ཆོས་སྤྱོད།

དུས་གསུམ་རྒྱལ་བ་སོགས་ཚིགས་བཅད་གསོལ་འདེབས་ཁག

2017 ལོའི་ཟླ 1 ཚེས 19 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༈ །དུས་གསུམ་རྒྱལ་བའི་བྱིན་རླབས་རྒྱ་མཚོ་ལས། །དངོས་གྲུབ་ཡིད་བཞིན་ནོར་བུ་ལེགས་བླངས་ཏེ། །འགྲོ་ལ་ཕན་བདེའི་ཆར་འབེབས་ས་སྐྱ་པ། །སྔགས་འཆང་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ངག་དབང་ལྷ་ཡི་མཁྱེན་བརྩེ་ནུས་པའི་གཟུགས། །ཀུན་ནས་དགའ་བའི་ཐུགས་མཚོ་ལས་འཕོས་པའི། །བསོད་ནམས་ཡེ་ཤེས་མཆོག་གཏེར་འཇམ་དཔལ་དབྱངས། དེ་ལས་མང་་་

རིག་གནས།

༄༅། །སྡོམ་བརྩོན་དམ་པ།

2017 ལོའི་ཟླ 1 ཚེས 19 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 2

ཕྱག་མཚན་རི་མོའི་སྡོམ་བརྩོན་དམ་པར་གྲགས་པའི་མཁན་སློབ་ཆོས་གསུམ་སོགས་མཚོན་བྱེད་ཀྱི་རི་མོ་མཚོ་མེ་ལོང་འདྲ་བའི་དབུས་ཀྱི་པདྨའི་སྡོང་པོའི་སྟེང་དུ་རལ་གྲིས་མཚོན་པའི་གཡས་སུ་ངང་པ་སེར་པོ་མགྲིན་པ་གཉིས་ཅན། པདྨའི་འདབ་མ་ཤིན་ཏུ་ཡངས་པ་ལ་ལོ་འདབ་དང་སྨིན་པའི་པདྨའི་ཟེའུ་འབྲུ་སོགས་ཀྱིས་མཛེས་པར་བརྒྱན་པ་ཞིག་འབྲི་སྲོལ་ཡོད་པ་དེ་ནི། སྔོན་ས་པཎ་ཀུན་དགའ་རྒྱལ་མཚན་དེ་ཉིད་བསམ་ཡས་མི་འགྱུར་ལྷུན་ དེ་ལས་མང་་་

ཆོ་ག

༄༅། །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བཀླགས་ཆོག་མ་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

2017 ལོའི་ཟླ 1 ཚེས 17 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཨོཾ་སྭསྟི། དཔལ་ལྡན་མརྒད་རྡུལ་བརྩེགས་ལྷུན་པོ་ནི། །རབ་མཛེས་མཚན་དཔེ་ཉི་མ་འབུམ་གྱི་གཟི། །མ་ལུས་འགྲོ་བ་ཀུན་གྱི་སྐྱབས་ཀྱི་གཙོ། །ལྷ་མཆོག་མྱུར་མ་དཔའ་མོས་འགྲོ་འདི་སྲུངས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མ། །ཕོངས་པ་ལས་སྒྲོལ་སྒྲོལ་མ་ལ། །བཏུད་དེ་དེ་ཡི་བསྟོད་པ་ཡི། དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

མཁན་རིན་པོ་ཆེ་མིག་དམར་ཚེ་རིང་མཆོག་གི་རྣམ་ཐར་མདོར་བསྡུས།

2017 ལོའི་ཟླ 1 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བོད་ནུབ་ཕྱོགས་སུ་སྐུ་འཁྲུངས་ཤིང་།དགུང་ལོ་བཞིར་ལོན་པ་ཕྱི་ལོ་༡༩༥༩ལོར་བོད་དུ་རྒྱ་ནག་གི་བཙན་འཛུལ་བྱས་པས་ཁོང་བཙན་བྱོལ་དུ་ཕེབས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས།རིམ་གྱིས་སློབ་གྲྭར་ཞུགས་ཏེ་སྔོན་འགྲོའི་སློབ་སྦྱོང་ཆ་ཚང་གནང་། དེ་ནས་ དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

མཁན་རིན་པོ་ཆེ་རིན་ཆེན་བཟང་པོ་མཆོག་གི་རྣམ་ཐར་མདོར་བསྡུས།

2017 ལོའི་ཟླ 1 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༸འཇམ་མགོན་སྐུ་ཡི་ཡོངས་འཛིན་རྣལ་འབྱོར་གྱི་དབང་ཕྱུུག་དམ་པ་མཁན་ཆེན་རིན་ཆེན་བཟང་པོ་མཆོག་ནི། མདོ་ཁམས་སྡེ་དགེའི་མངའ་འོག་ཁྲི་ཚོའི་ས་ཁུལ་སེ་ཚ་ཞེས་པར་ཡབ་ཆོས་ལྡན་དང་ཡུམ་སྒྲོལ་མ་གཉིས་སུ། སྤྱི་ལོ་ ༡༩༢༦ རབ་བཅུ་དྲུག་པའི་ དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

མཁན་ཆེན་རྡོ་རྗེ་འཆང་ཨ་པད་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས།

2017 ལོའི་ཟླ 1 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

མཁན་ཆེན་ཨ་པད་རིན་པོ་ཆེའམ་མཁན་ཆེན་ངག་དབང་ཡོན་ཏན་བཟང་པོ་མཆོག་ནི་སྤྱི་ལོ་༡༩༢༧ལོར་སྐུ་བལྟམས་པའི་ཚུལ་བསྟན།གཞོན་ནུའི་དུས་ནས་དམ་པའི་རིགས་སད་དེ་གསེར་ལྗོངས་ཆོས་གྲྭར་སྒྲིག་ཞུགས་མཛད།ཕྱི་ལོ་༡༩༣༤ལོར་གསེར་ལྗོངས་དང་མི་རིང་བར་ དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

འཇམ་དབྱངས་མཁྱེན་བརྩེ་དབང་པོའི་མཛད་རྗེས།

2017 ལོའི་ཟླ 1 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

འཇམ་དཔལ་བྱིན་རླབས་བི་མའི་རྣམ་པ་འཕྲུལ། ། རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། ། བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང༌། ། འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། ། དེ་ལས་མང་་་

ཆོ་ག

༄༅། །དཔལ་ལྡན་བླ་མ་དམ་པ་མཆོད་པའི་ཆོ་ག་བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།།

2017 ལོའི་ཟླ 1 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །ཤྲཱིཝཾསངྒུརུཔཱུཛཱསྱབིདྷིཨདྷིཥྛནཱོདདྷིནཱམབིཧརཏིསྨ།། ཨོཾ་སྭསྟི། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །ཚུར་མཐོང་དགེ་བའི་བཤེས་ཀྱི་ཟོལ་འཛིན་པ། །མཚུངས་མེད་དཔལ་ལྡན་བླ་མ་དམ་པ་མཆོག །བརྒྱུད་པར་བཅས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་བསྟེན་ན་སྐུ་བཞི་ཡེ་ཤེས་ལྔ། དེ་ལས་མང་་་

ཆོ་ག

༄༅། །བླ་མ་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

2017 ལོའི་ཟླ 1 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄།སིདྡྷསྱཱམཱརོཏྶབནཱམགུརུཏྲིབྱཱཡུརྡེབཱནཱཾབིདྷིབིཧརཏིསྨ།། ཨོཾ་སྭསྟི་སིདྡྷཾ། ཕུལ་བྱུང་ཐུགས་རྗེའི་འཇུག་པས་སྲིད་དང་ཞིའི། །ཤིས་རྒུའི་དངོས་ཀུན་འཇོ་བའི་རྫོགས་ལྡན་སྤྲིན། །བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས། །དགེ་ལེགས་རྟག་པའི་མེ་ཏོག་ཆར་དུ་སྙིལ། །གང་དེའི་རྣལ་འབྱོར་ཟབ་མོ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། དེ་ལས་མང་་་

རིག་གནས།

༄༅། །སྙན་ངག་རིག་པ།

2017 ལོའི་ཟླ 1 ཚེས 10 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བོད་ཀྱི་སྙན་ངག་ཚིག་རྒྱན་རིག་པའི་གདོད་མའི་འབྱུང་ཁུངས་ནི། འཇིག་རྟེན་གྱི་རྩོམ་རིག་ལ་སྔ་བ་སྙན་ངག་དང་། སྙན་ངག་གི་གདོད་མའི་འབྱུང་ཁུངས་དམངས་གླུ་ཡིན་པར་རྩོམ་རིག་ལོ་རྒྱུས་སྨྲ་བ་ཐམས་ཅད་ཁ་འཆམ་པའི་ལྟ་ཚུལ་ཡིན་ལ། རིགས་ཚུལ་གྱིས་དཔྱད་ནའང་དེ་ལས་འོས་མེད་ལྟ་བུར་སྣང་བས། དེའི་དབང་དུ་བཏང་ན། འཛམ་གླིང་མཐོ་སྒང་དུ་གནས་པའི་བོད་མི་རིགས་འདི་ལ་ལོ་རྒྱུས་ཀྱི་ཡ་མཐའ་མི་ཟིན་པའི་ དེ་ལས་མང་་་

རིག་གནས།

༄༅། །བོད་བཟོ་ལས་བྲིས་འབུར་གྱི་སྐོར།

2017 ལོའི་ཟླ 1 ཚེས 10 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

འདི་གཉིས་ནི་གནའ་ནས་བོད་དུ་དར་བའི་བྲིས་ཀྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་པ་ནི། གཉའ་ཁྲིའི་སྐབས་ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་རིས་སུ་གཉའ་ཁྲི་རྒྱལ་པོར་མངའ་གསོལ་ཚུལ་བྲིས་པའི་ལོ་རྒྱུས་སོགས་ལས་རྟོགས་ཤིང་། དེང་གི་རས་གཞིའི་དོད་དུ་པགས་པ་དང་གཡང་གཞི་སོགས་ཀོ་འདུལ་གྱིས་དེའི་སྟེང་བཞེང་སྲོལ་ཡོད་པར་བཤད། ཐང་ག་ཇི་ལྟར་བཞེང་བའི་རིམ་པ་གོང་དུ་ཞུས་ཟིན་ནས། རས་གཞིར་མཚལ། དེའི་སྟེང་གསེར་རིས་བྱ་ དེ་ལས་མང་་་

རིག་གནས།

༄༅། །སྒྲ་རིག་པའི་སྐོར།

2017 ལོའི་ཟླ 1 ཚེས 10 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྒྲའི་རིག་པ་ནི། སྔོན་སུམ་བཅུ་རྩ་གསུམ་གྱི་གནས་སུ་སརྦ་ཛྙཱ་ན་དེ་ཝ་སྟེ་ཐམས་ཅད་མཁྱེན་པ་ཅེས་བྱ་བ་བྱུང་། དེས་སཛྙཱ་བྱ་ཀཱ་ར་ཎ་ཞེས་པའི་སྒྲའི་བསྟན་བཅོས་མཛད། དེའི་སློབ་མ་བརྒྱ་བྱིན་གྱིས་ཨིནྡྲ་བྱ་ཀཱ་ར་ཎ་བརྩམས། དེའི་སློབ་མ་ཕུར་བུ་ང་རྒྱལ་གྱིས་དྲེགས་པ་ན་བརྒྱ་བྱིན་གྱིས་ཕྱིའི་རྒྱ་མཚོ་ལས་ཆུ་བུམ་པ་གང་བླངས། དེ་ལས་ཀྱང་ཀུ་ཤས་ཐིགས་པ་གཅིག་བླངས་ཏེ། སྒྲའི་རིག་པ་མཐའ་ཡས་པ། དེ་ལས་མང་་་

1 83 84 85 86 87 90