བཅད་རྩོམ།

མེ་ཏོག་འཐུ་བའི་གཞོན་ནུ་མ།

ཉི་ཟླ་ཟུང་གི་རྣ་ཏོག་ཅན་པོ་མཐོ་རིས་ཡུལ་གྱི་ལྷ་མོ་སྟེ།།
སྤྲིན་དཀར་དར་གྱི་སྐ་རགས་ལྷོད་ནས་སྙིང་སྟོབས་ཅན་ལ་རེ་ཞིང་སྒུག །
མཐིང་མདོག་གོས་ཀྱི་ལྭ་བ་གྱོན་ནས་ཨ་སྔོན་དབྱིངས་སུ་སྒེག་ཉམས་སྟོན།།
ཆར་གྱིས་བཀྲུས་པའི་གདོང་གི་ངོགས་སུ་དགའ་བས་ཕྱུག་པའི་སྐར་ཚོགས་ཤར།།

དྭངས་གསལ་ཤེལ་གྱི་མེ་ལོང་ངོས་སུ་འབྲོག་གི་བུ་མོའི་གཟུགས་བརྙན་ཤར།།
མིག་གིས་རོལ་བའི་མདུན་གྱི་རི་མོ་ཤེས་རབ་ལྷ་མོའི་སྣང་བརྙན་བཞིན།།
ཡིད་ལ་འཁྱུད་པའི་མཛེས་པའི་ཉམས་འགྱུར་ དེ་ལས་མང་་་

བཅད་རྩོམ།

མི་གཙང་བརྟག་པའི་ལེའུ།

རང་བྱུང་གཙང་མས་གྲུབ་ཀྱང་ངོ་བོ་མི་གཙང་།།
ཤ་རུས་པང་ན་ཡོད་རུང་སེམས་ཀྱིས་མི་གཅེས།།
ཕངས་མེད་གང་སར་དོར་བའི་རྐུབ་ཀྱི་ཕྲུ་གུ།
འཁོར་བའི་ཐབ་ཚང་འདི་ན་ཁྱོད་ལས་སྡུག་ཅི།།

གདོང་བཞི་ཞལ་གྱི་འདུ་བས་གཡོས་སུ་བྱས་ཤིང་།།
ཆེན་པོ་གནམ་གྱི་རྒྱལ་པོས་སྐུ་ལས་མཆེད་ཀྱང་།།
རིགས་དྲུག་རྨི་ལམ་གྲོང་ན་ཉིད་ལས་དམན་གཅིག།
ད་དུང་སྲིད་འདིར་མེད་ན་ཁྱོད་ལས་སྡུག་ཅི།།

ཁྲི་ཆེན་བླ་མའི་ལྟོ་བ་ཁྱོད་ཀྱིས་གདན་བཏིངས།།
མི་ཆེན་དཔོན་པོའི་སྐུ་ཡང་ཁྱོད་ཀྱིས་བྲན་བཀོལ། དེ་ལས་མང་་་

བཅད་རྩོམ།

མིང་མེད་པའི་ཁྱོད།

ལས་ཀྱི་ང་གཉིས་འཁོར་བའི་ཐང་ནས་སྦྲེལ།།
སྐྱིད་སྡུག་སྣ་ཚོགས་མྱོང་བཞིན་མུ་ནས་འགྲོ།།
ང་གཉིས་གོམ་ཁ་སྔོན་དུ་གཏད་ནས་འགྲོ།།
གཟུགས་མེད་སེམས་པ་རྗེས་ན་ལུས་ས་མེད།།

ཁྱོད་ཉིད་བཞད་ཚེ་ང་ཡི་འཇིག་རྟེན་བཞད།།
ཁྱོད་ཉིད་སྨྲེང་ན་ང་ཡི་འཁོར་བ་སྐྱོ།།
ཁྱོད་ནི་ང་དང་འབྲེལ་བ་ཆེས་ཟབ་པས།།
ཁྱོད་ཀྱི་དགའ་སྐྱོ་ང་ཡི་དགའ་སྐྱོ་ཡིན།།

ཁྱོད་ཀྱི་ལང་ཚོའི་མེ་ཏོག་གད་པ་འདི།།
འཇིག་རྟེན་འདི་ཡི་སོ་མའི་དངོས་པོ་ཡིན།།
དེ་ཉིད་ང་ལ་དབང་བའི་ནོམ་པ་ཡིན།།
བསོད་ དེ་ལས་མང་་་

བཅད་རྩོམ།

ཕྱི་ནང་གི་འཕོ་ཉུལ།

ཕྱི་ཨ་གསར་གྱི་སྒྲུན་རྩོད་བྲེལ་མྱུར་ཆེ་ཞིང་།།
ནང་རྣམ་རྟོག་གི་ཉོན་མོངས་དྲག་ཏུ་ལྡང་རུང་།།
སེམས་རང་གཤིས་ཀྱི་ལྕགས་རི་བརྟན་པོར་གྱུར་ན།།
བྱ་ལད་མོ་ཡི་ཟློས་གར་འཁྲབ་དགོས་མེད་དོ།།

ཕྱི་ཟང་ཟིང་གི་དགྲ་ཉོན་བསླུ་འབྲིད་རྒོད་ཅིང་།།
ནང་ཀུན་རྟོག་གི་བཟེ་རེ་སྒུལ་ཤུགས་ཆེ་རུང་།།
སེམས་ཞི་གནས་ཀྱི་ཏིང་འཛིན་བསྐྱེད་པ་ནུས་ན།།
ལས་སྒྲུན་སེམས་ཀྱི་མཚོ་མོར་བརྒལ་དགོས་མེད་དོ།།

ཕྱི་དུས་རབས་ཀྱི་འཕོ་འགྱུར་རབ་ཏུ་སྐྱེན་ཞིང་།།
ནང་དགའ་སྐྱོ་ཡི་ཚོར་འདུ་ངེད་མེད་སྐྱོམ་རུང་།། དེ་ལས་མང་་་

བཅད་རྩོམ།

ཁོད་སྙོམས་མེད་པའི་འཇིག་རྟེན།

འཇིག་རྟེན་ཁམས་འདི་ཅི་འདྲ་མཚར་པོ་འདུག །
ལ་ལའི་གདོང་ལ་འཛུམ་མདངས་ངོ་ནས་འགྲོ །
ལ་ལའི་མིག་མཐར་མཆི་མ་བརླན་ནས་འགྲོ །
ཁོད་སྙོམས་མེད་པའི་འཇིག་རྟེན་མི་ཡུལ་འདི། །

རླུངའཚུབ་དྲག་པོ་བཞིན་དུ་ཡིན་སྣང་ཤར། །
ལ་ལའི་གྲོད་པ་ལྟོགས་ནས་འཆི་འགྲོ་བས། །
ལ་ལའི་ཟས་ལ་འདང་ག་བྱས་ན་ཆོག །
ཁོད་སྙོབས་མེད་པའི་འཇིག་རྟེན་མི་ཡུལ་འདི། །

མེ་ཆེན་དྲག་པོ་བཞིན་དུ་ཅི་མ་མཚུངས་། །
ལ་ལའི་དབང་ལྡན་གྲོད་པ་འཚོང་ནས་བསྡད །
ལ་ལའི་དབང་མེད་རྒྱལ་ཁམས་འགྲན་ནས་ཡོང་། ། དེ་ལས་མང་་་

བཅད་རྩོམ།

སད་སྐལ་གྱི་སྙན་ངག་ཆེད་བསྒྲིགས།

ཆར་པ་ཟིམ་ཟིམ་དུ་བབས་བྱུང
བརླན་གཤེར་གྱི་རྡུལ་ཕྲན་རེ་རེ་དང་བཅས
མེ་ཏོག་གི་བྲང་ལ་ཐིམ་སོང
དབྱར་ཁའི་རྩི་ཤིང་གི་དྲི་བསུང་དག
རླུང་བུས་ཕྱོགས་བཞི་མཚམས་བརྒྱད་ནས་སྤུར་བྱུང
སེམས་དང་ཡིད་ཀྱི་ཞིང་ཁར
བསིལ་འཇམ་གྱི་ཚོར་བས་བསྟིམས་ཡོད

ཆར་པ་ཟིམ་ཟིམ་དུ་བབས་བྱུང
རི་ཀླུང་ཀུན་གྱི་ལང་ཚོ་རྫོགས་པའི་མཛེས་སྡུག་ནི
དབེན་པའི་ཚལ་གྱི་ལྷིང་འཇགས་བཞིན
བདེ་སྦྱིན་གྱི་ཞིང་ཁམས་ངོ་མ་ཞིག་གི་ཚུལ་དུ་མངོན
མི་ཚེའི་གཏད་སོ་འཚོལ་ཕྱིར
ཞི་འཇམ་གྱི་དབེན་ དེ་ལས་མང་་་

བཅད་རྩོམ།

ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།

ཆུ་འཛིན་དཀར་པོའི་དཀྱིལ་འཁོར་དབུས་ན་ངོ་མཚར་གཟུགས་སྐུ་འགྱིང་བཏབ་པའི། །
ཡིད་འོང་མཚན་དཔེ་རྫོགས་པའི་ཤེས་རབ་མ་ཡིས་གར་སྟབས་ལང་ལིང་བསྒྱུར། །
འཇའ་ཚོན་སྣ་ལྔ་གདན་དུ་བཏིང་སྟེ་ངག་དབང་རྒྱལ་མོ་སྤྱན་འདྲེན་ན། །
བདག་མགྲིན་ཆུན་པོའི་ཁབ་ཏུ་དབྱངས་ཅན་ལྷ་མོ་གང་ཉིད་ཤིས་པར་སྩོལ། །

བྱུ་རུའི་མེ་ཏོག་བཞད་འདྲའི་ཁུག་སོ་ནས། །
སྣང་སྲིད་བརྡ་གླུ་འགུགས་པའི་བླ་བྲེ་འཕྱར། །
ཞལ་རས་དུང་ཟླ་དཀར་ཆུང་འཛུམ་མུལ་ལེ། །
ངག་དབང་དབྱངས་ཀྱི་རྒྱལ་མོའི་བདག་སྐྱོངས་ཤིག །

ལྕགས་སྙུག་ དེ་ལས་མང་་་

བཅད་རྩོམ།

འཆར་སྣང་དམ་དུམ།

རླུང་གི་མེ་ཏོག་འདར་བས།།
ཚོར་བའི་ནམ་མཁའ་བཤུམ་འོང་།།
ལས་ཀྱིས་འཁྲིགས་པའི་སྤྲིན་པ།།
ས་ཕྱོགས་གང་དུ་བཞུད་འགྲོ།།
ཡུལ་དེའི་རི་དང་ནགས་ཚལ།།
དགའ་སྐྱོ་རྡུལ་སྨག་ཨེ་འཚུབ།།

མེ་ཏོག་ཆར་འཇམ་འདོད་རུང་།།
ཙག་གི་རུས་གཟེར་རྒྱུག་འོང་།།
ལས་འཕྲོ་འཆད་ཚུལ་མ་འདྲི།།
སྨུག་དང་ན་བུན་གྲོང་རེད།།
ཞེ་ཡི་དགའ་སྐྱོ་རི་མོ།།
ཕབ་ནས་ཚར་ས་མི་འདུག།

སེམས་ཀྱི་སྤང་ལ་བཙུགས་པའི།།
སྣང་བའི་མེ་ཏོག་དཀར་དམར།།
དུས་ཀྱི་འགྱུར་བག་ཚ་རུང་།།
རྙིད་འགྲོའི་ཐུགས་ཁྲལ་མ་གནང་།།
ཚེ་ཡི་བསགས་པའི་ དེ་ལས་མང་་་

བཅད་རྩོམ།

གློ་རྡེག་ཏུ་སྟོན་ཀ་དྲན་པ།

སྟོན་ཀ

ཁྱོད་སླེབས་ལ་ཉེ

མཛེས་སྡུག་གི་དབྱར་གཞུང་གང་དུ་ཡིབས་སོང

ནང་སེམས་ཀྱི་གྲིབ་མ

སྙེ་རླབས་ཀྱིས་དེད་ནས་གང་དུ་ཕྱིན

རྨི་ལམ་ལྟ་བུ མངོན་སུམ་ལྟ་བུ

ཤིན་ཏུ་སྐྱེན་པའི་འཚོ་བ

སྔོན་ཆད་བཞིན་གཡའ་དག་པའི་ནམ་མཁའ་ཡིན་ནམ

ངས་འཚོ་དབུགས་ཇི་ལྟར་རྔུབ་རུང

ལོ་དེའི་སྟོན་ཟླ་རེག་ཐབས་མི་འདུག

གསེར་རླབས་ཀྱི་སྙེ་མ་ལྡེམ་པའི་སྟོན་གཞུང

དྲི་བཞོན་གྱིས་ཁུར་བའི་བག་ཕེབས་ཀྱི་འཚོ་གནས

གང་ནས་ཀྱང་རྙེད་ཐབས་མི་འདུག

ལོ་ཟླ་བཞུད་སོང དེ་ལས་མང་་་

བཅད་རྩོམ།

རྟོག་བཏགས་སེམས་ཀྱི་རི་མོ།

དགུང་གི་མཚམས་སྤྲིན་མཆེད་པའི་དབེན་པའི་རི་སུལ།།
སྨུག་པའི་རླངས་པ་འཐུལ་བའི་འཁོར་བའི་རི་ཀླུང་།།
མི་ཚེའི་གྲུ་གཟིངས་སྒུལ་བའི་མཚོ་ཡི་རྦ་རླབས།།
བདེ་བའི་བདེ་བ་བསྔལ་བའི་མདང་གི་རྨི་ལམ།།

མཚན་གྱི་སྦྲ་གུར་ནང་གི་ཆར་བའི་ཤག་སྒྲ།།
གཟུགས་མེད་ལས་ཀྱིས་སྤུར་བའི་སྟོན་གྱི་སྙེ་མ།།
དབུགས་ཀྱི་འཕར་ལྡིང་མཉན་པའི་དུས་ཀྱི་མེ་ཏོག།
མིག་གི་སྐྱིབས་ལ་ལྷུང་བའི་སྐར་མའི་སྤྱན་ཆབ།།

སེམས་ཀྱི་སྒྲོག་གུ་འཁྲོལ་བའི་ཟླ་བའི་གཟུགས་བརྙན།།
ཡིད་ཀྱི་དྲན་པ་བརྐུས་པའི་འཁོར་བའི་རྟ་ཕོ།། དེ་ལས་མང་་་

བཅད་རྩོམ།

ཤིང་ལོ་གྱོན་པའི་སེམས་པ།

མི་ཚེའི་གཙང་བོའི་གཞུང་གི་གྲུ་ཤན་དེ།།
སྣང་ཚོར་ལོ་མའི་ཕོན་ལྕོག་སྤུང་ས་ཉིད།།
རིགས་ཀྱི་མེ་ཏོག་གློ་ཁའི་ཟིལ་བ་དང་།།
ན་ཚོད་རི་མོའི་ཁ་མདོག་སོ་སོར་གསལ།།

ལོ་ཟླས་ཕྱིར་ལ་བསྐྱལ་བའི་དྲན་སྣང་དག།
དེ་རིང་དཔྲལ་བའི་རི་མོའི་གསེབ་ཏུ་སྦས།།
ག་ལེར་སྙིང་ཆུང་བུམ་པའི་ནང་དུ་ཟགས།།
ཚོར་བའི་ཁ་རླངས་ནང་ནས་སྟོན་པར་བྱ།།

རྨི་ལམ་མེད་པའི་མཚན་མོ་གྲངས་མེད་ལ།།
ལས་ཀྱི་སྒྲོག་གུ་བརྟོལ་ནས་འཕུར་འདོད་མོད།།
ཉི་ཟླས་སྐེད་ཐག་བརྒྱབ་པའི་མི་ཡུལ་འདི།།
དེ་ལས་མང་་་

བཅད་རྩོམ།

དབྱངས་ལྷ་མོ།

དབྱངས་ལྷ་མོ།

ཁྱོད་ནི་འཇིག་རྟེན་དབྱངས་མ་སྟེ།།
དབྱངས་མ་ནང་གི་དབྱངས་ལྷ་ཡིན།།
མཛེས་པར་གཞན་གྱིས་འགྲན་པ་མེད༎
ཡག་པར་གཞན་དང་མཚུངས་པ་མེད༎
འཛུམ་མདངས་གཞན་དང་འདྲ་ས་མེད༎
བཅོས་བཅོས་མིན་པའི་མཛེས་མ་སྟེ༎
ཤེས་རབ་མ་བཅོས་བདེན་གྲུབ་ཡིན།།
བྱམས་བརྩེ་མ་བཅོས་རང་བྱུང་ཡིན།།
སྐད་ངག་མ་བཅོས་རང་བཞིན་ཡིན།།
དབྱངས་ཀྱི་ལྷ་མོ་དངོས་གྲུབ་སྩོལ།།

ཚངས་པའི་སྲས་ཀྱི་དབྱངས་མ་མོ།།
བདག་གི་གཙུག་ཏུ་རྒྱན་དུ་མཆོད།།
སྙན་ངག་མཆོད་ཆང་ཁྱོད་ལ་དྲངས༎
སྙན་པའི་རོལ་དབྱངས་ཁྱོད་ལ་བླངས།། དེ་ལས་མང་་་

བཅད་རྩོམ།

བརྩེ་བའི་རྒྱུད་མང་དཀྲོལ་གླུ།

ཉི་ཟླ་ར་བས་སྐོར་བའིི་ཞིངས་ཁམས་ནས། །
མི་ཚོགས་རྒྱ་མཚོའི་རླབས་ལྟར་དྲག་ཏུ་འཕྱུར། །
དབྱངས་ཅན་ཞལ་བཞིན་འཛུམ་པའི་མི་མོ་ཞིག། །
དྲན་ཤེས་རྒྱ་མཚོའི་ངོས་སུ་གསལ་ལེར་བརྐོས། །

གངས་ཅན་ཁ་བ་རི་བོའི་འགྲམ་ངོགས་སུ། །
འཇམ་དབྱངས་དམར་སེར་མཚུངས་པའི་བུ་མོ་ཞིག།
བརྩེ་བའི་མཚོ་རུ་ནུབ་ནས་ལོ་མང་འགོར། །
ལི་ཁྲིའི་མདངས་ལྟར་ལེགས་པའི་ཡིད་འོང་མ། །

སྨྱུག་ཐོགས་མཁས་པའི་སྙུག་རྩེའི་སྣེ་མོ་ནས། །
སྙན་ངག་དཔལ་ལ་རོལ་བཞིན་རབ་ཏུ་རྩེན། །
ལྷ་ཡི་ལྡིང་ཁང་ལྟ་བུའི་མགྲིན་དབྱངས་སུ། ། དེ་ལས་མང་་་

བཅད་རྩོམ།

ང་ཡི་གྲོགས་པོ་གླག་རྒོད་ཀྱེ། 

དམར་བོ་བྲག་དམར་ཐོག་གིས་གཏོར་འདྲའི་མེས་པོའི་ལོ་རྒྱུས་ཀློག་པའི་དུས། །
རྒྱ་མཚོའི་རླབས་ཀྱིས་ཐལ་བར་བརླགས་འདྲའི་ཕ་མཁར་བཤིག་རོ་མཐོང་དུས་དང་། །
སེམས་ལ་བཟོད་བྲལ་བསྔལ་བ་སྐྱེས་ནས་སྤྱན་ཆབ་གང་སར་དྲུལ་བའི་དུས། །
ཡིད་ལ་རྨ་ཁའི་ན་ཟུག་ལྡང་ངམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །

སྦྲ་ནག་ཀ་བརྒྱ་ཕུབ་པའི་ངོགས་ནས་ནམ་མཁའི་ཉི་ཟླ་མཐོང་དུས་དང་། །
གེ་སར་རྒྱལ་བོའི་གཏམ་རྒྱུད་ཐོས་པས་ཡིད་ལ་འཆར་སྒོ་མོད་པའི་དུས། །
དུ་བ་སྨུག་པོ་དགུང་ལ་འཕྱུར་ནས་སྤྲིན་པ དེ་ལས་མང་་་

བཅད་རྩོམ།

སྙན་ངག་རྫ་ཆུ་བསིལ་མ། 

ཟབ་མོ་དྲན་གདུང་རྒྱ་མཚོའི་གཏིང་ཁུད་དེ་འགྲིམས་ནས། །
སྐྱོ་གདུང་ལྗོན་ཤིང་ནག་པོའི་རྩ་བ་རུ་འཇུས་ཚེ། །
ཚོར་བ་སྐྱེན་གྱིས་བྲིས་པའི་ཐ་སྙད་ཀྱི་ཕྲེང་བ། །
ངག་གི་ལྷ་ལམ་ཡུལ་ནས་འདི་སྐད་དུ་འཐོར་རོ། །
དུང་བ་དཀར་པོའི་བརྩེ་སེམས་རླུང་བུ་ལ་བསྐྱོན་ཏེ། །
ཆ་མེད་མི་ཡི་ལུང་པར་རྟ་མཆོག་བཞིན་རྒྱུགས་ཚེ། །
མི་ཚོགས་རྒྱ་མཚོ་འདྲ་བོའི་རྦ་རླབས་ཀྱི་རྩེ་ནས། །
ཆུ་སྐྱེས་མེ་ཏོག་རྐང་གཅིག་ཡིད་དབང་དུ་ཐོགས་བྱུང་། །
ཕར་ལ་ཅི་བཤད་མེད་པས་མིག་ཟུང་གིས་མ་ལྟས། ། དེ་ལས་མང་་་

1 15 16 17 18 19 21