
ཟབ་བཞི་སྤྲོས་བྲལ་གྱི་བཤད་པ་སྟོང་ཉིད་བདུད་རྩིའི་ལམ་པོ་ཆེ།
ན་མོ་མཉྫུ་ཤྲཱི་ཡེ། ཟབ་ཞི་སྤྲོས་བྲལ་གྱི་རྣམ་པར་བཤད་པ་འཆི་མེད་བདུད་རྩིའི་ལམ་པོ་ཆེ་ཞེས་བྱ་བ། སྤྲོས་པའི་མཚན་མ་གང་ལའང་མི་གཟིགས་ཤིང༌། །སྒྱུ་མའི་སྣང་བ་ཅི་ཡང་མི་འཆར་བར། །ཇི་སྙེད་ཆོས་ཀྱི་ཡིན་ལུགས་ཇི་ལྟ་བ། །མངོན་སུམ་མཁྱེན་པ་དེ་ལ་ཕྱག་འཚལ་ལོ། །ཞི་བའི་དབྱིངས་ལས་བཞེངས་པ་མི་མངའ་ཡང༌། །རྙོག་བྲལ་བློ་མཚོའི་མེ་ལོང་དྭངས་པ་ལ། །ངོ་མཚར་སྒྱུ་མའི་རོལ་རྩེད་སྟོན་མཁས་པ། །བཅོམ་ལྡན་སྒྱུ་མའི་མཁན་པོ་ཉག་གཅིག་གོ །སྒྱུ་མའི་རྣམ་རོལ་ དེ་ལས་མང་་་