
དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་སྙིང་པོའི་གསལ་བྱེད།
དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་སྙིང་པོའི་གསལ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དབུ་མའི་ལྟ་ཁྲིད་ཀྱི་བསྡུས་པའི་དོན་ནི། ལྟ་བས་སྤྲོས་པ་མཐའ་དག་ཐག་བཅད། སྒོམ་པས་དོན་ཉམས་སུ་བླང༌། སྤྱོད་པས་བོགས་དབྱུང་བའི་མན་ངག་གོ །སྒོམ་པས་དོན་ཉམས་སུ་བླང་བ་ལ་གཉིས་ཏེ། ཞི་གནས་དང༌། ལྷག་མཐོང་ངོ༌། །ལྷག་མཐོང་ལའང་གཉིས་ཏེ། གང་ཟག་གི་བདག་མེད་བསྒོམ་པ་དང༌། ཆོས་ཀྱི་བདག་མེད་བསྒོམ་པའོ། དེ་ལས་མང་་་