གསར་འགྱུར།

ངོར་དཔོན་སློབ་དྲུག་ཅུའི་སྒྲུབ་མཆོད་ཆེན་མོ།

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

ཁ་རྩང་དེ་རིང་དཔལ་ལྡན་ས་སྐྱ་པ་ངོར་ཨེ་ཝཾ་ཆོས་སྡེ་གདན་ཆེན་མོའི་དཔོན་སློབ་དྲུག་ཅུ་ཞེས་པའི་སྒྲུབ་མཆོད་ཆེན་མོ་ཚོགས་དང་འཚོགས་མུས་རེད། དེ་ཡང་དཔལ་ལྡན་ས་སྐྱ་ངོར་ཨེ་ཝཾ་པའི་ལོ་རྒྱུས་ཐོག་གི་དཔོན་སློབ་དྲུག་ཅུ་ཞེས་པ་འདི་ནི་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ལ་བསྟེན་པའི་སྒྲུབ་ཐབས་ཀྱི་ཐོག་ནས་གཏོར་འཕེན་གནང་ཚུལ་ཞིག་ཡིན་པ་དང་། སྒྲུབ་མཆོད་འདི་ནི་ངོར་ལུགས་ཐུན་མིན་གྱི་གདངས་དབྱངས་དང་། རྔ་རོལ། མཉམ་སྒྲོག་དུང་དང་རྒྱ་གླིང་། མདོར་ན་འབུད དེ་ལས་མང་་་

གསར་འགྱུར།

སྐུ་ཞབས་རིན་ཆེན་རྡོ་རྗེ་མཆོག་བླ་བསྐོས་སུ་བསྐོ་གཞག་གནང་འདུག

2018 ལོའི་ཟླ 2 ཚེས 12 ཉིན། གདོང་མཁན། 0

ཁ་རྩང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ནས་སྐུ་ཞབས་རིན་ཆེན་རྡོ་རྗེ་མཆོག་ངམ་རིང་རྫོང་ཁོང་ལུང་ཆུང་དགོན་པར་བླ་བསྐོས་སུ་བཏང་བའི་སྐལ་བཟང་གི་དུས་འདིར་གཉུག་མ་གནས་པའི་སྐྱ་སེར་དང་འཕྲལ་དུ་ཕེབས་པའི་སྐྱ་སེར་ཧ་ཅང་མང་པོ་འདུ་འཛོམས་ཐོག་ནས་མཇལ་དར་སྒྲོན་པ་དང་ཞལ་ཏོག་སོགས་ཀྱི་ཕེབས་སྐྱེལ་གོ་སྒྲིག་གནང་འདུག ཁ་རྩང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ནས་སྐུ་ཞབས་རིན་ཆེན་རྡོ་རྗེ་མཆོག་ངམ་རིང་རྫོང་ཁོང་ལུང་ཆུང་ དེ་ལས་མང་་་

གསར་འགྱུར།

ཆོས་བརྡ་གསལ་བསྒྲགས།

2018 ལོའི་ཟླ 2 ཚེས 11 ཉིན། གདོང་མཁན། 0

རྒྱ་ཆེ་བའི་དད་ལྡན་ཡོངས་ལ་ཞུ་གསོལ།རྟ་ནག་ཕུ་ཚྭ་ཁ་སྒྲུབ་སྡེ་དགོན་དུ་སང་ཉིན་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བཞི་ལ་རྟ་ནག་ཐུབ་བསྟན་དགོན་པའི་མཁན་རབས་ལྔ་བཅུ་ང་གཅིག་པ་ངག་དབང་ཤེས་རབ་མཆོག་ནས་གྲུབ་ཆེན་སྐྱེར་སྒང་པ་ནས་བརྒྱུད་པའི་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་དང་། བོད་ཚེས་ཉེར་ལྔ་ལ་འདས་སོན་ཡོངས་ཀྱི་ཆེད་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྦྱིན་བསྲེགས་ལགས་པས་དེ་ལུགས་ཐུགས་ལ་འཇགས་པར་ཞུ།། དེ་ལས་མང་་་

གསར་འགྱུར།

ས་སྐྱའི་གཞི་རིམ་དགེ་འོས་སྐབས་དང་པོ་ལེགས་གྲུབ།

2018 ལོའི་ཟླ 2 ཚེས 10 ཉིན། གདོང་མཁན། 0

དབུས་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་ཞུས་པའི། ས་སྐྱའི་གཞི་རིམ་དགེ་འོས་སྐབས་དང་པོའི་སློབ་མ་རྣམས། ཕྱི་ལོ་༢༠༡༨ ཟླ་བ ༡ ཚེས་༢༨ ནས། ཟླ་བ ༢ ཚེས་༩ བར། དཱེ་ར་དཱུན་ཁུལ་དུ་ཡོད་པའི་ས་སྐྱ་གཙུག་ལག་སློབ་གྲྭ་དང་། ས་ཆེན་སློབ་གྲྭ ངོར་མ་དགོན་གྱི་སློབ་གྲྭ བདེ་སྐྱིད་གླིང་སམ་བྷོ་ཊ་སློབ་གྲྭ་བཅས་སུ་སྐོར་བསྐྱོད་སློབ་ཁྲིད་དང་། སློབ་ཁྲིད་ཡིག་རྒྱུགས་ལེགས་པར་གྲུབ་ཏེ་སྨོན་ལམ་རྒྱུན་ལས་དང་ལྷན་དུ་༧སྐྱབས་མགོན་ དེ་ལས་མང་་་

གསར་འགྱུར།

ཁ་བའི་ཁྲོད་དུ་རྫོང་གསར་བཤད་གྲྭའི་ལོ་མཇུག་ཡིག་རྒྱུགས་ཆེན་མོ།

2018 ལོའི་ཟླ 2 ཚེས 10 ཉིན། གདོང་མཁན། 0

སྤྱི་ལོ ༢༠༡༨ ལོར་བོད་ཡུལ་མདོ་ཁམས་མཁས་གྲུབ་བྱེའི་འབྱུང་གནས་ཁམས་ཀྱི་བྱེ་མ་ཐང་དཔལ་རྫོང་སར་བཤད་གྲྭའི་ལོ་མཇུག་གི་རྒྱུགས་སྤྲོད་ལ་ཉེ་བའི་སྐབས་ཀྱི་འཛིན་གྲྭ་སོ་སོས་བསྐྱར་སྦྱོང་བྱེད་བཞིན་པ་དང་། དེ་བཞིན་ལོ་མཇུག་གི་རྒྱུགས་སྤྲོད་དངོས་ཀྱི་སྐབས་སུ་རིག་ལམ་ལ་བྱང་བའི་བློ་གྲོས་དཔའ་ངར་ཆེས་ཆེར་འབར་བ་ཞིག རྒྱ་བོད་གཞུང་ལུགས་དག་ལ་གདམས་པར་ཤར་བའི་ཉམས་ལེན་གར་སྟབས་ལྡིང་ཞིག ཟབ་དོན་མདོ་སྔགས་ཀྱི་གཞུང་གི་ཚིག་སྦྱོར་ལ་མཁས་པའི་ངག་གི་དཔལ་ཏེ་ དེ་ལས་མང་་་

གསར་འགྱུར།

དེ་རིང་ཉིན་རྒྱབ་༧ སྐྱབས་མགོན་༧ ས་སྐྱ་༧ གོང་མ་༧ ཁྲི་འཛིན་མཆོག་ངོར་དགོན་དུ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 2 ཚེས 8 ཉིན། གདོང་མཁན། 0

༄༅། །དེ་རིང་ཉིན་རྒྱབ་༧ སྐྱབས་མགོན ༧ ས་སྐྱ་གོང་མ་༧ ཁྲི་འཛིན་རིན་པོ་ཆེ་མཆོག་ངོར་དགོན་དུ་ཆིབས་བསྒྱུར་གནང་ཡོད་པ་མ་ཟད་ཀླུ་སྡིངས་བླ་བྲང་དུ་ཕེབས་ནས་༧ སྐྱབས་རྗེ་ཀླུ་སྡིངས་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་ཞལ་འཛོམས་གནང་ཡོད་པ་དང་། དེ་བཞིན་དུ་༧ སྐྱབས་རྗེ་ཀླུ་སྡིངས་སྐུ་གཞོན་སོགས་ཞལ་འཛོམས་བྱུང་ཡོད་འདུག ༄༅། །དེ་རིང་ཉིན་རྒྱབ་༧ སྐྱབས་མགོན ༧ ས་སྐྱ་གོང་མ་༧ ཁྲི་འཛིན་རིན་པོ་ཆེ་མཆོག་ངོར་དགོན་དུ་ཆིབས་བསྒྱུར་གནང་ཡོད་པ་མ་ དེ་ལས་མང་་་

གསར་འགྱུར།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་ཟློག་ཚོགས་མཆོད།

2018 ལོའི་ཟླ 2 ཚེས 8 ཉིན། གདོང་མཁན། 0

༄༅། །བྱེས་ཀྱི་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝཾ་ཆོས་སྡེ་ཆེན་པོ་དུ་ ༧ སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དབུར་བཞུགས་ཐོག་ཏུ་གཉུག་མར་གནས་པའི་དགེ་འདུན་པ་བཅས་ནས་ལོ་གཅིག་གི་སྒྲུབ་མཆོད་དང་བསྙེན་བཀུར་རམ་རིམ་གྲོ་བླ་ན་མེད་པའམ་བར་ཆད་སེལ་བའི་གཏོ་བཅོས་ཆེད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་ཟློག་ཚོགས་མཆོད་གནང་བཞིན། ༄༅། །བྱེས་ཀྱི་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝཾ་ཆོས་སྡེ་ཆེན་པོ་དུ་ ༧ སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ དེ་ལས་མང་་་

གསར་འགྱུར།

ས་སྐྱའི་གཞི་རིམ་དགེ་འོས་སྐབས་དང་པོའི་སློབ་མ།

2018 ལོའི་ཟླ 2 ཚེས 8 ཉིན། གདོང་མཁན། 0

དཔལ་ས་སྐྱའི་སྨོན་ལམ་ཚོགས་པས་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་ཞུས་པའི། ས་སྐྱའི་གཞི་རིམ་དགེ་འོས་སྐབས་དང་པོའི་སློབ་མ་རྣམས། ཕྱི་ལོ་༢༠༡༨ ཟླ་བ ༡ ཚེས་༢༨ ནས། ཟླ་བ ༢ ཚེས་༧ བར། དཱེ་ར་དཱུན་ཁུལ་དུ་ཡོད་པའི་ས་སྐྱ་གཙུག་ལག་སློབ་གྲྭ་དང་། ས་ཆེན་སློབ་གྲྭ ངོར་མ་དགོན་གྱི་སློབ་གྲྭ བདེ་སྐྱིད་གླིང་སམ་བྷོ་ཊ་སློབ་གྲྭ་བཅས་སུ་སྐོར་བསྐྱོད་སློབ་ཁྲིད་དང་། སློབ་ཁྲིད་ཡིག་རྒྱུགས་ཆེད་ཕེབས་སློབ་མ་ཚོའི་སློབ་ཁང་དུ་ཆེད་སྦྱོང་གནང་བའི་བཞིན་གསར་ དེ་ལས་མང་་་

གསར་འགྱུར།

རྫ་ས་སྐྱ་བཤད་གྲྭ་དང་དགེ་རྒན་བསྐོ་བཞག་མཛད་སྒོ།

2018 ལོའི་ཟླ 2 ཚེས 7 ཉིན། གདོང་མཁན། 0

རྫ་ས་སྐྱ་བཤད་གྲྭ་བཀྲ་ཤིས་བརྩེ་ཆེན་གླིང་ནི། དཔལ་ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔ་ལས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་ཕྱག་བཏབ་པའི་ཆོས་སྡེ། བོད་ཡུལ་མདོ་ཁམས་གླིང་ཚང་རྫ་རྒྱུད་ས་སྐྱ་དགོན་བརྩེ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཆགས་ཡོད་ཅིང་། དཔལ་གྲུབ་པའི་དབང་ཕྱུག་སངས་རྒྱས་ཕུན་ཚོགས་ཀྱི་ཡང་སྤྲུལ་ངག་དབང་སངས་རྒྱས་འཕྲིན་ལས་བསྟན་པའི་རྒྱལ་མཚན་མཆོག་གི་ཐུགས་བསྐྱེད་དང་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་ཕྱི་ནང་གི་ཆ་རྐྱེན་ཡོངས་རྫོགས་ལྡན་པའི་ དེ་ལས་མང་་་

གསར་འགྱུར།

ཁམས་བྱེ་རྫོང་གསར་བཤད་གྲྭའི་ལོ་མཇུག་བྲིས་རྒྱུགས་ཆེན་མོ།

2018 ལོའི་ཟླ 2 ཚེས 7 ཉིན། གདོང་མཁན། 0

༄༅། །དེ་རིང་ནས་བཟུང་བོད་ཡུལ་ཁམས་བྱེ་སྡེ་དགེ་རྫོང་གསར་བཤད་གྲྭ་ཆེན་མོ་ལྔ་རིག་ཐུབ་བསྟན་དར་རྒྱས་སློབ་གླིང་གི་སློབ་གཉེར་བ་རྣམས་ཀྱིས་ལོ་མཇུག་གི་ཡིག་ཚད་ཉིན་གསུམ་གྱི་རིང་དུ་བྲིས་རྒྱུགས་སྤྲོད་བཞིན་པ་དང་རྒྱུགས་ལེན་པ་རྫོང་གསར་མཁན་ཆེན་མཆོག་དང་ཝཱ་ར་བཤད་གྲྭའི་ལས་ཐོག་མཁན་ཆེན། དུང་མདོ་བཤད་གྲྭའི་ལས་ཐོག་མཁན་ཆེན། འགུ་ཟི་མཁན་པོ། ཤུག་ར་མཁན་པོ། བཅས་གཟིགས་ཀྱིས་ཞིབ་གནང་བཞིན་པའི་ཆོས་གྲྭ་ཆེན་མོའི་ནང་གི་ཟུར་ཞིག་གི་རྣམ་པའོ། དེ་ལས་མང་་་

གསར་འགྱུར།

མོན་གྷོ་ས་སྐྱ་དགོན་ནས་ཉིན་ལྔའི་ཆོས་སྐྱོང་བསྐང་འཕྲིན་སྒྲུབ་མཆོད།

2018 ལོའི་ཟླ 2 ཚེས 7 ཉིན། གདོང་མཁན། 0

མོན་གྷོ་དཔལ་ལྡན་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་མཁན་སློབ་འདུས་མང་ཡོངས་ཀྱི་དད་གུས་སྤྲོ་གསུམ་གྱི་ངང་ནས་ཕྱི་ལོ་༢༠༡༨ ཕྱི་ཟླ་ ༢ ཚེས་ ༧ ནས་ ༡༡ བར་ཉིན་ལྔའི་རིང་ཡི་དམ་ཆོས་སྐྱོང་རྣམས་ལ་ཐུགས་མཉེས་པར་བྱེད་པའི་ལོ་གཏོར་ཆེན་མོ་སྲུང་མའི་བསྐང་འཕྲིན་རྒྱས་པ་དང་། ཐུགས་གསོའི་ཆོ་ག་སོགས་མཆོད་དབྱངས་སྙན་པོ་འདོན་པའི་སྒོ་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་སྔར་བཅོལ་གྱི་ལས་སངས་རྒྱས་བསྟན་པ་ལེགས་པར་བསྐྱངས་ དེ་ལས་མང་་་

གསར་འགྱུར།

ཆོས་བརྡ་གསལ་བསྒྲགས།

2018 ལོའི་ཟླ 2 ཚེས 5 ཉིན། གདོང་མཁན། 0

བོད་ཚེས་ ༣ པའི་རེས་གཟའ་ཉི་མའི་ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་ཏུ་༧ སྐྱབས་རྗེ་འཁོན་གདུང་ཨ་བའི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་ས་གནས་བྷེ་ཡེ་རི་དཔལ་བརྩེ་ཆེན་གླིང་གི་ཚོགས་ཁང་ནང་དུ་ཆིབས་བསྒྱུར་གནང་བར་དང་སྦྲགས་རབ་གནས་མཛད་སྒོ་དང་མང་ཚོགས་ལ་མཇལ་བཅར། དེ་བཞིན་དུ་ལོ་གསར་པའི་ནང་དུ་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་ཕྱིར་ཐུགས་སྨོན་བྱིན་རླབས་དམ་རྫས་གནང་རྒྱུ་ལགས་ན་དད་ལྡན་མང་ཚོགས་གང་མང་ཕེབས་ཐུབ་པའི་རེ་སྨོན་ དེ་ལས་མང་་་

གསར་འགྱུར།

མོན་གྷོའི་དཔལ་ལྡན་ས་སྐྱའི་ཆོས་སྒར་དུ་སྐབས་ལྔ་པའི་ས་པཎ་དགུན་ཆོས་ཆེན་མོ་ལེགས་གྲུབ།

2018 ལོའི་ཟླ 2 ཚེས 4 ཉིན། གདོང་མཁན། 0

ཕྱི་ལོ་༢༠༡༨/༢/༤ ཉིན་མོན་གྷོ་དཔལ་ལྡན་ས་སྐྱའི་ཆོས་སྒར་བརྩེ་ཆེན་མདོ་སྔགས་ཆོས་གླིང་ནང་བསྟན་གཙུག་ལག་སློབ་གཉེར་ཁང་དུ་མན་ན་ལི་ནས་ཕེབས་པའི་བཤད་གྲྭ་བ་རྣམས་དང་འདི་གའི་བཤད་གྲྭ་བ་རྣམཕྱི་ལོ་༢༠༡༨/༢/༤ ཉིན་མོན་གྷོ་དཔལ་ལྡན་ས་སྐྱའི་ཆོས་སྒར་བརྩེ་ཆེན་མདོ་སྔགས་ཆོས་གླིང་ནང་བསྟན་གཙུག་ལག་སློབ་གཉེར་ཁང་དུ་མན་ན་ལི་ནས་ཕེབས་པའི་བཤད་གྲྭ་བ་རྣམས་དང་འདི་གའི་བཤད་གྲྭ་བ་རྣམས་ལྷན་འཛོམས་ཐོག་བདུན་ཕྲག་གསུམ་རིང་ཚན་མ་རིགས་གཏེར་ལ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་ཕན་ཚུན་སོ་སོའི་རྣམ་དཔྱོད་བརྗེ་རེས་གནང་སྟེ་སྐབས་ལྔ་པའི་ས་པཎ་དགུན་ཆོས་ཆེན་མོ་ལེགས་པར་གྲུབ་པའི་དྲན་རྟེན་གྱི་བརྙན་པར་རོ། ཕྱི་ལོ་༢༠༡༨/༢/༤ ཉིན་མོན་གྷོ་དཔལ་ལྡན་ས་ལྷན་འཛོམས་ཐོག་བདུན་ཕྲག་གསུམ་རིང་ཚན་མ་རིགས་གཏེར་ལ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་ཕན་ཚུན་སོ་སོའི་རྣམ་དཔྱོད་བརྗེ་རེས་གནང་སྟེ་སྐབས་ལྔ་པའི་ས་པཎ་དགུན་ཆོས་ཆེན་མོ་ལེགས་པར་གྲུབ་པའི་དྲན་རྟེན་གྱི་བརྙན་པར་རོ། དེ་ལས་མང་་་

གསར་འགྱུར།

ཨིན་དུ་ནི་ཤ་ཡའི་ཡོད་པའི་གནས་ཆེན་ཁག་ལ་གནས་གཟིགས།

༧སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། སྐུའི་གཅུང་པོ་༧སྐྱབས་མཆོག་འཁོན་གདུང་ཨ་བྷཱ་ཡ་བཛྲ་རིན་པོ་ཆེ། སྐུའི་རྨོ་རྨོ་བདག་ཡུམ་ཆེན་མོ་བཅས་ལྷན་དུ་དད་ལྡན་སློབ་འབངས་ཁག་གཅིག་(Indonesia) ཨིན་དུ་ནི་ཤ་ཡའི་རྒྱལ་ཁབ་ཏུ་ཡོད་པའི་གནས་ཆེན་བོ་རོ་བུ་དྷུར་གཙོས་པའི་ནང་པའི་དགོན་རྙིང་ཁག་ལ་གནས་གཟིགས་སུ་ཕེབས་པ། སྔོན་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གནས་ཆེན་དེར་གསན་པའི་བཀའ་དབང་ཟབ་མོ་ཞིག་ཐེངས་འདིར་༧འཁོན་གདུང་རིན་ དེ་ལས་མང་་་

གསར་འགྱུར།

བོད་རྩིས་ལས་མངོན་པའི་དེ་རིང་གི་ཟླ་འཛིན་དུས་ཚོད་སོགས་གསལ་བོར་འདུག

2018 ལོའི་ཟླ 2 ཚེས 1 ཉིན། གདོང་མཁན། 0

དེ་རིང་སྟེ་ཕྱི༌ལོ་༢༠༡༨ཟླ་༡ཚེས་༣༡སྟེ་བོད་མེ་བྱ་ལོའི་ཟླ་༡༢ཚེས༌༡༥རེས༌གཟའ་ལྷག༌པའི་ཉིན་གྱི་ཆུ༌ཚོད་༡༩ དང་སྐར༌མ་༤༨ ཐོག་སྒྲ༌གཅན༌གདོང་གིས་བྱང་ཉེའི་ཤར་གྱི་ཕྱོགས༌ནས་ཟླ་བ་སྒྲིབ་འགོ༌རྩོམ༌པ་དང་། ཆུ༌ཚོད་༢༠ སྐར༌མ་༥༢ ཐོག་ཟླ༌བའི༌དཀྱིལ༌འཁོར་ཡོངས༌སུ་བསྒྲིབ་པར་འགྱུར། ཆུ༌ཚོད་༢༡ དང་སྐར་མ་༣༠ ཐོག་སྒྲིག་པའི་མཐར༌ཐུག་སྟེ་ཁ༌དོག་དམར༌ནག་ཏུ་འགྱུར། ཆུ༌ཚོད་༢༢ དང་སྐར༌མ་༨ ཐོག་ལྷོ་ཉེ་ཤར་གྱི་ཕྱོགས༌ནས་རིམ༌བཞིན་གསོ་མགོ་ཚུགས། ཆུ༌ དེ་ལས་མང་་་

1 21 22 23 24 25 27