གསར་འགྱུར།

ཐང་སྐྱ་དགོན་པའི་ལོ་གཅིག་དུས་གཅིག་གི་རྡོ་རྗེ་ཕུར་པའི་སྒྲུབ་མཆོད།

2018 ལོའི་ཟླ 4 ཚེས 28 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དེ་ཡང་དེང་སྐབས་ཁམས་ཀྱི་དཔལ་ས་སྐྱའི་ཆོས་སྡེ་ཆེན་མོ་དཔལ་ལྡན་ཐང་སྐྱ་དགོན་དུ་འཚོག་བཞིན་པའི་དཔལ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོ་འདི་ནི། དུས་འགྱུར་མ་བྱུང་བའི་སྔོན་སྟེ་སྤྱི་ལོ་༡༩༤༠ ཡར་མར་ཞིག་ནས་༡༩༥༨ ཞིག་ལ་རྫོང་སར་མཁན་རབས་བཞི་པ་མཁན་ཆེན་བྲག་གཡབ་བློ་གྲོས་མཆོག་གིས་དབུ་བཙུགས་པ་དང་། སྤྱི་ལོ་༡༩༥༩ནས་བར་སྐབས་ཤིག་གི་རིང་རྒྱུན་ཆད་ཀྱང་སླར་ཡང་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ་༡༩༨༣ལོར་བསྟན་པ་སླར་གསོའི་རྗེས་ཏེ་སྤྱི་ལོ་༡༩༨༥ལོར་ དེ་ལས་མང་་་

གསར་འགྱུར།

སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མ་ར་ཏི་ཀར་གནས་གཟིགས་དང་ཚོགས་མཆོད་འབུལ་གནང་འདུག

2018 ལོའི་ཟླ 4 ཚེས 26 ཉིན། གདོང་མཁན། 0

ཉེ་ཆར་༧ སྐྱབས་རྗེ་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་སློབ་དཔོན་ཆེན་མོ་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་གནས་མཆོག་སྒྲུབ་ཕུག་མཱ་ར་ཏི་ཀར་གནས་གཟིགས་དང་སྦྲགས་ཁ་སང་ཚེས་བཅུའི་ཉིན་སློབ་དཔོན་ཡབ་ཡུམ་གཉིས་ཀྱིས་འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པས་མགོན་པོ་ཚེ་དཔག་མེད་ཀྱིས་མངོན་གསུམ་དུ་ཞལ་གཞིགས་ཤིག་དབང་བསྐུར་བས་འཆི་མེད་ཚེ་ཡི་རིག་འཛིན་རྙེད་པའི་སྒྲུབ་གནས་ཁྱད་པར་ཅན་དེ་ཉིད་དུ་ཚོགས་མཆོད་འབུལ་བ་དང་རྒྱལ་བསྟན་སྤྱི་དང་བྱེ་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག་ལ་ཨ་རི་དབུས་གཙང་ཆོལ་ཁས་བརྟན་བཞུགས་འབུལ་འཆར་འདུག

2018 ལོའི་ཟླ 4 ཚེས 22 ཉིན། གདོང་མཁན། 0

རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ། སློབ་དཔོན་གུ་རུ་པདྨ་སཾབྷ་མཆོག་གི་རྣམ་པ་རོལ་བའི་འཁོན་གདུང་སྐྱབས་མགོན་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་ལ་ཨ་རིར་གནས་སྡོད་པ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུ་འཆར། དེ་ཡང་ཨ་རི་ས་གནས་དབུས་གཙང་ཆོལ་ཁའི་ཕུན་ཚོགས་སྡེ་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་བཀའ་བརྒྱུད་ཀརྨ་བསོད་ནམས་དར་རྒྱས་ཆོས་ཚོགས་སུ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 4 ཚེས 21 ཉིན། གདོང་མཁན། 0

དཔལ་མཚན་མཆོག་གསུམ་ལྡན་གྱི་མངའ་བདག་དཔལ་ལྡན་ས་སྐྱ་པའི་བསྟན་པའི་སྲོག་ཤིང་ཆེན་པོ་༧ སྐྱབས་མགོན་གོང་མ་རིན་པོ་ཆེ་ཁྲི་རབས་༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཟླ་འདིའི་སྤྱི་ཚེས་༢༠ ཉིན་བཀའ་བརྒྱུད་ཀརྨ་བསོད་ནམས་དར་རྒྱས་གླིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞབས་སོར་ཆིབས་བསྒྱུར་བསྐྱངས་བ་དང་ཆོས་ཚོགས་ཀྱི་མཆོག་སྤྲུལ་དྲི་མེད་ཀུན་ལྡན་རིན་པོ་ཆེ་མཆོག་གི་མནྜལ་དང་རྟེན་གསུངས་བསྲ་ཕུལ་གནང་བ་དང་། སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་ཆེན་མཆོག་ཨ་རི་དཔལ་ལྡན་འབྲུག་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 4 ཚེས 21 ཉིན། གདོང་མཁན། 0

དེ་རིང་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་ཨ་རི་ཉོག་ཡོག་དཔལ་ལྡན་འབྲུག་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐབས་སུ་ཨ་རི་ས་སྐྱ་དགོན་པའི་མཁན་རིན་པོ་ཆེ་བྱམས་པ་བསྟན་འཕེལ་དང་ཆོས་ལྡན་དཔལ་ལྡན་འབྲུག་པའི་དད་ལྡན་མང་ཚོགས་ནས་ཕེབས་བསུ་དང་སྦྲགས་ཨ་རིའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཀྱི་ཁག་གི་མཁན་པོ་དང་སྤྲུལ་སྐུ། དགེ་བཤེས་དང་དགེ་འདུན་སོགས དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཨ་རི་དང་ཐར་རྩེ་མཁན་ཆེན་མཆོག་ཐེན་ཝན་ལ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 4 ཚེས 21 ཉིན། གདོང་མཁན། 0

༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་སྤྱི་ཟླ ༧ པའི་ནང་དུ་ཨ་རི་ས་སྐྱ་དགོན་པའི་ནང་དུ་ཆིབས་བསྒྱུར་གནང་འཆར་འདུག དེ་ཡང་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ནང་བསྟན་ཆོས་ལུགས་ལས་ཤི་གསོན་གྱི་གནད་དོན་ངོ་སྤྲོད་གནང་འཆར། (dharma for life and death) (生死之法) སྤྱི་ལོ ༢༠༡༨/༧/ ༢༢ ཉིན་སྔ་དྲོའི་ཆུ་ཚོད ༡༠:༣༠ ནས་ཉིན་དགུང་ཆུ་ཚོད ༡༢ བར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་མཁའ་འགྲོ་མ་བྱེ་བ་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་མཆོག་ཤེས་རབ་དང་སྙིང་རྗེའི་བསྐོར་གྱི་བགྲོ་གླེང་ལ་མཉམ་ཞུགས་གནང་འདུག

2018 ལོའི་ཟླ 4 ཚེས 21 ཉིན། གདོང་མཁན། 0

སྤྱི་ལོ་༢༠༡༨ ཟླ་བ་༤ པའི་ཚེས་༢༠ རེས་གཟའ་པ་སངས་ཉིན་ལ་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག་ཉིད་ཆེན་༧དཔལ་ས་སྐྱ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་དང་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་རིན་རྒྱལ་དགེ་དཀྲིས་(Richard Gere) རྣམ་གཉིས་ཀྱིས་སྟོབས་ཆེན་ཨ་རིའི་ས་གནས་ནིའུ་ཡོག་གྲོང་ཁྱེར་ནང་དུ་བོད་ཀྱི་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་ དེ་ལས་མང་་་

གསར་འགྱུར།

༸ སྐྱབས་མགོན་ ༸ གོང་མ་ཁྲི་འཛིན་མཆོག་ཁེ་ན་ཌ་ཆིབས་བསྒྱུར་དང་༸ སྐྱབས་རྗེ་ཁང་གསར་ཞབས་དྲུང་རིན་པོ་ཆེ་ཧང་ཀོང་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 4 ཚེས 19 ཉིན། གདོང་མཁན། 0

༄༅། །གངས་ལྗོངས་བཤད་སྒྲུབ་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱའི་༸སྐྱབས་མགོན༸གོང་མ་རཏྣ་བཛ་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༨ ཟླ་བ་༤ ཚེས་ ༡༨་ཉིན་ཁེ་ན་ཌ་ལ་ཆིབས་བསྒྱུར་གནང་བ་དང་ས་གནས་ཁེ་ན་ཌའི་བོད་རིགས་ཚོགས་པ་དང་སྐྱིད་སྡུག་ཁག་གི་སྐུ་ཚབ། ཆོས་ཚོགས་ཁག་གི་སྐུ་ཚབ་དང་མི་མང་བཅས་ནས་ཕེབས་བསུ་དང་སྦྲགས་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཞབས་སོར་བཀོད་པ་དང་། དེ་གར་གོ་སྒྲིག་ཚོགས་པས་ངོས་ནས་མཎྚལ་སྐུ་གསུང་ཐུགས་རྟེན་ དེ་ལས་མང་་་

གསར་འགྱུར།

རྫོང་གསར་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་རྫོགས་མཆོད་འབུལ།

2018 ལོའི་ཟླ 4 ཚེས 16 ཉིན། གདོང་མཁན། 0

སྤྱི་ལོ ༢༠༡༨ ཟླ་བ་ ༥ པའི་ཚེས ༤-༥ ཉིན་གཉིས་ཀྱི་རིང་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ ༸ སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཧྲིལ་པོ་བཅུ་འཁོར་བའི་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཤིག་གནང་རྒྱུ་དང་། དེ་ཡང་བསྟུན་ནས་སྤྱིས་ཚེས ༥ ཉིན་ལ་བདེ་བར་གཤེགས་པ་མཁན་ཆེན་མཆོག་གི་ཚེམས་དང་ཚེམས་ལས་འཁྲུངས་པའི་རིང་བསྲེལ་མཇལ་ཁ་གནང་རྒྱུ་དང་། དེ་ཡང་ཚེམས་དང་རིང་ དེ་ལས་མང་་་

གསར་འགྱུར།

༧ གོང་མ་ཁྲི་ཆེན་མཆོག་གིས་ལྗགས་བརྩམས་གནང་བའི་སེམས་དང་སྙིང་གི་བཅིང་བཀྲོལ་ཞེས་པའི་ཕྱག་དཔེ་གསར་འཐོན།

2018 ལོའི་ཟླ 4 ཚེས 15 ཉིན། གདོང་མཁན། 0

སྤྱི་ལོ ༢༠༡༨/༤/༢༣ རེས་གཟའ་ཟླ་བའི་དགོངས་དྲོའི་ཕྱག་ཚོད་ ༧ པ་ནས་ ༨ དང་ཕྱེད་ལ་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གིས་ལྗགས་བརྩམས་གནང་བའི་༼སེམས་དང་སྙིང་གི་བཅིང་བཀྲོལ།༽ཡང་ན་༼སེམས་དང་སྙིང་གི་རང་དབང་།༽ ཡང་ན་༼སེམས་ཚོར་དང་སྙིང་ཁམས་ཀྱི་འགོག་མེད། ༽ ཡང་ན་༼ སེམས་དང་སྙིང་ལ་རང་དབང་སྤྲོད་ཚུལ།༽ ཞེས་པའི་དབྱིན་གྱི་ཕྱག་དཔེ་དེབ་ཕྲེང་གཉིས་པ་ཞིག་༼Freeing the དེ་ལས་མང་་་

གསར་འགྱུར།

འཕགས་ཡུལ་རྫོང་གསར་བཤད་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོ།

2018 ལོའི་ཟླ 4 ཚེས 15 ཉིན། གདོང་མཁན། 0

དེ་རིང་འཕགས་ཡུལ་དཔལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཙུག་ལག་སློབ་གཉེར་ཁང་ཆེན་མོར་སྤྱི་ལོ་ ༢༠༠༥ ལོ་ནས་༢༠༡༧ ལོའི་བར་དུ་གཙུག་ལག་སློབ་གཉེར་ཁང་འདིའི་ནང་དུ་དགའ་སྐྱིད་སྤྲོ་གསུམ་དང་ལྡན་པའི་འཚོ་བ་རོལ་བར་དང་འཕགས་བོད་ཀྱི་གསུང་རབ་བམ་གཞུང་ཆེན་བཅུ་གསུམ་མམ་གྲགས་ཅན་བཅོ་བརྒྱད་མཚོན་པའི་གཞུང་ཆེན་ཁག་ལ་གསན་བསམ་ཚུལ་བཞིན་དུ་གནང་ནས་ལོ་ངོ་ཧྲིལ་པོ་བཅུ་གཉིས་བརྒལ་ཟིན་པའི་དེ་རིང་སློབ་མ་སོ་སོས་སྦྱངས་འབྲས་ལ་གདེངས་ཚོད་རྙེད་པ་དང་ དེ་ལས་མང་་་

གསར་འགྱུར།

སྐལ་བཟང་ལྔ་རིག་གླིང་དུ་སློབ་གཉེར་ལ་ཕེབས་པའི་སློབ་འཇུག་སྔོན་བརྡ།

2018 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

སྐལ་བཟང་དགོན་གྱི་བཤད་གྲྭ་ལ་སློབ་གཉེར་དུ་ཕེབས་པར་དགའ་བསུ་ཡོད།སྒ་ཁྲི་འདུ་སྐལ་བཟང་དགོན་གྱི་བཤད་གྲྭ་ལྔ་རིག་བཀྲ་ཤིས་ཆོས་འཁོར་གླིང་དུ་ཟུར་གྲྭའམ་རང་དགོན་གྱི་གྲྭ་བ་མ་ཡིན་པ་སུ་ཡང་ཕེབས་ཆོག་པའི་བརྡ་འཕྲིན་ནི། ལྔ་ཟུང་རིག་པའི་འབྱུང་གནས་ཁམས་རྫོང་སར་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་དམ་པ་གཞན་ཕན་སྙིང་པོའམ་བསམ་གྲུབ་མཆོག་གི་ཐུགས་ཁུར་ལ་བརྟེན་ནས་མདོ་སྔགས་རབ་འབྱམས་པ་མཁན་འགུ་ཟི་པད་བློ་འམ་་༼པདྨ་བློ་གྲོས༽མཆོག་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་སྒ་ཨ་གཉན་དམ་པ དེ་ལས་མང་་་

གསར་འགྱུར།

༸གོང་མ་ཡབ་སྲས་ཞལ་འཛོམས་དང་བླ་ཆེན་རྣམ་པའི་མཛད་རིམ་སྙིང་བསྡུས།

2018 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

དེ་རིང་བྱང་ཨ་རིའི་དཔལ་ས་སྐྱའི་གདན་ས་ཆེན་མོ་བརྩེ་ཆེན་ཀུན་ཁྱབ་གླིང་དུ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་མགོན་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་ཡབ་སྲས་དང་དཔལ་རྒྱལ་ཡུམ་ཆེན་མོ་བཅས་ཞལ་འཛོམས་གནང་འདུག་པ་དང་། ཁེ་ན་ཊ་ཁྲོ་རོན་ཀྲོར་ས་སྐྱ་ཆོས་འཁོར་གླིང་གིས་གོ་སྒྲིག་འོག་དཔལ་༧ སྐྱབས་མགོན་༧ ས་སྐྱ་གོང་མ་ཁྲི་འཛིན་༤༢ པ་མཆོག་མི་འགྱངས་པར་ཁེ་ན་ཊ་རོན་ཀྲོར་ཕེབས་འཆར་དང་མཛད་རིམ་སྔོན་སོང་ དེ་ལས་མང་་་

གསར་འགྱུར།

མདོ་ཁམས་རྫ་རྒྱུད་ས་སྐྱ་དགོན་དུ་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭ་གསར་འཛུགས།

2018 ལོའི་ཟླ 4 ཚེས 12 ཉིན། གདོང་མཁན། 0

ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ ༤ པའི་ནང་དུ། མདོ་ཁམས་རྫ་རྒྱུད་ས་སྐྱ་དགོན་བརྩེ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་གི་བཤད་གྲྭ་བཀྲ་ཤིས་བརྩེ་ཆེན་གླིང་དུ་བོད་ཡིག་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭ་ཐེངས་དང་པོ་བསྡུས་ཡོད་པ་རེད། དེ་ཡང་དགོན་འདིའི་བསྟན་པའི་བདག་པོ་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་སངས་རྒྱས་འཕྲིན་ལས་བསྟན་པའི་རྒྱལ་མཚན་མཆོག་ནས་བླ་ན་མེད་པའི་ཐུགས་ཁུར་དང་ཕྱི་ནང་གི་མཐུན་རྐྱེན་ཡོངས་རྫོགས་སྐྲུན་གནང་མཛད་པ་ལ་བཅས་ལ་བརྟེན་ནས། ད་ཐེངས་ཀྱི་མཛད་ དེ་ལས་མང་་་

གསར་འགྱུར།

དཔལ་ལྡན་ས་སྐྱ་དགོན་པར་བཀའ་དབང་ཟབ་མོ་ལེགས་པར་བསྩོལ་གནང་མཛད་པ།

2018 ལོའི་ཟླ 4 ཚེས 9 ཉིན། གདོང་མཁན། 0

གདན་སའི་ཆོས་ཚོགས་གོ་སྒྲིག་ལྷན་གྱིས་ཐུགས་དགོངས་ཆེར་བཞེས་མཛད་ནས་གདན་སའི་དམའ་རིམ་སློབ་གྲྭའི་བཙུན་གསར་རྣམ་པ་རྒྱུད་སྡེ་ཁག་གི་སྒྲུབ་མཆོད་ཀྱི་ལས་ལ་དབང་བ་སོགས་ཀྱིས་མཚོན་དམིགས་བསལ་དགོས་མཁོར་ཆེད་གཟིགས་ཀྱིས་རང་ཅག་རྣམས་པའི་ཚེ་རབས་གཏན་གྱི་སྐྱབས་མཆོག་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོར་གྱུར་བ་དཔལ་གདན་ས་སྐྱ་ངོ་མཚར་སྤྲུལ་པའི་ལྷ་ཆེན་གྱི་ཁྲི་རབས་༤༧པ་ཕ་བླ་མ་རྡོ་རྗེ་འཆང་༧བྱམས་པ་མཐུ་སྟོབས་སེང་གེ་བཀྲིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོར་ཇི་ དེ་ལས་མང་་་

1 18 19 20 21 22 27