སྡེ་དགེ་ལྔ་རིག་སློབ་གྲྭ་བྱ་རྒོད་སྤུངས་རི་ཤེས་རབ་དགའ་ཚལ།
བོད་ཆོལ་ཁ་གསུམ་ལས་སྨད་མདོ་ཁམས་ཀྱི་ཆར། ཆུ་ཆེན་བཞི་ལས་འབྲི་མོའི་ཁ་ཆུའི་འགྲམ། སྒང་རྒྱུད་དྲུག་ལས་ཟལ་མོ་སྒང་གི་གཡོན་རྒྱུད། སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྩ་བའི་གདན་ས་ལྷུན་འགྲུབ་སྟེང་གི་ཆར་གཏོགས། གནས་མཆོག་དྷརྨ་མདོ་ལ་ཆགས་པའི་ཁམས་སྡེ་དགེ་ནང་བསྟན་ལྔ་རིག་སློབ་གྲྭ་བྱ་རྒོད་སྤུངས་རི་ཤེས་རབ་དགའ་ཚལ་དུ་གྲགས་པ་འདིའི་ལོ་རྒྱུས་ཉུང་བསྡུས་གསེར་གྱི་འཛུམ་རིས་སུ་གྲགས་པ་ཞིག་འབུལ་ན། བསྟན་དང་སེམས་ཅན་ལ་ཕན་བཞེད་ཀྱི་བསམ་པས་རྨངས་བཟུང་ནས་ དེ་ལས་མང་་་