ཀུན་མཁྱེན་བཀའ་འབུམ།

གུར་རིགས་བསྡུས་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། རྡོ་རྗེ་གུར་གྱི་དཀྱིལ་ཆོག་བདེ་ཆེན་རྒྱ་མཚོ།

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཨོཾ་སྭསྟི། བཤད་པའི་རྒྱུད་རྡོ་རྗེ་གུར་ནས་གསུངས་པའི་མཁའ་འགྲོ་ལྔ་རིགས་བསྡུས་པའི་སྒྲུབ་པའི་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བདེ་ཆེན་འཁོར་ལོར་རིགས་རྣམས་ཀུན་གྱི་བདག །སྙིང་དབུས་པདྨར་ནང་གི་དཀྱིལ་འཁོར་གཙོ། །སྲིད་ཞི་ཀུན་ཁྱབ་ཟུང་འཇུག་ཆོས་ཀྱི་སྐུ། །རྗེ་བཙུན་བླ་མས་མཆོག་ཐོབ་བར་དུ་སྐྱོངས། །གང་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་ཉིད། །ཁྲོ་ཆགས་རིགས་ལྔའི་རྣམ་འཕྲུལ་དུ་བསྟན་ནས། །དུག་ལྔས་གཟིར་བའི་འགྲོ་བ་འདུལ་མཛད་པ། དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

རྗེ་བཙུན་རྡོ་རྗེ་བདག་མེད་མའི་མངོན་དཀྱིལ་གྱི་ཐོ་ཡིག

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

གང་གི་རང་བཞིན་མཁའ་ལྟར་དག་ཅིང་གློ་བུར་སྤྲོས་པའི་དྲི་བྲལ་ཡང་། །ཟག་མེད་བདེ་བའི་དཔལ་གྱིས་རྒྱལ་བ་དུ་མའི་སྤྲུལ་པ་རྣམ་སྤྲོ་བ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་ལྔ་ཕྲག་གསུམ་གྱི་ཚོགས་ལ་གུས་བཏུད་ནས། །གང་དེའི་སྒྲུབ་པའི་ཐབས་དང་དཀྱིལ་འཁོར་ཆོ་ག་གསལ་བར་འདིར་བཤད་བྱ། །དེ་ལ་རྩ་བའི་རྒྱུད་ཀྱི་བརྟག་པ་དང་པོའི་ལེའུ་དང་པོ་ལས་ལྷ་མོ་བཅོ་ལྔའི་རང་བཞིན་གྱི་རྩ་སུམ་ཅུ་རྩ་གཉིས་གསུངས། གཉིས་པར་རྣལ་འབྱོར་མ་རྣམས་ཀྱི་ཕྲེང་སྔགས་གསུངས། ལྔ་པར་རྫོགས་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མཆོད་གཏོར་གྱི་རྣལ་འབྱོར་སོགས་ཆོས་ཚན་ལྔ།

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བླ་མ་དང་དཔལ་ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་མཉམ་པར་མ་བཞག་པའི་རྣལ་འབྱོར་བརྒྱད་ལས་མཆོད་གཏོར་གྱི་རྣལ་འབྱོར་བྱེ་བྲག་ཏུ་བཤད་པ་ལ་དོན་བརྒྱད་དེ། དཀྱིལ་འཁོར་གྱི་བྱ་བ། མཆོད་པ་བཤམ་པའི་བྱ་བ། ཚོགས་ཞིང་སྤྱན་དྲང་བའི་བྱ་བ། ཕྱག་འཚལ་བ། མཆོད་པ་དབུལ་བ། རྒྱུན་བཤགས་བྱ་བ། སྡོམ་པ་གཟུང་བ། གཏོར་མ་གཏང་བའོ། །དང་པོ་ནི། ཐུན་བཞི་ལ་སོགས་པར་བྱེད་ན་ཐོ་རངས་ཀྱི་དུས་སུ་ཐུན་འགོར་བྱས་ཏེ། བསམ་གཏན་གྱི་ཁང་པ་དབེན་ཞིང་ཉམས་དགའ་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་མན་ངག་གི་སྣང་བ།

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་ཚུལ་བཅུ་བཞི་རྣལ་འབྱོར་བཅུས་ཉམས་སུ་ལེན་པའི་ཐབས་གསལ་བར་བཤད་པ་མན་ངག་གི་སྣང་བ་ཞེས་བྱ་བ། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་ཉི་མས་འཁྱུད་པ་ཡི། །ཐུགས་རྗེའི་ས་འཛིན་ཆེར་མཐོ་བ། །དཔལ་ལྡན་ཀྱཻ་ཡི་རྡོ་རྗེ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །བཀའ་སྲོལ་རྣམ་བཞིའི་མཆོག་གྱུར་པ། །རྟོགས་པའི་རིམ་པས་བསྐྱེད་རིམ་ཚུལ། །བཅུ་བཞི་རྣལ་འབྱོར་རྣམ་བཅུ་ཡིས། དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

ལམ་འབྲས་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ།

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་ཐུགས་རྗེའི་རིན་ཆེན་ཁམས་ལས་གྲུབ། །རྒྱ་ཆེན་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །རྣམ་དག་ཕྲིན་ལས་འོད་ཟེར་སྟོང་འཕྲོ་བ། །རྗེ་བཙུན་བླ་མ་ནམ་མཁའི་ནོར་བུ་རྒྱལ། །ལམ་མཆོག་མཐར་ཐུག་གསུང་ངག་རིན་པོ་ཆེ། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་དག་ཏུ། །ཇི་ལྟར་བྱུང་དང་བརྒྱུད་པ་སོ་སོའི་སྲོལ། །མ་འདྲེས་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

གསུང་ངག་ལམ་འབྲས་དོན་བསྡུས་མའི་རྣམ་བཤད་ཟབ་དོན་གནད་ཀྱི་སྒྲོན་མེ།

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

གང་གི་རྨད་བྱུང་མཁྱེན་པའི་ཉི་འོད་ཀྱིས། །ཡང་དག་དོན་གྱི་སྣང་བ་རྒྱས་མཛད་པ། །བཀའ་དྲིན་མཉམ་མེད་རྗེ་བཙུན་ཡབ་སྲས་ཀྱི། །ཞབས་པད་དྲི་མ་མེད་ལ་ཐོག་མར་འདུད། །གྲུབ་པའི་དབང་ཕྱུག་སྟོབས་ཀྱི་མགོན་པོ་དང་། །དེ་ཡིས་རྗེས་བཟུང་རྗེ་བཙུན་ས་སྐྱ་པ། །བརྩེ་བ་ཆེན་པོའི་ཞབས་ལ་ཕྱག་འཚལ་ནས། །དེའི་གསུང་རྡོ་རྗེའི་ཚིག་གི་རྣམ་བཤད་བྲི། །རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གསུང་རབ་མདོ་རྒྱུད་མ་ལུས་པའི་སྙིང་པོ། དགོས་འདོད་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་དཔག་བསམ་ལྗོན་པ། ག༽

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བསྐྱེད་པའི་རིམ་པའི་རྣམ་པར་བཤད་པ་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྨྲ་བ་ཀུན་གྱི་གཙུག་གི་རྒྱན་གྱུར་ཅིང་། །འགྲོ་ལ་དགའ་བདེའི་དཔལ་འབྱོར་འབྱུང་བའི་གཞི། །དགོས་འདོད་བཟང་པོ་འབད་མེད་སྩོལ་མཛད་པ། །འདྲེན་མཆོག་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །རྒྱུད་སྡེ་དྲུག་པའི་རྩ་བཤད་གཞུང་འགྲེལ་བཅས། །ཕ་ན་ཕིམ་གུའི་མན་ངག་ལས་བྱུང་བའི། །སྨིན་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་དཔག་བསམ་ལྗོན་པ། ཁ༽

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བསྐྱེད་པའི་རིམ་པའི་རྣམ་པར་བཤད་པ་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྨྲ་བ་ཀུན་གྱི་གཙུག་གི་རྒྱན་གྱུར་ཅིང་། །འགྲོ་ལ་དགའ་བདེའི་དཔལ་འབྱོར་འབྱུང་བའི་གཞི། །དགོས་འདོད་བཟང་པོ་འབད་མེད་སྩོལ་མཛད་པ། །འདྲེན་མཆོག་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །རྒྱུད་སྡེ་དྲུག་པའི་རྩ་བཤད་གཞུང་འགྲེལ་བཅས། །ཕ་ན་ཕིམ་གུའི་མན་ངག་ལས་བྱུང་བའི། །སྨིན་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་དཔག་བསམ་ལྗོན་པ། ཀ༽

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བསྐྱེད་པའི་རིམ་པའི་རྣམ་པར་བཤད་པ་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྨྲ་བ་ཀུན་གྱི་གཙུག་གི་རྒྱན་གྱུར་ཅིང་། །འགྲོ་ལ་དགའ་བདེའི་དཔལ་འབྱོར་འབྱུང་བའི་གཞི། །དགོས་འདོད་བཟང་པོ་འབད་མེད་སྩོལ་མཛད་པ། །འདྲེན་མཆོག་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །རྒྱུད་སྡེ་དྲུག་པའི་རྩ་བཤད་གཞུང་འགྲེལ་བཅས། །ཕ་ན་ཕིམ་གུའི་མན་ངག་ལས་བྱུང་བའི། །སྨིན་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

མཁའ་སྤྱོད་སྒོ་འབྱེད་ཅེས་བྱ་བ།

2017 ལོའི་ཟླ 10 ཚེས 14 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ན་མོ་བཛྲ་ཡོ་གི་ནཱི། ཐུགས་རྗེས་འགྲོ་ལ་རྗེས་ཆགས་མཛེས་པའི་སྐུ། །གང་གིས་བསྒོམས་ཤིང་གསང་སྔགས་ཚོགས་བཟླས་པའི། །སྒྲུབ་པོ་མཁའ་སྤྱོད་གནས་སུ་འཁྲིད་མཛད་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་བསྒོམ་ཚུལ་དང་། །ཚེས་བཅུ་སྦྱིན་སྲེག་མར་མེའི་སྦྱིན་སྲེག་རྣམས། །དད་ལྡན་སློབ་མས་གསོལ་བ་བཏབ་པའི་ངོར། །དམ་པའི་གསུང་བཞིན་གསལ་བར་བྲི་བར་བྱ། །རྗེ་བཙུན་ནཱ་རོ་ཏ་པས་གཞན་ལ་མ་གནང་བའི་མན་ངག་ཕམ་མཐིང་སྐུ་མཆེད་ནས་བརྒྱུད་པའི་རྗེ་བཙུན་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་འཁོར་ལོ་བདེ་མཆོག་ལཱུ་ནག་གཉིས་ཀྱི་སྒྲུབ་ཐབས་མངལ་སྒོང་སྦྱོང་བའི་ཚུལ།

2017 ལོའི་ཟླ 10 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྔགས་དང་ཞིང་དང་ལྷན་ཅིག་སྐྱེས་པ་ཡི། །སྣང་བའི་འཁོར་ལོ་སྐུ་གསུམ་ངོ་བོར་ནི། །ལེགས་པར་སྡོམ་པའི་བདེ་བ་མཆོག་བརྙེས་པ། །བླ་མ་འཁོར་ལོའི་དབང་ཕྱུག་ལ་བཏུད་ནས། །གང་དེའི་སྒྲུབ་ཐབས་མངལ་སྒོང་སྦྱོང་བའི་ཚུལ། །གྲུབ་པའི་དབང་ཕྱུག་ཟུང་གིས་བཀྲལ་པའི་ལམ། །འཁྲུལ་མེད་བརྒྱུད་པའི་མན་ངག་ལ་བརྟེན་ནས། །དང་པོའི་ལས་ཅན་དོན་དུ་གསལ་བར་བྲི། །དེ་ལ་ཐོག་མར་གྲུབ་པའི་དབང་ཕྱུག་ལཱུ་ཧི་པས་མཛད་པའི་སྒོང་སྐྱེས་སྦྱོང་བྱེད་ཀྱི་མངོན་པར་རྟོགས་པ་ལ་བཞི་སྟེ། མཉམ་པར་བཞག་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ།

2017 ལོའི་ཟླ 10 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྤྲོས་བྲལ་ལྷུན་གྲུབ་ངང་ལས་མ་གཡོས་ཀྱང་། །མཁའ་ཁྱབ་སྒྱུ་མའི་གར་གྱི་སྤྲོས་པ་ཡིས། །འགྲོ་རྣམས་འདུལ་བ་དུས་ལས་མི་འདའ་བའི། །ཧེ་རུ་ཀ་དཔལ་བླ་མ་མཆོག་ལ་འདུད། །གང་གི་མཁྱེན་པའི་ཆུ་འཛིན་ལས་བྱུང་བའི། །ལེགས་གསུང་ཆར་གྱིས་བདག་བློ་ཚིམ་པ་ལས། །བདེ་མཆོག་འཁོར་ལོའི་དམ་ཆོས་བྱུང་བའི་ཚུལ། །བརྒྱུད་པའི་རྣམ་ཐར་དང་བཅས་བྲི་བར་བྱ། །འདིར་འཁོར་ལོ་བདེ་མཆོག་གི་དམ་པའི་ཆོས་བྱུང་བའི་ལོ་རྒྱུས་བརྒྱུད་པའི་རྣམ་ཐར་དང་བཅས་པ་ལ་དོན་དྲུག་སྟེ། སྤྱིར་རྒྱུད་སྡེ་སྒོ་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག

2017 ལོའི་ཟླ 10 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་ཡབ་དུ་གྱུར་ཀྱང་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་ཅིང་། །དམིགས་མེད་ཐུགས་རྗེས་འགྲོ་ལ་བརྩེ་ཡང་གདུག་ཅན་འགྲོ་ལ་ཁྲོ་ཚུལ་སྟོན། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་གྱུར་ཀྱང་སྣ་ཚོགས་སྤྲོས་པ་ཀུན་སྟོན་པ། །ལྷ་མཆོག་དེ་ལ་གུས་པས་བཏུད་ནས་དཀྱིལ་འཁོར་ཆོ་ག་འདིར་བཤད་བྱ། །འདིར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་ལ། སློབ་མ་མཚན་ཉིད་དང་ལྡན་པས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་གསོལ་བ་འདེབས་པ་ན། དེ་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར།

2017 ལོའི་ཟླ 10 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྲིད་ཞི་ཀུན་ཁྱབ་ཡེ་ཤེས་འཇམ་པའི་དབྱངས། །ཐུགས་རྗེའི་དབང་གིས་ཁྲོས་པའི་སྐུར་སྟོན་པ། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་རིམ་པར་བཤད་པར་བྱ། །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་པའི་རིམ་པ་བསྒོམ་པ་ལ། སྔོན་འགྲོ་དང་། དངོས་གཞི་དང་། ཐུན་མཚམས་སུ་གཏོར་མ་གཏོང་བའི་ཚུལ་དང་གསུམ་ལས། དང་པོ་ལ། བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པ་གཉིས། དང་པོ་ལ་ཡུལ་དག་པ་ལ་བརྟེན་པའི་ཚོགས་བསག་ནི། དབེན་པའི་གནས་ དེ་ལས་མང་་་

ཀུན་མཁྱེན་བཀའ་འབུམ།

དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཉི་འོད་ཀྱི་དོན་འགྲེལ།

2017 ལོའི་ཟླ 10 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་གཙོ་བོར་གྱུར་པའི་དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོའི་ཉི་འོད་ཀྱི་དོན་འགྲེལ་ལམ་བཟང་གསལ་བ་སྣང་བ་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལམ་མཆོག་ཀུནྡའི་ཚལ་རབ་རྒྱས་མཛད་པ། །ཐར་འདོད་བྲམ་ཟེ་དགའ་བའི་འོད་དཀར་གྱི། །ཕྲེང་བ་བཟང་པོ་ལྷ་བརྒྱའི་གཙུག་ནོར་དང་། །མཉམ་དུ་འགྲོགས་པ་འཇམ་དབྱངས་བླ་མ་རྒྱལ། །སངས་རྒྱས་ཀུན་གྱི་གསང་ཆེན་འདུས་པའི་རྒྱུད། །ཡེ་ དེ་ལས་མང་་་

1 2 3 4