ངན་པའི་སྤྱོད་ཚུལ་ལ་ཁྲེལ་བའི་གཏམ།
༄༅། །འདིར་སྨྲས་པ། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན། །སྙིགས་མའི་ལམ་ལ་ཀུན་ནས་གཞོལ་གྱུར་པ། །དེ་དག་རྣམས་ཀྱི་བསམ་དང་སྤྱོད་པའི་ཚུལ། །སྙིགས་མར་གྱུར་པའི་ཚུལ་ཡང་འདི་ལྟར་སྣང༌། །བདག་བདེ་གཞན་ཡང་བདེ་བར་འདོད་བཞིན་དུ། །བདེ་བའི་འབྱུང་གནས་བདེ་བར་གཤེགས་པ་ཡི། །གསུང་གི་མཛོད་ལ་བློ་གྲོས་མི་འཇུག་པ། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །དལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིང༌། །དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་བཞིན་དུ། །དོན་ཆེན་མི་བསྒྲུབ་ཕྱི་མར་ དེ་ལས་མང་་་