གསར་འགྱུར།

དེ་རིང་ནི་རབ་བྱུང་གི་ལོ་གསར།

2018 ལོའི་ཟླ 11 ཚེས 24 ཉིན། གདོང་མཁན། 0

སྤྱིར་བཏང་ལོ་གསར་ནི་དུས་ཚིགས་ཀྱི་ཚེས་ཆ་ཐོག་མ་ངོས་བཟུང་ནས་ལོ་གསར་པ་བསུ་ཐབས་ཞིག་ཡིན་ཞིང་དེ་ཡང་མདོ་རྒྱུད་བསྟན་བཅོས་དང་ཡུལ་དུས་ཀྱི་བརྩི་ལུགས་དབང་ལས་དུས་ཚིགས་ཀྱི་ཐོག་མ་ངོས་འཛིན་འཛིན་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་ཡོངས་གྲགས་མཆུ་ཟླ་བ་སྟེ་ཧོར་ཟླ་དང་པོའི་ཚེེས་གཅིག་ཉིན་ལོ་མགོ་དང་དུས་མགོར་བཟུང་ནས་ལོ་གསར་པ་བསུ་བའི་དགའ་སྟོན་གཏོང་སྲོལ་ཡོད་མོད་འདིར་ཐུན་མིན་ནང་བསྟན་ཆོས་མངོན་པ་དང་འདུལ་བའི་ལུགས་ཀྱི་དུས་མགོ་ངོས་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་ཀུན་རིག་རྣམ་པ་སྣང་མཛད་ཀྱི་བྱང་ཆོག་གནང་བ།

2018 ལོའི་ཟླ 11 ཚེས 23 ཉིན། གདོང་མཁན། 0

སྤྱི་ལོ་༢༠༡༨ སྤྱི་ཟླ་༡༡ ཚེས༢༣ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ས་སྐྱ་ཆོས་སྒར་དུ་ཀུན་རིག་བྱང་ཆོག་བཀའ་དྲིན་བསྐྱངས་སྐབས་སུ་མཁའ་འགྲོ་མ་བདག་མོ་སྐལ་ལྡན་མཆོག་གིས་ཐུགས་འགན་གཙོ་བཞེད་ཐོག་ཏུ་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་ས་ནས་གཤིན་པོ་རྣམས་ཀྱི་མིང་བསྡུས་རུབ་བྱ་ཐབས་བྱས་པ་ལྟར། ས་ཕྱོགས་དུ་མ་ནས་མང་པོས་ཆ་ཤས་གོ་སྐབས་བླང་བྱུང་བ་རྣམས་དོན་སྨིན་ལྡན་པ་ཞིག་བྱུང་ཡང་། དུས་ཐོག་ཏུ་མ་ དེ་ལས་མང་་་

གསར་འགྱུར།

རྡོར་གདན་དུ་རྫོང་སར་སྨོན་ལམ།

2018 ལོའི་ཟླ 11 ཚེས 6 ཉིན། སྟག་ལྗོངས་འཆི་མེད། 0

སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དཔལ་ལྡན་ས་སྐྱའི་མཚན་མཆོག་གསུམ་ལྡན་གྱི་གདུང་སྲས་ཨ་བི་ཀྲྀ་ཏི་བཛྲ་རིན་པོ་ཆེ་དང་། གདུང་སྲས་ཨ་བྷཱ་ཡ་བཛྲ་རིན་པོ་ཆེ།རིས་མེད་བསྟན་པའི་མངའ་བདག་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུས་པའི་ཆོས་བརྒྱུད་རིས་མེད་ཀྱི་སྤྲུལ་སྐུ་རྣམ་པ། བཤད་གྲྭའི་མཁན་ཆེན་རྣམ་པ། གཞན་ཡང་བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭའི་དགེ་སློབ་ཡོངས་དང་། འཛམ་གླིང་ཕྱོགས་མཐའ་ཁག་ནས་ཆེད་དུ་སྨོན་ལམ་དང་གསུང་ཆོས་ལ་བཅར་བའི་བསྟན་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་༧ ས་སྐྱ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ལ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 11 ཚེས 5 ཉིན། གདོང་མཁན། 0

ཉེ་ཆར་༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་ཏེ་བསྟན་འགྲོའི་བྱ་གཞག་རླབས་པོ་ཆེའི་འཕྲིན་ལས་བསྐྱངས་མུས་ལྟར། འབྲས་ལྗོངས་ས་ངོར་ཆོས་ཚོགས་དང་ཁྱད་པར་དུ་༸སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་དང་དེ་གར་དགོན་པའི་ལས་ཀྱི་སྣེ་མོ་གཙོས་འདུས་སྤྱི་ནས་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ལྟར་སྐལ་བཟང་གི་ཉིན་མོ་སྔོན་དུ་བསུ་ནས་དེ་རིང་དཔལ་ཀརྨ་ཟུར་མང་བཤད་ དེ་ལས་མང་་་

གསར་འགྱུར།

རིན་མེད་སྨན་སྦྱིན་ལས་འགུལ་དང་གཙང་སྦྲའི་ལས་འགུལ།

2018 ལོའི་ཟླ 10 ཚེས 29 ཉིན། གདོང་མཁན། 0

དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་༸སྐྱབས་རྗེ་༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་བོད་ཟླ་༩ ཚེས་ ༡༤ ཕྱི་ཟླ་ ༡༠ ཟླ་༢༣་ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་དང་བཀྲ་ཤིས་དཔལ་ཁེལ་གླིང་ལ་རིན་མེད་སྨན་སྦྱིན་གནང་བ་དང་། དེ་བཞིན་དུ་བལ་ཡུལ་ལ་བོད་ཟླ་༩ ཚེས་ ༡༤ ཕྱི་ཟླ་ ༡༠ ཟླ་༢༣་ཉིན་བལ་ཡུལ་དགོན་སྡེ་ཁག་དང་། བལ་ཡུལ་རྒན་ དེ་ལས་མང་་་

གསར་འགྱུར།

ཡུ་རོབ་སྨོན་ལམ་གོ་སྒྲིག་ཆེད་ཚོགས་འདུ་ཐེངས་གསུམ་པ།

2018 ལོའི་ཟླ 10 ཚེས 25 ཉིན། སྟག་ལྗོངས་འཆི་མེད། 0

ཟླ་ཤས་སྔོན་ནས་གོ་སྡུར་བྱུང་དོན་བཞིན། ཐེངས་གསུམ་པའི་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་གོ་སྒྲིག་ཆེད་ཚོགས་འདུ་ཐེངས་གསུམ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་ཡུ་རོབ་རྒྱལ་ཁབ་བྷེལ་ཇང་གི་ནང་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པ་རྒྱལ་ཁབ་གང་ཞིག་གི་ནང་དུ་དེབ་སྐྱེལ་བྱེད་རྒྱུ་དང་། དེ་འབྲེལ་གྱི་ཚོགས་པའི་སྒྲིག་གཞི་བཅས་ཀྱི་སྐོར་ལ་གོ་སྡུར་ཡག་པོ་བྱུང་ཡོད་ཅིང་། དེ་རིང་ཚོགས་འདུ་དེའི་ཐོག་དབུས་དཔལ་ས་སྐྱའི དེ་ལས་མང་་་

གསར་འགྱུར།

དེ་རིང་དགུ་པའི་ཚེས་བཅུ་བཞི་ཉིན་ས་མཆོད་དུས་ཆེན།

2018 ལོའི་ཟླ 10 ཚེས 22 ཉིན། གདོང་མཁན། 0

དེ་རིང་བོད་ཟླ་དགུ་པའི་ཚེས་བཅུ་བཞི་ནི་དཔལ་ལྡན་ས་སྐྱ་པའི་སྲོལ་འབྱེད་འཁོན་དཀོན་མཆོག་རྒྱལ་པོ་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ། བསྟན་པའི་རྩ་ལག་དམ་པ་མགོན་པོ་བསོད་ནམས་མཆོག་ལྡན་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་དུས་ཆེན་དང་། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱ་པའི་བླ་ཆེན་རྣམ་པ་ཞལ་འཛོམས་ཐོག་ནས་༧ ངོར་ཀླུ་ལྡིང་མཁན་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ།

2018 ལོའི་ཟླ 10 ཚེས 21 ཉིན། གདོང་མཁན། 0

ངོར་ཆེན་རྡོ་རྗེ་འཆང་རྡོ་རྗེ་འཆང་དགའ་བཟང་པོའི་རྒྱལ་ཚབ ༧ སྐྱབས་མཆོག་ཤར་ཆེན་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཡི་མཚན་དཔེ་གསར་དུ་བཞད་པའི་དུས་བཟང་ཁྱད་པར་ཅན་དང་སྟབས་བསྟུན། གདན་ས་གཉིས་པ་འཕགས་ཡུལ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ། དཔལ་ས་སྐྱ་པ་ཆེན་པོ ༸སྐྱབས་མགོན་ ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཕུན་ཚོགས་ཕོ་བྲང་འཁོན་ དེ་ལས་མང་་་

གསར་འགྱུར།

ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་ཚོགས་འཆར་གྱི་ཚོགས་འདུ།

2018 ལོའི་ཟླ 10 ཚེས 18 ཉིན། སྟག་ལྗོངས་འཆི་མེད། 0

དེ་ཡང་བར་ལམ་ནས་ཡུ་རོབ་ཁུལ་གྱི་བརྩེ་ཆེན་ཚོགས་པ་དང་ས་སྐྱའི་ཆོས་ཚོགས་ཁག་ཐུན་མོང་ནས་གོ་སྡུར་བྱུང་དོན་བཞིན། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོའི་ཚོགས་པ་གསར་འཛུགས་དང་འབྲེལ་ཕྱི་ལོ་ ༢༠༡༩ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་རྗན་གྱི་ནང་དུ་སྐབས་དང་པོའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ཆེན་མོ་དངོས་སུ་ཚོགས་རྒྱུའི་ཐག་གཅོད་བྱུང་དོན་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་ས་གནས་སྦེལ་རྗན་རང་དུ་གོ་སྒྲིག་ཚོགས་འདུ་
དེ་ལས་མང་་་

གསར་འགྱུར།

གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ་ཆིབས་བསྒྱུར་གནང་།

2018 ལོའི་ཟླ 10 ཚེས 18 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །དེ་རིང་སྟེ། སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༠ ཚེས་༡༨ ཉིན་རིགས་དང་དཀྱིལ་འཁོར་རྒྱ་མཚོ་ཁྱབ་བདག་འཁོར་ལོའི་མགོན་པོ། ངེས་པ་དོན་གྱི་རྡོ་རྗེ་འཆང་། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་འཕགས་ཡུལ་རཱ་ཛ་སྤུར་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་ཡོད་པ་དང་། དཔལ་ས་སྐྱའི་གདན་ས་ཆོས་སྒར་དང་། བཤད་གྲྭ། སྒྲུབ་གྲྭ། བཙུན་དགོན། ས་ས་གནས་མི་མང་བཅས་ནས་ཕེབས་བསུ་ཟབ་རྒྱས་བྱས་ཞུས་ཡོད་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་ཆེད་སྒྲུབ་ཞག་འཚོགས་བཞིན་པ།

2018 ལོའི་ཟླ 10 ཚེས 17 ཉིན། གདོང་མཁན། 0

༧སྐྱབས་མཆོག་༸ཤར་ཆེན་༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཡི་མཚན་དཔེ་གསར་དུ་བཞད་པའི་དུས་བཟང་དང་སྟབས་བསྟུན། ཕྱི་ནང་དུ་བཞུགས་པའི་རང་ལུགས་འཛིན་པའི་ཁམས་ལི་ཐང་སེར་སྐྱ་མཆོག་དམན་ཡོངས་ནས་གོ་སྒྲིག་སྦྱིན་བདག་ཀྱིས་ གདན་ས་གཉིས་པ་འཕགས་ཡུལ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དབུས་མའི་ནང་། ༸སྐྱབས་རྗེ་ཕུན་ཚོགས་ཕོ་བྲང་འཁོན་གདུང་ཨ་བྷི་ཀི་ཏ་བཛྲ་རིན་པོ་ཆེ་མཆོག་དང་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ དེ་ལས་མང་་་

གསར་འགྱུར།

༧ དཔལ་ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་མཆོག་རྒྱ་གར་བྱང་ཤར་ཕྱོགས་སུ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 10 ཚེས 14 ཉིན། གདོང་མཁན། 0

ཉེ་ཆར་ཡོངས་རྫོགས་བསྟན་པའི་མངའ་བདག་འཛམ་གླིང་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་བོད་གཞིས་ཁག་ཏུ་ས་སྐྱ་པའི་དགོན་པ་དང་སྒྲུབ་སྡེ། སློབ་གྲྭ་ཁག་དང་། དེ་བཞིན་དུ་བོད་མིའི་གཞིས་གྲོང་ཁག་ཏུ་གཏན་ཉིན་སློབ་གྲྭའི་ཁག་ཏུ་ཕེབས་ནས་བཀའ་སློབ་ཟབ་རྒྱས་གནང་བ་དང་། འཇམ་དབྱངས་ཀྱི་རྗེས་གནང་དང་། འཇམ་དབྱངས་གཟུངས་སྔགས་གནང་བ། མི་མང་ལ་བཀའ་བསྒོ་ དེ་ལས་མང་་་

གསར་འགྱུར།

ཁོར་ཡུག་གཙང་བཟོའི་ལས་འགུལ།

2018 ལོའི་ཟླ 9 ཚེས 15 ཉིན། གདོང་མཁན། 0

དེ་རིང་སྤྱི་ལོ་2018/9/15 ཉིན་རྒྱ་གར་མངའ་སྡེ་རྡ་ར་ལྡུང་ས་གནས་ནེ་ཌི་ཝ་ལར་རྟེན་གཞི་བྱས་པའི་དཔལ་ཝཾ་ཆོས་སྡེ་ཆེན་མོ་ངོར་མ་དགོན་གྱི་དགེ་འདུན་རྣམ་པ་དང་དཔལ་གསང་ཆེན་རྒྱུད་གྲྭའི་དགེ་འདུན་རྣམ་པ་དེ་བཞིན་ཨ་ནེ་བཤད་གྲྭའི་བཙུན་མ་རྣམ་པ། དེ་བཞིན་དུ་གླིང་ཚང་གཞིས་ཆགས་སུ་གླིང་གེ་སར་སློབ་གྲྭའི་དགེ་སློབ་རྣམ་པ་བཅས་ཐུན་མོང་ནས་༧ སྐྱབས་མགོན་ས་སྐྱ་༧་གོང་མ་ཁྲི་རྡོ་རྗེ་འཆང་མཆོག་ཚེ་ཡུན་རིང་དུ་བརྟན་པའི་ཆེད་དུ་དམིགས དེ་ལས་མང་་་

གསར་འགྱུར།

༧ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཆི་ཁཱ་སྒོར་ཞབས་སོར་འཁོད་པ།

2018 ལོའི་ཟླ 9 ཚེས 14 ཉིན། གདོང་མཁན། 0

༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་སྐུ་ཕྲེང་༤༡ མཆོག་སྤྱི་ལོར་ 2018 ལོའི་སྤྱི་ཟླ་བརྒྱད་པའི་ནང་ལྷའི་བུ་མི་ཡུལ་དུ་བྱོན་པ་ལྟར་དགའ་དད་སྤྲོ་གསུམ་གྱིས་བྱང་ཨ་རིས་ས་གནས་ཆི་ཁྭ་སྒོ་རུ་དད་ལྡན་མི་མང་རྣམས་ཀྱིས་ཁ་དར་དཀར་བོ་དང་དྲི་ཞིམ་སྤོས་ཀྱིས་དུད་པའི་ཁྲོད་ནས་དངོས་སུ་ཞབས་སོར་བཀོད། གུས་པའི་བརྩེ་བའི་གྲོགས་དབྱིན་བོད་ཕོ་མོ་རྣམས་དང་བརྩེ་བའི་ནང་མི་སྤུན་མཆེད་ལ་སོགས་པའི་རྒྱབ་བསྐྱོར་འོག་༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་མཆོག་ དེ་ལས་མང་་་

གསར་འགྱུར།

བདེ་བར་གཤེགས་པ་མཁན་ཆེན་མིག་དམར་མཆོག་གི་དགོངས་རྫོགས་མཆོད་འབུལ་སྔོན་བརྡ།

2018 ལོའི་ཟླ 9 ཚེས 13 ཉིན། གདོང་མཁན། 0

༧མདོ་སྔགས་རབ་འབྱམས་སྨྲ་བའི་དབང་པོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བདེ་བར་གཤེགས་པ་མཁན་ཆེན་ལེགས་བཤད་ཀུན་དགའ་འམ། ཡོངས་གྲགས་སུ་མཁན་པོ་མིག་དམར་ཞེས་ཞུ་བ་གང་ཉིད་ཕྱི་ལོ་ ༡༩༩༩ ཕྱི་ཟླ་ ༢ ཚེས་ ༡༤ ཉིན་དགོངས་པ་ཞིང་གཞན་དུ་གཏད་ནས་ད་བར་མི་ལོ་ཧྲིལ་པོ་ཉི་ཤུ་ལོན་ལ་ཉེ་བའི་སྐབས་འདིར། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་འདུས་སྤྱིའི་ངོས་ནས་དམ་པ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་འགྲུབ་ཏུ་རྫོགས་ཤིང་། ལེགས་མཛད་བཟང་ དེ་ལས་མང་་་

1 15 16 17 18 19 27