རྟེན་འབྲེལ་བཟང་པོ།
བླ་མ་དམ་པ་རོང་སྟོན་ཆོས་ཀྱི་རྗེའི་རྣམ་པར་ཐར་པ། ཕྲིན་ལས་རྒྱས་ཤིང་རྒྱུན་མི་ཆད་པའི་རྟེན་འབྲེལ་བཟང་པོ་ཞེས་བྱ་བ། བླ་མ་དམ་པ་བརྒྱུད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་ཅག་གི་འདྲེན་པ་དམ་པ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་རོང་སྟོན་པ་ཤེས་བྱ་ཀུན་རིག་ཅེས་གྲགས་ཤིང༌། མཁན་པོས་གསོལ་གྱི་མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་ངེས་པའི་དོན་དུ་སྟོབས་བཅུ་ལ་སོགས་ཀྱི་གོ་འཕང་བརྙེས་ཀྱང་གདུལ་བྱ་སོ་སོའི་སྣང་བ་དང་མཐུན་པར་ དེ་ལས་མང་་་