
རྡོ་རྗེ་གུར་ལས་གསུངས་པའི་ཁྲོ་བཅུའི་སྲུང་འཁོར།
བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་འབྱུང་བའི་ཨུཥྞཱི་ཥའི་ཕྱིར་བཟློག་པ་ལ་དོན་གཉིས་ཏེ། གཞན་གྱི་གནོད་པ་ཕྱིར་བཟློག་པ་དང༌། རང་བསྲུང་བའོ། །དང་པོ་ལ་གཉིས། བསྒོམས་པས་ཕྱིར་བཟློག་པ་དང༌། འཁོར་ལོ་བྲིས་པས་ཕྱིར་བཟློག་ཅིང་བསྲུང་བའོ། །དང་པོ་ལ་གཉིས། མངོན་པར་རྟོགས་པ་དང་འབྲེལ་བའི་དབང་དུ་བྱས་ནས་བསྒོམ་པ་དང༌། མ་འབྲེལ་བར་སྲུང་འཁོར་རྐྱང་པ་བསྒོམ་པའོ། །དེ་ལ་དང་པོ་ལྟར་ན། ཚོགས་བསག་ དེ་ལས་མང་་་