུར་བར་ཞི་ཞིར་མཛད།། རྒྱལ་བའི་དབང་པོ་ཁྱེད་ལ་ཕྱག་བགྱིའོ།། ཟབ་མོ་སྟོང་ཉིད་ལྟ་བའི་མིག་རྒྱན་པས།། སྐལ་ལྡན་གདུལ་བྱ་གྲངས་མེད་མཐའ་ཡས་ལ།། མཐའ་འཛིན་འགོག་པའི་རིགས་པ་གསལ་བ་བསྟན།། རིགས་པའི་གཙུག་རྒྱན་མགོན་པོ་ཁྱེད་ལ་བསྟོད།། རིགས་པ་དཔྱོད་པས་རང་བཞིན་མ་གྲུབ་པ།། སྣང་བ་ཀུན་རྫོབ་གཉིས་ཀྱིས་གྲུབ་ཚུལ་ལ།། ཐལ་རང་གཉིས་ཀའི་དགོངས་བཞེས་དག་ལ་ཡང་།། རང་བློ་གང་དཔོག་ཅུང་ཙམ་བརྗོད་ལ་སྤྲོད།།
དེ་ལས་མང་་་

གསར་འགྱུར།

ཆོས་བརྡ་གསལ་བསྒྲགས།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

རྒྱ་ཆེ་བའི་དད་ལྡན་ཡོངས་ལ་ཞུ་གསོལ།རྟ་ནག་ཕུ་ཚྭ་ཁ་སྒྲུབ་སྡེ་དགོན་དུ་སང་ཉིན་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བཞི་ལ་རྟ་ནག་ཐུབ་བསྟན་དགོན་པའི་མཁན་རབས་ལྔ་བཅུ་ང་གཅིག་པ་ངག་དབང་ཤེས་རབ་མཆོག་ནས་གྲུབ་ཆེན་སྐྱེར་སྒང་པ་ནས་བརྒྱུད་པའི་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་དང་། བོད་ཚེས་ཉེར་ལྔ་ལ་འདས་སོན་ཡོངས་ཀྱི་ཆེད་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྦྱིན་བསྲེགས་ལགས་པས་དེ་ལུགས་ཐུགས་ལ་འཇགས་པར་ཞུ།། དེ་ལས་མང་་་

ངག་རྩོམ།

ས་བསྟན་འགྲོ་བའི་ཉིན་བྱེད་དམར་པོ།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

ཆུང་ངུའི་དུས་ནས་འཇིག་རྟེན་ཁྱིམ་པའི་བྱ་གཞག་བསྐྱུར།། སྐུ་ན་དར་ལ་བབས་དུས་གཞན་ཡུལ་འགྲིམ་འགོ་བརྩམས།། ཁམ་བྱེ་རྫོང་གསར་སླེབས་ནས་བརྩོན་པའི་འོད་མདངས་རྒྱས།། དཀའ་སྤྱད་དང་དུ་ལེན་མཛད་མཁན་ཆེན་མཆོག་ལ་འདུད།། གོ་བའི་ཚུལ་བཞིན་སྤེལ་མཁས་བཅུ་གཉིས་བདག་པོ་མཆོག། ཚོགས་གཉིས་དྲི་མེད་ལྷ་དར་དཀར་པོ་དགུང་ལ་འདྲེན།། ན་རྟོག་ཕྲ་མོའི་ཆོས་ཉིད་འོད་ཀྱི་དཀྱིལ་འཁོར་རྫོགས།། བ་དཀར་མུ་ཏིག་མདངས་ལས་གསལ་བར་གུས་པས་འདུད།།གཤིས་འཇམ་ངང་རྒྱུད་རིང་བའི་འབོད་བརྡ་ཕྲ་མོ་ཞིག།དུས་ དེ་ལས་མང་་་

བཀའ་སློབ།

རྟ་ནག་མཁན་རིན་པོ་ཆེ་ངག་དབང་ཤེས་རབ་ཀྱི་ཚྭ་ཁར་གནང་བའི་དབང་བཤད།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

ངག་གི་སྒྲོན་མེས་གཞན་དོན་མ་ལུས་ལེགས་པར་བསྐྱངས་།།དབང་བསྐུར་བྱིན་རླབས་ཟབ་མོས་སྡིག་སྒྲིབ་ཐམས་ཅད་བྱང་།། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་སླད་ཐུགས་ཀྱིས་སྨོན།། མཁན་ཆེན་ངག་དབང་ཤེས་རབ་མཆོག་ལ་དང་བས་འདུད།། ས་དཀར་བསྟན་པའི་པདྨོ་འཛུམ་པའི་མཛེས་རིས་ཤིག ། ས་གསུམ་མུན་པ་ཁད་ཀྱིས་འབར་བའི་རལ་པ་ཅན།། ་འཛིན་དཀར་པོའི་འདབས་ནས་འཁྲུངས་པའི་བླ་ཆེན་ཞིག ། ས་བསྟན་ཡང་དག་སྐྱོང་མཛད་མཁན་ཆེན་གང་ལ་འདུད།།
གཏིང་མཐའ་མི་མངོན་རིག་པའི་གཞུང་ལུགས་རྣམ་དཔྱོད་ཡངས།། ཐབས་དང་ཟུང་
དེ་ལས་མང་་་

ངག་རྩོམ།

ལྷ་ས་ནས་ལྷ་ས་དྲན་པ།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

ལྷ་ས། ང་རང་ཆུང་དུས་ནས། འགྲོ་འདོད་པའི་ཕུགས་འདུན་གྱི་ཡུལ་གྲུ། མ་ཎི་འདོན་འདོན་བྱེད་མྱོང་བའི་གཏན་ཚིགས་བཅོས་མ་ཞིག ཁ་ཉིན་ཞིག་ལ།
ལས་སྨོན་གྱི་དམ་ཚིག་འོག་ཕུགས་འདུན་གྱི་ཡུལ་གྲུར། ངའི་རྐང་རྗེས་ཕྲ་མོ་ཞིག་འཇོག་བསྐལ་ཐོབ། འོན་ཏེ། དེང་གི་ལྷ་ས། སེམས་ངོས་ཀྱི་ལྷ་ས་དེ་མིན་ལ། དཔེ་དེབ་ནང་འཁོད་པའི་ལྷ་ས་དེ་བས་མིན། ང་ལམ་དག་ན་སྐད་ཡིག་ར་མ་ལུག ཆ་ལུགས་ཡ་མ་གཟུགས། སྤྱོད་དང་སྤྱོད་ཀྱིན་པའི་བོད་པའི་ན་ཟླ་ཚོ་མཐོང་ དེ་ལས་མང་་་

ཡུལ་སྲོལ་གོམས་གཤིས།

རྐང་གླིང་།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

༡ ངོ་སྤྲོད། རྐང་གླིང་ལ་དུང་དཀར་ཚིག་མཛོད་ལས། དཔའ་བོ་དམག་ཐོག་ཏུ་ཤི་བའམ། སྐྱེས་པའམ་བུད་མེད་གཙང་མ་རང་བཞིན་གྱིས་ཤི་བའི་རྐང་རུས་ལསབཟོས་པའི་གླིང་བུ་སྟེ། རྐང་གླིང་བཟོ་རྒྱུའི་ཆེད་དུ་མི་བསད་ནས་བཟོས་པའི་ལུགས་སྲོལ་དེ་འདྲ་ནང་བསྟན་ཆོས་ལུགས་ལ་གཏན་ནས་མེད། ཞེས་གསུངས་པ་དང་། ཚིག་མཛོད་ཆེན་མོ་ལས། སྔགས་ཀྱི་མཆོད་རྫས་བྱེ་བྲག་མིའི་བརླ་རྐང་རུས་ཀྱི་གླིང་བུ། ཞེས་གསུངས་པའི་ཕྱིར། འདི་ལ་སྔགས་འཆང་རྒྱན་གྱི་མེ་ཏོག་ལས། རྐང་གླིང་ནི། སྤྱིར་མི་རྐང་ དེ་ལས་མང་་་

དཔྱད་རྩོམ།

༧ དཔལ་ས་སྐྱ་པའི་གདུང་རབས་རིམ་བྱོན་བརྩི་ཚུལ།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

ཐོག་མར་འོད་གསལ་ལྷ་ཡི་གདུང་ནི། ༡༽གཡུ་རིང་། ༢༽མ་སངས་སྤྱི་རྗེ། ༣༽ཐོག་ཚ་དཔའ་པོ། ༤༽ཀླུ་ཚ་སྟག་པོ་འོད་ཅན། ༥༽གཡའ་སྤང་སྐྱེས།
དྲི་མེད་མཁོན་གྱི་གདུང་ནི། ༦༽འཁོན་བར་སྐྱེས། ༧༽འཁོན་དཔལ་པོ་ཆེ། ༨༽རྡོ་རྗེ་རིན་ཆེན། ༩༽ཤེས་རབ་ཡོན་ཏན། ༡༠༽ཡོན་ཏན་འབྱུང་གནས། ༡༡༽ཚུལ་ཁྲིམས་རྒྱལ་པོ། ༡༢༽གཙུག་ཏོར་ཤེས་རབ། ༡༣༽དགེ་སྐྱབས། ༡༤༽དགེ་མཐོང་། ༡༥༽འཁོན་སྟོན་བལ་པོ། ༡༦༽ཤཱཀྱ་བློ་གྲོས། ༡༧༽འཁོན་དཀོན་མཆོག་རྒྱལ་པོ།
དེ་ནས་དཔལ་ས་སྐྱའི་གདུང་ནི། ༡༨༽བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། ༡༩༽དཔལ་ཆེན་འོད་པོ། ༢༠༽ཟངས་ཚ་ དེ་ལས་མང་་་

1 46 47 48 49 50 70