གསར་འགྱུར།

བྱང་ཨ་རི་དཔལ་ས་སྐྱའི་སྨོན་ལམ་གསལ་བསྒྲགས་འཕར་མ།

2018 ལོའི་ཟླ 3 ཚེས 9 ཉིན། གདོང་མཁན། 0

དེ་ཡང་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པ་སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༧ ཚེས་༡༣- ༡༤- ༡༥ བཅས་ཉིན་གསུམ་གྱི་རིང་ལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་གནང་ཐོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཨ་རིའི་ས་གནས་མི་ནི་སོ་ཊ་མངའ་ དེ་ལས་མང་་་

གསར་འགྱུར།

༸དཔལ་ས་སྐྱའི་ཁྲི་འཛིན་མཆོག་ནས་ཐེ་ཝན་དུ་རྡོ་རྗེ་ཕུར་པའི་དབང་ཆེན་སྩོལ་བ།

2018 ལོའི་ཟླ 3 ཚེས 9 ཉིན། གདོང་མཁན། 0

དེ་རིང་ཆོ་འཕྲུལ་ཟླ་བའི་ཚེས་ ༢༣ ཉིན་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཐེ་ཝན་རྒྱལ་སའི་ཁུལ་དུ་ཆོས་ཚོགས་ཁག་གི་མཁན་སྤྲུལ་དང་དགེ་འདུན། འཕྲལ་དུ་ཕེབས་པའི་མཁན་སྤྲུལ་དང་དགེ་འདུན་ཡང་མང་ཕེབས་འདུག་པ་དང་རྒྱལ་ཕྱི་ནང་གི་དད་ལྡན་བོད་རྒྱ་མི་རིགས་ཀྱི་མང་ཚོགས་ལ་སྙིགས་མ་ལྔ་བདོའི་འགྲོ་བའི་མགོན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནས་བརྒྱུད་པའི་འཁོན་ལུགས་དཔལ་ཆེན་རྡོ་རྗེ་ཕུར་ དེ་ལས་མང་་་

གསར་འགྱུར།

རིགས་གཏེར་དཔྱིད་ཆོས་ཆེན་མོ།

2018 ལོའི་ཟླ 3 ཚེས 7 ཉིན། གདོང་མཁན། 0

དེ་རིང་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་དེ་ཡང་ཀུན་མཁྱེན་ཆེན་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེང་དགེ་མཆོག་གི་་འདས་མཆོད་དངབསྟུན་ནས་དཔལ་ས་སྐྱ་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོར་སྤྱི་ལོ་ ༢༠༡༨/༣/ཚེས /༧ ནས་༢༡ བར་དུ་འཚོགས་འཆར་མཆིས། དེ་ཡང་དཔལ་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ། དཔལ་ས་སྐྱ་མཐོ་སློབ་ཏུ་དབུས་དཔལ་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་ཞུས་པའི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཚོགས་མགོན་དུ་ དེ་ལས་མང་་་

གསར་འགྱུར།

དགོངས་རྫོགས་དུས་མཆོད་བསུ།

2018 ལོའི་ཟླ 3 ཚེས 7 ཉིན། གདོང་མཁན། 0

དེ་རིང་ནི༌སྤྱི༌ལོ༌༢༠༡༨/༣/༧ ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་ཉེར་གཅིག་ཡིན། ཉིན་འདི་ནི་ས་དཀར་རྗེས་པ་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་ཁྱོན་ནས་དུས་མཆོད་སྔོན་བསུ་དང་མཆོད་བསྟོད་གསོལ་འདེབས། དགེ་སྒྲུབ་དཀར་ཟས་སོགས་ལ་འབོད་འབུངས་གནང་བཞིན་ཡོད། དེ་ཡང་བོད་བརྒྱུད་ནང་བསྟན་པའི་རྗེས་འཇུག་ཚོའི་ངོས་ནས་བཤད་ན་ཧ་ཅང་གལ་ཆེན་གྱི་ཉིན་མོ་ཞིག་སྟེ། གངས་ལྗོངས་མཛེས་པར་བྱེད་པའི་རྒྱན་དགུ་ལས་མདོ་སྔགས་གཉིས་ཀ་ལ་མཁས་པའི་མཚན་དུ་གྲགས་པའི་ཀུན་མཁྱེན་ཆོས་ཀྱི་ དེ་ལས་མང་་་

གསར་འགྱུར།

མཁན་ཆེན་པདྨ་དམ་ཆོས་མཆོག་གི་དགོངས་རྫོགས་དུས་མཆོད།

2018 ལོའི་ཟླ 3 ཚེས 5 ཉིན། གདོང་མཁན། 0

༄༅། །མཚན་བརྗོད་པ་དཀའ་ཞིང་དོན་གྱི་སླད་དུ་མཚན་ཅུང་ཙམ་སྨྲོས་ན་རྫོང་གསར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་མཁན་ཆེན་པདྨ་དམ་ཆོས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་གཉིས་ལོན་པའི་དུས་ཁྱད་པ་ཅན་འདི་དང་བསྟུན་ནས་དུས་འཁོར་རྩ་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་བར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར།། ཞེས་གསུང་པ་ནང་བཞིན་རྫོང་གསར་ དེ་ལས་མང་་་

གསར་འགྱུར།

དམག་ཟོར་རྒྱལ་མོའི་འབུམ་ཚོགས།

2018 ལོའི་ཟླ 3 ཚེས 2 ཉིན། གདོང་མཁན། 0

ཕུན་ཚོགས་ཕོ་བྲང་གི་གདུང་སྲས་༸སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག དེ་བཞིན་དུ་གདུང་སྲས་ཨ་བྷ་ཡ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ངོར་ཀླུ་ལྡིང་སྐུ་གཞོན་མཁན་རིན་པོ་ཆེ་མཆོག་དང་འཕགས་པའི་དགེ་འདུན་འདུས་ཚོགས་ཀྱིས་སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༥ ནས་ཟླ་ ༣ ཚེས་ ༣ ཉིན་བར་འཛམ་གླིང་ནང་དུ་ནད་མུག་འཁྲུག་རྩོད་སོགས་རང་ས་ཞི་སྟེ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་། སྤྱི་ དེ་ལས་མང་་་

གསར་འགྱུར།

ས་དགོན་གཞི་རིམ་སློབ་གྲྭ་ཁག་གི་དག་རྒེན་རྣམས་ལ་གླ་ཆ་འབུལ་འཆར།

2018 ལོའི་ཟླ 3 ཚེས 1 ཉིན། གདོང་མཁན། 0

དེ་རིང་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཚོགས་པའི་ཡིག་ཚང་ནས་གསལ་བསྒྲགས་སྤེལ་པར་གཞིགས་ན་གཞི་རིམ་སློབ་གྲྭ་ཡོད་པའི་རང་རེད་དཔལ་ལྡན་ས་སྐྱ་པའི་དགོན་སྡེ་ཁག་གི་དགེ་རྒན་རྣམས་ཀྱི་ཟླ་རེའི་གླ་ཆ་འབུལ་རྒྱུ་ཡིན་པའི་གཏན་ཁེལ་ཟིན་པའི་ཡིག་ཆ་གསལ་བསྒྲགས་སྤེལ་འདུག དེ་ཡང་༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་དགོངས་དང་༧ སྐྱབས་མགོན་ས་སྐྱ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ལམ་སྟོན་འོག་དབུས་དཔལ་ལྡན་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་༧ ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་གནང་བར།

2018 ལོའི་ཟླ 2 ཚེས 26 ཉིན། གདོང་མཁན། 0

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༦ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཤར་ཨེ་ཤེ་ཡའི་མཚོ་གླིང་ཡུལ་གྲུ་ཐེ་ཝན་དུ་ཞབས་སོར་འཁོད་པ་དང་། གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། ཆོས་ཚོགས་ཁག་གི་མཁན་བླ་སྤྲུལ་རྣམ་པ། དད་ལྡན་མང་ཚོགས་བཅས་ཀྱིས་ཕེབས་བསུ་རྒྱ་ཆེ་ཞུས་པ་དང་། མཛད་འཆར་ལྟར་ན་ཕྱི་ཟླ་གསུམ་པའི་ཚེས་ ༡ ནས་ ༡༦ བར་བདུན་ཕྲག་གཉིས་ལྷག་ཙམ་རིང་དད་ལྡན་མང་ཚོགས་ལ་ཆོས་ དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་ཆོས་སྒར་དུ་ཚེ་རྟ་ཟུང་འབྲེལ་གྱི་དབང་གནང་བ།

2018 ལོའི་ཟླ 2 ཚེས 25 ཉིན། གདོང་མཁན། 0

༄༅། །དེ་རིང་བོད་ཚེས་བཅུ་ཉིན་ལ་དཔལ་ལྡན་ས་སྐྱའི་ཆོས་སྒར་གྱི་འདུས་སྤྱི་ནས་ཇི་ལྟར་གསོལ་བར་བཏབ་པ་བཞིན་༧ དཔལ་ས་སྐྱའི་༧ སྐྱབས་མགོན་༧ གོང་མ་༧ ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཞལ་སྔ་ནས་མི་མང་ལ་ལོ་གསར་གྱི་ཆོས་འབྲེལ་ཚེ་རྟ་ཟུང་འབྲེལ་གྱི་འཆི་མེད་ཚེ་དབང་ཟབ་མོའི་དབང་གི་བཀའ་དྲིན་བསྐྱངས་གནང་བ་དང་འཕགས་པའི་དགེ་འདུན་གྱི་སྡེ་དང་གཉུག་མ་གནས་པའི་བོད་མི་དང་འཕྲལ་དུ་ཕེབས་པའི་བོད་རིགས་སོགས་ཧ་ཅང་མང་པོ་ཕེབས་འདུག དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན༧ ས་སྐྱ་༧ གོང་མ་༧ ཁྲི་འཛིན་མཆོག་ནས་རྟ་ཕྱག་ཁྱུང་གསུམ་གནང་བ།

2018 ལོའི་ཟླ 2 ཚེས 24 ཉིན། གདོང་མཁན། 0

༄༅། ། སྤྱི་ལོ་༢༠༡༨ སྤྱི་ཟླ་༢ ཚེས་༢༤ ཉིན་ལ་ཧི་མ་ཅལ་མངའ་ཁུངས་སུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཆེན་མོ་ཐུབ་བསྟན་རྣམ་རྒྱལ་གླིང་གི་ཆོས་རྭའི་མདུན་ཐང་དུ་དེ་རིང་བོད་ཚེས་དགུ་ཉིན་ལ་༧ དཔལ་༧ སྐྱབས་མགོན་༧ ས་སྐྱ ༧ གོང་མ་༧ ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཞལ་སྔ་ནས་ལོ་གསར་པའི་ནང་དུ་ཆོས་འབྲེལ་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་བཀྲ་དྲིན་བསྐྱངས་བཞིན་པའི་རྣམ་པ། དེ་ལས་མང་་་

གསར་འགྱུར།

༧ དཔལ་ས་སྐྱའི་༧ སྐྱབས་མགོན་༧ གོང་མ་ཁྲི་འཛིན་མཆོག་པོ་ཏཱ་ལ་ཚོགས་ཁང་དུ་ཆོས་བསྒྱུར་གནང་བ།

2018 ལོའི་ཟླ 2 ཚེས 24 ཉིན། གདོང་མཁན། 0

དེ་རིང་བོད་ཚེས་བརྒྱད་ཉིན་སྔ་དྲོ་ལྡེ་ར་ལྡུན་བདེ་སྐྱིད་གླིང་གཞི་ཆགས་ཀྱི་པོ་ཏ་ལ་ཚོགས་ཁང་དུ་བོད་བརྒྱུད་ན་ལེན་དྲའི་ཤེས་ཡོན་དར་སྤེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ༧དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་བོད་བརྒྱུད་ན་ལེནྡྲའི་ཤེས་ཡོན་དར་སྤེལ་དབུ་འབྱེད་དང་བཀའ་སློབ་བཀྲ་དྲིན་བསྐྱངས་གནང་བ་དང་འབྲེལ་ཉིན་རྒྱབ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་སྙིང་དོན་ཆོས་འབྲེལ་བཀྲ་དྲིན་བསྐྱངས་གནང་མཛད། མཁོ་སྤྲོད་བདེ་གླིང་འཇིགས་མེད།
དེ་ལས་མང་་་

གསར་འགྱུར།

ཆོས་བརྡ་གསལ་བསྒྲགས།

2018 ལོའི་ཟླ 2 ཚེས 20 ཉིན། གདོང་མཁན། 0

དཔལ་༧སྐྱབས་མགོན་༧ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༡༨ དང་འདི་ཟླ་བའི་སྤྱི་ཚེས་ ༢༤ སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ས་སྐྱ་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་དུ་དད་ལྡན་མི་མང་ཡོངས་ལ་ཆོས་འབྲེལ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་བསྩལ་གཏན་འཁེལ་བས་ཆོས་བརྡ་གསལ་བསྒྲགས་སུ། དཔལ་༧སྐྱབས་མགོན་༧ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ དེ་ལས་མང་་་

གསར་འགྱུར།

སྐུ་ཞབས་མཁའ་འགྲོ་མ་བདག་མོ་སྐལ་ལྡན་མཆོག་ངོར་ཨེ་ཝཾ་ཆོས་སྡེ་རུ་ཆིབས་བསྒྱུར་གནང་བ།

2018 ལོའི་ཟླ 2 ཚེས 13 ཉིན། གདོང་མཁན། 0

དེ་རིང་ཉིན་རྒྱབ་ཏུ་༧ སྐྱབས་མགོན་༧ ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བདག་མོ་མཁའ་འགྲོ་མ་སྐལ་ལྡན་མཆོག་གླིང་ཚང་གཞི་ཆགས་སུ་གནས་པའི་དཔལ་ཨེ་ཝཾ་ངོར་ཆོས་སྡེ་ཆེན་མོ་རུ་ཀླུ་སྡིངས་(ཀླུ་ལྡིང་།) བླ་བྲང་དུ་༧ ཀླུ་སྡིངས་མཁན་ཆེན་རྡོ་རྗེ་འཆང་མཆོག་དམིགས་བཀར་མཇལ་བཅར་དང་༧ ཀླུ་སྡིངས་སྐུ་གཞོན་མཇལ་བཅར་གསེར་ཞལ་ལྷན་འཛོམས་འདུག དེ་རིང་ཉིན་རྒྱབ་ཏུ་༧ སྐྱབས་མགོན་༧ ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ དེ་ལས་མང་་་

གསར་འགྱུར།

༧ སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་བདག་མོ་མཁའ་འགྲོ་མ་སྐལ་ལྡན་རྣམ་གཉིས་ཞལ་འཛོམས་གནང་བ།

2018 ལོའི་ཟླ 2 ཚེས 13 ཉིན། གདོང་མཁན། 2

འདི་ཟླ་བའི་སྤྱི་ཚེས ༡༢ ཉིན་ལ་དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་༧སྐྱབས་མགོན་༧ ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བདག་མོ་སྐུ་ཞབས་མཁའ་འགྲོ་མ་སྐལ་ལྡན་མཆོག་རྣམ་པ་གཉིས་གསེར་ཞལ་ལྷན་འཛོམས་ཐོག་ཞལ་དྲོ་བའི་བཀའ་མོལ་ལྷུག་པོར་གནང་འདུག འདི་ཟླ་བའི་སྤྱི་ཚེས ༡༢ ཉིན་ལ་དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་༧སྐྱབས་མགོན་༧ ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བདག དེ་ལས་མང་་་

གསར་འགྱུར།

བོད་མེ་བྱ་ལོའི་ས་པཎ་གླེང་ཚོམས་ཆེན་མོའི་ལས་རིམ།

2018 ལོའི་ཟླ 2 ཚེས 13 ཉིན། གདོང་མཁན། 0

ཁ་སྔོན་ས་པན་གླེང་ཚོམས་ཆེན་མོའི་དྲྭ་ཚིགས་སུ་མཁས་དབང་བརྒྱད་ཙམ་གདན་ཞུ་ལྟར་འཆད་ཁྲིད་གནང་འདུག ད་རན་རྒྱུན་ལས་ཚོགས་པས་གཏན་འབེབས་བྱས་པའི་གདན་ཞུས་མཁས་དབང་རྣམ་པའི་ངོ་སྤྲོད་དང་བརྗོད་བྱ་ཁག ༡༽ འཆད་ཁྲིད་པ། མཁན་པོ་འཆི་མེད་ཚེ་རིང་། བརྗོད་བྱ། མངོན་དགའི་བཞི་མཆོད་དང་འབྲེལ་བའི་དུས་ཆེན་ཁག་བརྩི་སྲུང་གི་དགེ་མཚན། ༢༽ འཆད་ཁྲིད་པ། དགེན་བསོད་ནམས་ལྷུན་འགྲུབ། བརྗོད་བྱ། གདམས་ངག་ཞེན་པ་བཞི་བྲལ། ༣༽ འཆད་ཁྲིད་པ། མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས། དེ་ལས་མང་་་

1 20 21 22 23 24 27