
ཁྲོ་ཕུ་ལོ་ཙཱ་བ་ལ་བསྐུར་བ་དང༌།
༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ཉིན་མོར་བྱེད་པའི་གཟི་ལྡན་ཞིང༌། །སྟོན་ཟླ་རྒྱས་པ་ལྟ་བུར་ཉེར་ཞི་བ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་འབྱུང་བ། །འགྲོ་བའི་བླ་མ་དེ་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྣམས་དང་ཐོས་དང་བསམ་ལྡན་ཞིང༌། །ཏིང་འཛིན་བརྩོན་པས་རང་རྒྱུད་ལེགས་སྦྱངས་ནས། །བསྡུ་བ་བཞི་ཡིས་གཞན་གྱི་དོན་བསྒྲུབ་པ། །སྲས་བཅས་རྒྱལ་བ་དགེས་པར་བྱེད་པ་སྟེ། །འདི་འདྲ་དམ་པ་རྣམས་ཀྱི་ཚུལ་ལགས་པས། །ཁྱེད་ཀྱི་མཛད་ལ་བསྐུལ་བ་ཅི་ཞིག་འཚལ། །དེ་ལྟ་མོད་ཀྱི་དོན་ དེ་ལས་མང་་་