སྦྱིན་སྲེག་དང༌། མར་མེའི་སྦྱིན་སྲེག
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། རྣལ་འབྱོར་མའི་སྦྱིན་སྲེག་བྱེད་པར་འདོད་པས། ཐབ་ཆོས་འབྱུང་གི་དབྱིབས་གྲུ་གསུམ་གྱི་རྣམ་པར་བྱས་ལ་དེར་ཤིང་བརྩིག་གོ །དེ་ནས་ལས་ཐམས་ཅད་པའི་ཐབ་དེར་ཤིང་བརྩིགས་ལ། འབྱོར་ན་མཆོད་པ་རྣམ་ལྔ་གཡོན་དུ་བཤམ། བསྲེག་རྫས་གཡས་སུ་བཤམ། མ་འབྱོར་ན་མཆོད་པ་མ་བཤམ་ཡང་བཏུབ། བསྲེག་རྫས་ལ་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར་ན་མར་དང༌། ཏིལ་ནག་པོ་འབའ་ཞིག་བཤམ། ཁྱད་པར་དུ་སྡིག་པ་ཞི་བ་ལ་ཏིལ་ནག འབྱོར་པ་ དེ་ལས་མང་་་