དད་གསུམ་དབྱངས་ཀྱི་གྲེ་འགྱུར།
བདེན་མེད་སྣང་བ་འཁྲུལ་བའི་འཇིག་རྟེན་གྱི་གྲོང་ནས།།
ཁམས་གསུམ་སྐྱེ་འགྲོ་ཡོད་ཚད་ལས་དབང་ལ་བྲེལ་དུས།།
བཅོས་མིན་རང་ཚུགས་བརྟན་པའི་རྒྱལ་ཁམས་ཀྱི་དབང་པོ།།
འདྲེན་མཆོག་ས་སྐྱ་པ་དེ་སྙིང་དབུས་ནས་དྲན་སོང་།།
མིང་ཆེན་དབང་སྒྱུར་ཕལ་ཆེར་ཐོབ་དབང་དང་གོ་སར།།
དབྱེར་མེད་ཉིན་མཚན་ཀུན་ཏུ་རྩོད་ལན་ལ་བྲེལ་དུས།།
དམ་པའི་རྣམ་ཐར་འཛིན་པའི་ཚུལ་དགུ་དེ་ལྡན་པའི།།
ངེས་དོན་སྡོམ་བརྩོན་དམ་པ་བླ་མ་ཁྱེད་དྲན་སོང་།།
གཞུང་ལུགས་ཆོས་རིགས་ཕྲིན་ལས་གདུང་སྔོན་དུ་སྒྲེང་ཞིང་།། དེ་ལས་མང་་་