ཆོས་རྗེ་པ་ལ་བསྟོད་པ་ཚིགས་བཅད་གཉིས།
༼པ༽༄༅། །ཆོས་རྗེ་པ་ལ་བསྟོད་པ་ཚིགས་བཅད་གཉིས་བཞུགས།། ༄༅། །བསོད་ནམས་གསེར་གྱི་ས་གཞི་རབ་བརྟན་ཞིང༌། །ཡེ་ཤེས་རྒྱ་མཚོའི་གཏིང་མཐའ་རབ་ཡངས་པ། །ཡོན་ཏན་རིན་ཆེན་དུ་མས་ཡོངས་གཏམས་པ། །ཆོས་རྗེ་དཔལ་ལྡན་རྒྱ་མཚོའི་ཞབས་ལ་འདུད། །བསོད་ནམས་ལྷུན་པོའི་ངོས་ལས་ལེགས་བྱུང་ཞིང༌། །བློ་གྲོས་ཡལ་འདབ་མཁྱེན་པའི་འབྲས་བུ་ཅན། །གདུལ་བྱ་འདོད་པའི་རེ་བ་རྫོགས་མཛད་པ། །ཆོས་ཀྱི་རྒྱལ་པོ་དཔག་བསམ་ཤིང་ལ་འདུད།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།། དེ་ལས་མང་་་