དཔལ་ལྡན་ས་སྐྱ་པ་མཁྱེན་ནོ།
ཐོས་པ་ཉི་ཚེའི་མལ་དུ་མ་ལུས་ཤིང་།།སྒོམ་པ་གཏི་མུག་ཁུང་བུར་མ་འཛུལ་བར།།ཐོས་སྒོམ་མཁས་གྲུབ་ལུགས་བཞིན་སྐྱོང་མཁས་པ།།གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ།།རིག་པས་དཔྱད་པས་ཆད་མཐར་མ་ལྷུང་ཞིང་།།ཡིན་ལུགས་སྒོམ་པས་རྟག་ལྟར་མ་གྱུར་པར།།ལྟ་སྒོམ་རྒྱལ་བའི་བཀའ་བཞིན་སྒྲུབ་མཁས་པ།།གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ།།བཤད་པས་སྒྲུབ་པའི་སྙིང་པོ་མ་སྤངས་ཤིང་།།སྒྲུབ་པས་བཤད་པའི་ལམ་བཟང་མ་འདོར་བར།།བཤད་སྒྲུབ་ཟུང་དུ་འབྲེལ་བར་གནས་མཁས་པ།།གངས དེ་ལས་མང་་་