གྲགས་པ་རིན་ཆེན་གྱི་ཞུ་ལན།
༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་འཛིན་པ་གྲགས་པ་རིན་ཆེན་གྱིས། །ཇི་ལྟར་དྲི་བ་བྱས་པ་དེ་ཡི་ལན། །མདོ་ཙམ་བཤད་པ་འདི་ལ་གུས་པར་ཉོན། །དེ་ལ་ཐོག་མར་སྡོམ་པ་གསུམ་གྱི་ངོ་བོའམ། མཚན་ཉིད་ནི་ཇི་སྲིད་འཚོའི་བར་དུ། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གཞན་ལ་གནོད་པ་ལས་ལྡོག་པའི་སྟེང་དུ། སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་ དེ་ལས་མང་་་