མངྒ་ལ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་དང་ཕལ་པོ་ཆེ་བཞེངས་པའི་མཚོན་བྱེད།
༄༅། །ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད་ཀྱི་རབ་ཏུ་བྱེད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཆུ་འཛིན་ལས་འོངས་ལེགས་བཤད་ཀྱི། །ཐིགས་པའི་རྒྱུན་གྱིས་འགྲོ་བའི་གདུང་སེལ་ཞིང༌། །ཐེག་པ་སྣ་ཚོགས་རྒྱ་མཚོ་ཆེན་པོ་ལ། །ཐོགས་མེད་དབང་སྒྱུར་བླ་མ་ཀླུ་དབང་རྒྱལ། །སྤྲོས་མེད་སྐུ་ཡི་རྣམ་འཕྲུལ་རྣམ་སྤྲོ་ཞིང༌། །མི་གསུང་གསུང་གིས་སྨྲ་ངན་ཀུན་བཅོམ་ནས། །མི་རྟོག་རྟོགས་པས་ལྟ་ངན་དྲུངས་འབྱིན་པའི། །དགྲ་བཅོམ་སྲིད་ཞིའི་ དེ་ལས་མང་་་