བྷ་ཡ་ན་སའི་སྲུང་འཁོར།
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བྷ་ཡ་ནཱ་ས་འདི་ནི་མ་ཧཱ་མཱ་ཡའི་རྒྱུད་སྟོང་ཕྲག་བརྒྱད་ཅུ་པ་ལས་འབྱུང༌། བླ་མ་ཁམས་པ་ལ་མུ་སྟེགས་ཀྱི་དམོད་པ་བྱུང་བ་ལ། བླ་མ་རྡོ་རྗེ་གདན་པ་ཆུང་ངུའི་ཞལ་ནས། ཁྱོད་ལ་མུ་སྟེགས་བྱེད་ཀྱི་དམོད་པ་བྱུང་ནས་འདུག་པས། བཟློག་པ་འདི་གྱིས་ཤིག་གསུངས་ནས་གནང་བ་ཡིན། དེ་ལ་དང་པོ་འཁོར་ལོ་བཅའ་བ་ནི། གྲོ་གའམ་རས་ལ་སོགས་པ་ལ་རྩིབས་བཅུ་པ་ལྟེ་བ་མུ་ཁྱུད་དང་བཅས་པ་བྲིའོ། དེ་ལས་མང་་་