རྡོ་རྗེ་གུར་གྱི་ཐོ་ཡིག
༄༅། །བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགྱེས་པ་རྡོ་རྗེའི་རྒྱུད་ལ་འབུམ་ཚོ་ལྔ་བྱུང་བ་ནི། སེམས་ཅན་མི་ལ་ཉོན་མོངས་པ་ལྔ་ཡོད་པས་དེའི་གཉེན་པོར་འབུམ་ཚོ་ལྔ་བྱུང་བ་སྟེ། ཞེ་སྡང་ཅན་གྱི་གཉེན་པོར་རྡོ་རྗེ་ཅན་གྱི་རྒྱུད་འབུམ་བྱུང་བ་ནས། ཕྲག་དོག་ཅན་གྱི་གཉེན་པོར་རྟ་མཆོག་གི་རྒྱུད་འབུམ་ཕྱེད་བྱུང་བའི་བར་དུ་ཤེས་པར་བྱའོ། །དེ་ཡང༌། འདོད་ཆགས་ཞེ་སྡང་ང་རྒྱལ་དང༌། །ཞེས་པ་ལ་སོགས་པ་ལེའུ་དང་པོ་ལས་ཤེས་པར་བྱའོ། །ལ་ལ་ དེ་ལས་མང་་་