ས་སྐྱ་བཀའ་འབུམ།

བསྲུང་བ་ལྔའི་མཚམས་གཅོད།

༄༅། །གནས་དང་ཡོད་བྱད་བྱིན་ཕབ་ནས། རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་ལྡན་པས། སྔོན་འགྲོའི་གཏོར་མ་བྱིན་གྱིས་བརླབས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

བསྲུང་བ་ལྔའི་དབང་ཆོག་གི་སྡོམ་རིང་ཐུང༌།

༄༅། །རིགས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས། །སྔོན་འགྲོ་སྦྱངས་ནས་མཚམས་གཅོད་བྱ། །གནས་དང་མཆོད་པ་བྱིན་ཕབ་ནས། །བདག་བསྐྱེད་མཆོད་ནས་བཟླས་པ་བྱ། །བུམ་པ་གསལ་གདབ་མཆོད་ནས་བཟླ། །དཀྱིལ་འཁོར་བསྒྲུབས་ནས་བྱིན་གྱིས་བརླབ། །མཆོད་བསྟོད་གཏོར་མ་རྣམ་བདུན་གཏང༌། །གཙོ་མོའི་བུམ་སྟེང་མཆོད་རྟེན་ནི། །མིང་བྱང་བཅས་ལ་ཀུནྡ་དང༌། །དཱུར་བ་སྔགས་དང་བཅས་པས་མཆོད། །ཕྱོགས་བཞིའི་གཏོར་མ་ཕྱོགས་ནས་གཏང༌། །སོ་སོའི་གཏོར་བཅས་ལྷ་གཞན་ལ། །གསོལ་བ་བཏབ་ནས་སླར་ཡང་མཆོད། །བྱུར་བསལ་དུག་དབྱུང་རྣམ་གཉིས་བྱ། །རྒྱལ་བར་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

རིག་མ་བཅུ་དྲུག་གི་མཆོད་པའི་ཚིག་ཚན་གཉིས།

༄༅། །ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། རྡོ་རྗེ་ལྷ་མོ་པི་ཝྃ་མ། །སྟོན་ཀའི་མདོག་ཅན་པི་ཝྃ་ལག །པི་ཝྃ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་གླིང་བུ་མ། །གསེར་གྱི་མདོག་ཅན་གླིང་བུའི་ལག །གླིང་བུའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་རྔ་ཟླུམ་མོ། །བནྡྷུའི་མདོག་ཅན་རྔ་ཟླུམ་ལག །རྔ་ཟླུམ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་རྫ་རྔ་མོ། ། དེ་ལས་མང་་་

ས་སྐྱ་བཀའ་འབུམ།

འདོད་ལྷའི་བསྟོད་པ།

༄༅། །རྒྱལ་བ་ཀུན་གྱི་ཐུགས་ལས་བསྐྱེད་པའི་སྲས། །བྱང་ཆུབ་སྤྱོད་པ་བླ་མེད་མཐར་ཕྱིན་པས། །ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་མཆོག་གྱུར་པ། །མགོན་པོ་མ་ཕམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་རྗེ། །འགྲོ་བའི་སྡུག་བསྔལ་མ་ལུས་དཔྱིས་འབྱིན་པ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བརྩེ་བས་ཐུགས་རྗེའི་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བསྟན་ནས་ཀྱང༌། །འགྲོ་བའི་གདུང་བ་དྲག་པོ་སེལ་མཛད་པ། །བཅོམ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

སྔགས་ཀྱི་དག་བྱེད།

༄༅། །ན་མོ་བུདྡྷཱ་ཡ། ན་མོ་བཛྲ་དྷ་རཱ་ཡ། ན་མཉྤདྨ་དྷ་རཱ་ཡ། ན་མཋ་ཀུ་མཱ་རཱ་ཡ། ན་མོ་གྲ་ཧཱ་ཎཱྃ་སརྦཱ་ཤ་པ་རི་པུ་ར་ཀཱ་ནཱྃ། ན་མོ་ནཀྵ་ཏྲ་ཎྃ། ན་མོ་དྭཱ་ད་ཤ་རཱ་ཤི་ནྃ། ཏདྱ་ཐཱ། ཨོཾ་བུདྡྷེ་བུདྡྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། པྲ་ས་ར་པྲ་ས་ར། སྨ་ར་སྨ་ར། ཀྲཱི་ཌཱ་ཡ་ཀྲཱི་ཌཱ་ཡ། མཱ་ར་ཡ་མཱ་ར་ཡ། མརྡ་ཡ་མརྡ་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་བིགྷྣཱན། ཀུ་རུ་ཀུ་རུ་མ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

གཟའ་ཡུམ་གྱི་སྒྲུབ་ཐབས།

༄༅། །རྗེ་བཙུན་མ་གཟའ་རྣམས་ཀྱི་ཡུམ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཡུམ་ཆེན་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག བདེ་བ་དང་མི་འབྲལ་བར་གྱུར་ཅིག ཕན་ཚུན་ཆགས་པ་དང་སྡང་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

སྤྱན་མའི་སྒྲུབ་ཐབས།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོ་ཐོག་མར་རྣལ་འབྱོར་པས་ཁ་དང་གདོང་ལ་སོགས་པ་དག་པར་བཀྲུས་ནས། ཆོས་བདག་མེད་པ་དྲན་པར་བྱས་ལ། སྙིང་རྗེ་ཆེན་པོས་བརླན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སྙིང་གར་ལྃ་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་གྱི་སྣང་བས། ལྷ་མོ་སྤྱན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་ལྷན་ཅིག་པ་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་མཆོད་ནས། ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

བསྟོད་པ་རྒྱས་པ།

༄༅། །བཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྟོད་པ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འོད་ཟེར་དམ་པའི་འོད་མཛད་པས། །སྣང་བ་དམ་པའི་དཔལ་བསྐྱེད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཉིད་ལ་ནི་བསྟོད་པར་བགྱི། །བཅོམ་ལྡན་རྣམ་སྣང་མཛད་དཔལ་གྱི། །གཉིས་མེད་ཡེ་ཤེས་འོད་ཟེར་ལས། །ཀུན་ནས་ཡོངས་སུ་རྣམ་འཕྲུལ་བ། །འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཉིད་གནས་ནམ་མཁའི་ཀློང་དཀྱིལ་དུ། །ཡྃ་ལས་རླུང་གི་དཀྱིལ་འཁོར་དབུས། །ཧྃ་ལས་སྒྲ་གཅན་འཛིན་ཆེན་པོ། །ཉི་ཟླ་འཛིན་པ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

སྦྱིན་སྲེག

༄༅། །ལྷ་མོ་འོད་ཟེར་ཅན་གྱི་སྦྱིན་སྲེག་གི་ཆོ་ག རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་དགེ་བའི་འོད་ཟེར་གྱིས། །འགྲོ་བ་བདེ་ལ་ལེགས་འགོད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་སྦྱིན་སྲེག་ཆོ་ག་བཤད། །ལྷ་མོ་འོད་ཟེར་ཅན་གྱི་བསྙེན་པ་སྔོན་དུ་སོང་བས། སྔགས་ཀྱི་ནུས་པ་དབྱུང་བ་དང༌། ནད་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ། ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས་སའི་ཆོ་ག་བྱས་པའི་ས་ཕྱོགས་དབེན་པར། ཐབ་ཁུང་དཀར་པོ། རྒྱར་ཁྲུ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

འོད་ཟེར་ཅན་མའི་སྒྲུབ་ཐབས།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕགས་མ་འོད་ཟེར་ཅན་བསྒྲུབ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཡི་ཆེད་དུ་འོད་ཟེར་ཅན་མ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་བའི་སྔགས་ཀྱིས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། བྷྲཱུྃ་ལས་རིན་པོ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པ།

༄༅། །ལྷ་མོ་འོད་ཟེར་ཅན་སྒྲུབ་པའི་ཐབས། རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་འོད་ཀྱིས་གདུལ་བྱ་ཡི། །དཔལ་ཡོན་མེ་ཏོག་རྒྱས་མཛད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །དེ་ལ་ལྷ་མོ་འོད་ཟེར་ཅན་བསྒྲུབ་པར་འདོད་པའི་གང་ཟག་གིས་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་དུ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་བདེ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས།

༄༅། །རྒྱ་གར་སྐད་དུ། ཨཱརྻཱ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །གང་གིས་མིང་ཙམ་དྲན་པས་ཀྱང༌། །སྡུག་བསྔལ་ཀུན་ལས་ཐར་བྱེད་མ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་བསྒྲུབ་པའི་རིམ་པ་བཤད། །རང་གི་སྙིང་གའི་དབུས་གནས་པའི། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །མྃ་གྱི་ཡི་གེ་བསམ་པར་བྱ། །དེ་ཡི་འོད་ཟེར་སྣང་བ་ཡིས། །བདེ་གཤེགས་སྲས་བཅས་སྤྱན་དྲངས་ལ། །ཡན་ལག་བདུན་པ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན།

༄༅། །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན་ཞེས་བྱ་བ། སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡོན་ཏན་བརྒྱ་ཕྲག་ཁྲག་ཁྲིག་གཟི་ཡིས་རབ་འབར་ཞིང༌། །ཉེས་པའི་ཚང་ཚིང་ཚོགས་ཀུན་ཀུན་ནས་བཅོམ་གྱུར་ནས། །འགྲོ་བའི་གཏི་མུག་རབ་རིབ་རབ་ཏུ་འཕྲོག་བྱེད་པའི། །ཀུན་མཁྱེན་ཉི་མར་མི་ཕྱེད་དད་པས་ཕྱག་འཚལ་ནས། །རྒྱལ་བའི་གསུང་རབ་རྒྱ་མཚོ་ཆེན་པོའི་ངོགས། །བདེ་བླག་ཉིད་དུ་རྟོགས་བྱེད་ཆོས་རྒྱལ་གསུང༌། །མི་དབང་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

ཨ་རོག་ཆེ་ལ་གནང་བའི་བཀྲ་ཤིས།

༄༅། །ཨོཾ་སྭ་སྟི་སིདྡྷཾ། རྣམ་འདྲེན་བླ་མ་མཆོག་དང་དཀོན་མཆོག་དང༌། །ལྷ་མཆོག་རྣམས་དང་སྔགས་དང་གྲུབ་པའི་རྫོངས། །བཀྲ་ཤིས་ཡིད་འོང་འབྱུང་གནས་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །ཤར་གྱི་ཕྱོགས་སུ་ཉོན་མོངས་ཀུན་བསྐྱོད་པའི། །ཞིང་དུ་བཞུགས་པའི་སངས་རྒྱས་རྗེས་སྤྱོད་ཀྱི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ཤར་དུ་བདེ་ལེགས་ཤོག །ལྷོ་ཕྱོགས་མུན་པ་བཅོམ་པ་སེམས་བསྐྱེད་པ། །ཡིད་མཛད་བསྙེངས་བྲལ་མངོན་འཕགས་རྒྱལ་པོ་ནི། །འཁོར་དང་བཅས་པའི་བཀྲ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

དབང་བསྐུར་བའི་ཆོ་གའི་སྡོམ་ཚིག

༄༅། །རིགས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས། །སྔོན་འགྲོ་སྦྱངས་ནས་མཚམས་གཅད་བྱ། །གནས་དང་མཆོད་པ་བྱིན་ཕབ་ནས། །བདག་བསྐྱེད་མཆོད་ནས་བཟླས་པ་བྱ། །བུམ་པ་གསལ་གདབ་མཆོད་ནས་བཟླ། །དཀྱིལ་འཁོར་བསྒྲུབས་ནས་བྱིན་གྱིས་བརླབ། །མཆོད་བསྟོད་གཏོར་མ་རྣམས་བདུན་གཏང༌། །གཙོ་མོའི་བུམ་སྟེང་མཆོད་རྟེན་ནི། །མིང་བྱང་བཅས་ལ་ཀུན་ཏུ་དང༌། །དཱུར་བ་སྔགས་དང་བཅས་པས་མཆོད། །ཕྱོགས་བཞིའི་གཏོར་མ་ཕྱོགས་ནས་གཏང༌། །སོ་སོའི་གཏོར་བཅས་ལྷ་གཞན་ལ། །གསོལ་བ་བཏབ་ནས་སླར་ཡང་མཆོད། །བྱུར་བསལ་དུག་དབྱུང་རྣམ་གཉིས་བྱ། །རྒྱལ་ དེ་ལས་མང་་་

1 10 11 12 13 14 31