གསར་འགྱུར།

བོད་ཡུལ་རྫ་ས་སྐྱ་དགོན་གྱི་ལྗོན་ཤིང་འདེབས་འཛུགས་གནང་འདུག

2018 ལོའི་ཟླ 5 ཚེས 10 ཉིན། གདོང་མཁན། 0

དེ་ཡང་། འཇིག་རྟེན་འདིར་སྲོག་ལྡན་གྱི་སེམས་ཅན་བྱུང་ནས་བཟུང་སྟེ་ཡངས་པའི་ས་གཞི་ཆེན་པོ་འདི་ཁོ་ན་ལ་རྟེན་བཅས་ཤིང་། འདི་ཁོ་ནས་སྲོག་ལྡན་རྣམས་འཚོ་ཞིང་སྐྱོང་བར་བྱས། ང་ཚོས་རང་རང་གི་ཁང་ཁྱིམ་ལ་གསོ་སྐྱོང་དང་བདག་གཅེས་བྱེད་ཀྱང་དེ་ནི་ཇི་ཙམ་རིང་ཡང་མི་རབས་ཁ་ཤས་ཀྱི་སྡོད་ཁང་ཙམ་ཡིན། ཡངས་པའི་ས་ཆེན་པོ་འདི་ནི་འདས་པའི་མེས་པོ་གྲངས་མེད་པ་དག་གི་འཚོ་གནས་བྱེད་སའི་གཞི་བྱས་ཟིན་ལ། མ་འོངས་པའི་ང་ཚོའི་རྗེས་རབས་པ་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཁ་ལི་ཧྤོ་ནི་ཡར་བཀའ་དབང་སྩལ་གནང་བ།

2018 ལོའི་ཟླ 5 ཚེས 9 ཉིན། གདོང་མཁན། 0

ཁམས་གསུམ་འགྲོ་བའི་མགོན་པོ་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་ཁྲི་རབས་ཞེ་གཉིས་པ་ཆེན་པོ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་སི་ཡ་ཀྲལ་མཛད་རིམ་ལེབས་པར་ཡོངས་སུ་གྲུབ་པ་དང་ཁ་རྩང་ཨ་རི་སྟོབས་ཆེན་རྒྱལ་ཁབ་ཀྱི་མངའ་སྡེ་༥༠ ལས་ཨ་རི་ནུབ་ཕྱོགས་སུ་ཆགས་པའི་ཨ་རི་མངའ་སྡེ་མངའ་སྡེ་ཆེ་ཤོས་གསུམ་པ་དང་གློག་བརྙན་འཁྲབ་སྟོན་གནང་ས་སྐད་གྲགས་ཆེ་ཤོས་གནས་ཡུལ་དང་། ཞིང་ལས་ཀྱི་ཐོན་སྐྱེད་ཀྱི་ཨ་རི་ནང་གི་མཐོ་ཤོས་ཀྱི་ དེ་ལས་མང་་་

བསྒྱུར་རྩོམ།

ཉལ་ཕྱི་དྲགས་པས་ང་ཚོའི་ཚེ་ཐག་ཇེ་ཐུང་དུ་གཏོང་བ་ཡིན།

2018 ལོའི་ཟླ 5 ཚེས 8 ཉིན། གདོང་མཁན། 0

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ པའི་ཚེས་ ༡༦ ཉིན། སླ་བ། ཉམས་ཞིབ་པ་ཞིག་གིས་ཉལ་ཕྱི་བ་ནི་ང་ཚོའི་འཕྲོད་བསྟེན་ལ་གནོད་པ་མ་ཟད། དེས་ང་ཚོའི་ཚེ་ཐག་ཀྱང་ཐུང་དུ་གཏོང་སྲིད་ཅེས་བཤད། ཞིབ་འཇུག་དེ་ཨ་རིའི་ནང་དུ་བྱས་ཤིང་། དེ་ཡང་ཉམས་ཞིབ་པ་མང་པོས་ལོ་དྲུག་དང་ཕྱེད་ཙམ་སྤྱད་ནས་ལོ་སོ་བརྒྱད་ནས་དོན་གསུམ་བར་གྱི་མི་བཞི་འབུམ་སུམ་ཁྲིའི་མི་ཚེའི་སྤྱོད་ལམ་ལ་ཞིབ་འཇུག་བྱས། ཞིབ་འཇུག་དེའི་མཇུག་ཏུ་ཁོང་ཚོས་ཉལ་སྔ་ཕྱིའི་མིའི་འཆི་བར་མཚུངས་ དེ་ལས་མང་་་

གསར་འགྱུར།

ས་སྐྱ་ཁྲི་འཛིན་མཆོག་གིས་བྱང་ཨ་རིར་བོད་མི་ནང་ཁུལ་མཐུན་ལམ་ཆིག་སྒྲིལ་བྱེད་དགོས་ཚུལ་གསུངས་འདུག

2018 ལོའི་ཟླ 5 ཚེས 8 ཉིན། གདོང་མཁན། 0

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་ཆིག་སྒྲིལ་དང་ཡ་རབས་སྤྱོད་བཟང་ལ་འབད་པ་དགོས་པའི་བཀའ་སློབ་གནང་འདུག དེ་ཡང་འཁོན་རིགས་བསྟན་པའི་མངའ་བདག་༧དཔལ་ས་སྐྱ་ཁྲི་ཆེན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཟླ་འདིའི་སྤྱི་ཚེས་༦་རེས་གཟའ་ཉི་མའི་ཉིན། ཨ་རིའི་རྒྱལ་སའི་མངའ་ཁུལ་ཀྱི་བོད་མི་ཚོར་བཀའ་སློབ་གནང་སྐབས། རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་ཐུགས་མཐུན་ཁྲིམས་གཙང་དགོས་པ་དང་། གནད་དོན་ཆུང་ཙག་ དེ་ལས་མང་་་

འཚོ་བའི་ཤེས་བྱ།

བོད་ལུགས་གསོ་རིག་གི་ཐུན་མོང་མིན་པའི་དཔྱད་ལྔའི་ལག་ལེན།

2018 ལོའི་ཟླ 5 ཚེས 8 ཉིན། གདོང་མཁན། 0

བོད་ལུགས་གསོ་རིག་ནི་བོད་རིགས་མི་དམངས་ཚོས་དུས་ཡུན་རིང་པོའི་ནང་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཐོག་མི་རིགས་གཞན་གྱི་གསོ་རིག་ལེགས་ཆ་ཡང་བླངས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བས་ད་ཆ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་རིག་གཞུང་གི་མ་ལག་ཆ་ཚང་བའི་གསོ་རིག་གི་གཞུང་ལུགས་ཤིག་ཏུ་གྲུབ་པ་མ་ཟད། ཀླད་སྐྱོན་སྙིང་ནད་དང་། རྩ་དཀར་གྱི་ནད། གཅོང་ནད་བཅས་ལ་མཆོག་ཏུ་སྨན་པའི་ཐོག་ཆ་བྱད་དཔྱད་ཀྱི་ལག་ལེན་ཏེ། དེ་ལས་མང་་་

གསར་འགྱུར།

བདེ་བར་གཤེགས་པ་༧ སྐྱབས་མགོན་ཕུན་ཚོགས་ཕོ་བྲང་མཆོག་གི་དགོངས་རྫོགས་རྡོ་རྗེ་གླིང་དུ་བརྩི་སྲུང་གནང་བ།

2018 ལོའི་ཟླ 5 ཚེས 7 ཉིན། གདོང་མཁན། 0

དེ་རིང་སྟེ་བོད་ཟླ་ ༣ ཚེས་ ༢༢ ཉིན་འདིར་བདག་ཅག་རྣམས་ཀྱི་མགོན་དཔུང་དམ་པ་༧སྐྱབས་མགོན་བདེ་བར་གཤེགས་པ་༧གོང་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དགོངས་རྫོགས་དུས་ཆེན་དང་སྟབས་བསྟུན་མགོན་པོ་གང་གི་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པའི་བདག་ཅག་སྐལ་ལྡན་སློབ་འབངས་དམ་ཚིག་དང་བྱིན་རླབས་ཟབ་མོའི་འབྲེལ་བ་ཐོབ་པ་རྣམ་པ་སོ་སོས་མཆོད་འབུལ་རྒྱ་མི་ཆུང་བ་རེ་གནང་རྩིས་ཡོད་ངེས་པར་སོང་དེ་ དེ་ལས་མང་་་

ངག་རྩོམ།

༧རྫོང་གསར་མཁྱེན་བརྩེའི་ཉེ་རྩོམ་གྲགས་ཅན།

2018 ལོའི་ཟླ 5 ཚེས 7 ཉིན། གདོང་མཁན། 0

རྒྱ་གར་འཕགས་པའི་ཡུལ་དང་། ཤྲི་མངའ་ལྡན་གྱི་བལ་པོས་འཛམ་གླིང་འདིའི་གོང་དུ། རིན་པོ་ཆེའི་འབྱུང་ཁུངས་རྣམས་ཀྱི་མཆོག་དུ་གྱུར་པ། སངས་རྒྱས་བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་ལ་ལེགས་སྐྱེས་སུ་སྩལ་ཡོད། འོན་ཀྱང་ད་ལྟའི་ཆར། རྒྱལ་བལ་གྱི་ངོས་ནས་སྟོན་པའི་བསྟན་པ་ལ་རིན་ཐང་ཙམ་ཡང་འཇོག་ཤེས་ཀྱི་མེད་པ་མ་ཟད། རྒྱ་བལ་གཉིས་ཆར་སྟོན་པའི་འབྱུངས་ཁུངས་ཡིན་པའི་རྒྱུ་མཚན་གྱིས་སྤོབས་པ་ཙམ་ཡང་སྐྱེ་ཤེས་པ་མི་སྣང་། སངས་རྒྱས་རང་ཉིད་སྐུ་བལྟམས་པའི་ཕ་ས་ དེ་ལས་མང་་་

གསར་འགྱུར།

མ་ན་ལིར་༦ སྐྱབས་མགོན་གོང་མ་ཕུན་ཚོགས་ཕོ་བྲང་མཆོག་གི་དགོངས་རྫོགས་མཆོད་འབུལ་གནང་འདུག

2018 ལོའི་ཟླ 5 ཚེས 7 ཉིན། གདོང་མཁན། 0

དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མ་ན་ལི་རུ་བདེ་བར་གཤེགས་པ་༧སྐྱབས་མགོན་༧གོང་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་གཉིས་ཧྲིལ་པོ་འཁོར་བའི་དགོངས་རྫོགས་ཆེན་མོའི་ཚོགས་མགོན་དུ་༧སྐྱབས་མཆོག་འཁོར་ལོ་མགོན་པོ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་དབུ་བཞུགས་ཐོག་རང་རིག་དགོན་པའི་མཁན་པོ་དགེ་འདུན་རྣམས་དང་། འདི་གའི་དགེ་སློབ་རྣམས་ནས་སྔ་དྲོ་བླ་མཆོད་དང་ཕྱི་དྲོ་བསྐང་སོ་དང་ཚོགས་འཁོར་འབུལ་འཆར་བཅས་རེད་འདུག དེ་ལས་མང་་་

གསར་འགྱུར།

༧སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་འབྲས་ལྗོངས་སྒང་ཐོག་དང་རྡོ་རྗེ་གླིང་བཅས་སུ་ཆིབས་བསྒྱུར་གནང་འདུག

2018 ལོའི་ཟླ 5 ཚེས 6 ཉིན། གདོང་མཁན། 0

༧སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་སྤྱི་ཚེས ༥ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་སྒང་ཐོག་ཆིབས་བསྒྱུར་གནང་བར་དང་སྦྲགས་ས་གནས་འགན་འཛིན་དང་དགོན་སྡེ་གྲྭ་ཚང་གི་སྐུ་ཚབ་རྣམ་པ་དང་། ཚོགས་པ་ཁག་གི་འགོ་ཁྲིད་གཙོས་མི་མང་ཚོས་ཕེབས་བསུ་དང་། དེ་རིང་རྡོ་རྗེ་གླིང་དུ་ཞབས་སོར་བདེ་བར་འཁོད་ནས་༧སྐྱབས་མགོན་བདེ་བར་གཤེགས་པ་༧གོང་མ་བདག་ཆེན་རྡོ་རྗེ་འཆང་གི་དགོངས་རྫོགས་མཆོད་འབུལ་ཆེད་ཕྱི་ཟླ་ ༥ ཚེས་ ༦ ནས་བཟུང་ཉིན་བཞིའི་རིང་ དེ་ལས་མང་་་

གསར་འགྱུར།

མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་རྫོགས་བུ་སློབ་ཚོས་ཡུལ་གྲུ་མང་པོ་ནས་སྲུང་བརྩི་གནང་འདུག

2018 ལོའི་ཟླ 5 ཚེས 6 ཉིན། གདོང་མཁན། 0

བོད་རབ་བྱུང་ ༡༧ པའི་རབ་གནས་ས་ཁྱི་ལོའི་བོད་ཟླ་ ༣ ཚེས་ ༢༠ ཉིན་འཕགས་ཡུལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མཁན་ཆེན་བདེ་བར་གཤེགས་པ་ངག་དབང་ཀུན་དགའ་དབང་ཕྱུག་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་ཞིང་དུ་གཤེགས་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་རྗེས་དྲན་ཉིན་མགོན་པོ་གང་གི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་འཚོ་བཞིན་པའི་མཁན་སློབ་འདུས་མང་ཡོངས་ཀྱིས་དགོངས་རྫོགས་མཆོད་འབུལ་སྐབས་སུ་༧ སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ དེ་ལས་མང་་་

ངག་རྩོམ།

མཁན་པོ་བསོད་དར་རྒྱས་ཀྱིས་མཁན་ཆེན་ཀུན་དགའ་དབང་ཕྱུག་གླེང་བ།

2018 ལོའི་ཟླ 5 ཚེས 4 ཉིན། གདོང་མཁན། 0

དེ་བཞིན་མཁན་པོ་ཀུན་དགའ་དབང་ཕྱུག་རིག་གསར་གྱི་གོང་ཞིག་ནས་ཁོང་བཙོན་ཁང་དུ་ལོ་ངོ་ཉི་ཤུ་འགོར། བཙོན་གྲོལ་བྱས་རྗེས་རྒྱ་གར་དུ་ཕེབས་པ་རེད། ལོ་རབས་དེར་བཙོན་ཁང་ནས་མྱངས་པའི་མནར་གཅོད་དེ་བསམ་ཡུལ་ལས་འདས་པ་ཞིག་སྟེ། ང་ཚོ་བཙོན་ཁང་དུ་འགྲོ་མྱོང་མེད་ནའང་། བཙོན་པ་རྡུང་རྡེག་བྱེད་པའི་སྣང་ཚུལ་མང་པོ་ཐོབ་མྱོང་ཞིང་། རབ་བྱུང་བ་དང་ཁྱིམ་པ་སུ་ཡིན་ཡང་དམྱལ་བ་ནས་མི་ཡུལ་དུ་ལོག་པ་ལྟ་བུའི་འཇིགས་རུང་ཞིག་ཏུ་བརྩི་བ་རེད། ཁོང་ དེ་ལས་མང་་་

ངག་རྩོམ།

ཡོངས་འཛིན་དྲན་པའི་གདུང་འབོད།

2018 ལོའི་ཟླ 5 ཚེས 3 ཉིན། གདོང་མཁན། 0

འདྲེན་མཆོག་ཡོངས་འཛིན་དམ་པའི་ཡེ་ཤེས་འཕྲུལ།།མ་ཉམས་འཕྲིན་ལས་ཉི་ཟེར་འཛུམ་རླབས་ཀྱིས།།བརྩེ་མཁྱེན་རྟ་བདུན་འགྲོས་ཀྱིས་ལེགས་དྲངས་པའི།།འཛམ་གླིང་ཁྱོན་དུ་ཆོས་དུང་དབྱངས་སུ་གྱེར།།གླིང་ཕྲན་ཤར་ནུབ་ཀུན་ཏུ་བུ་སློབ་ཚོར།།སྔོན་མེད་ལེགས་བཤད་ཟབ་དོན་མན་ངག་བཅུད།།གཉིས་འཛིན་འཁྲུལ་བའི་བློ་རྨོངས་ཀུན་སེལ་བ།།ཡོངས་འཛིན་ཀུན་དབང་ཉིད་ཀྱིས་བཀའ་དྲིན་ཉིད།།རྒྱལ་བསྟན་ཕྱོགས་མཐར་སྤེལ་བའི་སེམས་དཔའ་ཅན།།ཡང་དག་མདོ་སྔགས་བསྟན་པའི་ཁུར་ཆེན་བཞེས།།བརྩེ་བས་སྒྲུབ་བཙུན་གདུལ་བྱ་ཁྲི་སྟོང་གཉེར།།ངེས དེ་ལས་མང་་་

ལོ་རྒྱུས།

རིན་པོ་ཆེ་གཟི་ཡི་རྣམ་བཤད་རགས་རིམ།

2018 ལོའི་ཟླ 5 ཚེས 2 ཉིན། གདོང་མཁན། 0

གཟི་ནི་བོད་ཁ་བ་གངས་ཅན་པའི་ཡུལ་དུ་ཐོན་པའི་རིན་པོ་ཆེའི་རིགས་ཤིག་ཡིན། ཕལ་ཆེར་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ལྡན་ཡོད། ཆེས་ཐོག་མའི་གཟི་རིན་པོ་ཆེ་འདི་གངས་རིས་བསྐོར་བ་ཞང་ཞུང་གི་ཡུལ་དུ་དར་ནས་རིམ་པར་བོད་ཀྱི་ལྗོངས་ཡོངས་སུ་ཁྱབ། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་ནང་གཟི་རིན་པོ་ཆེ་འདིར་སྤུས་ཀ་ཇེ་ལེགས་དང་དགོས་པ་ཇེ་ཆེ། མཛེས་ཆ་ཇེ་བཟང་། བཟོ་དབྱིབས་ཇེ་མང་། རི་མོ་ཇེ་ཡག་གི་རྣམ་པ་རུ་འགྱུར་ཏེ། ཤིན་ཏུ་རྩིས་ཆེ་ དེ་ལས་མང་་་

ལོ་རྒྱུས།

སྲོང་བཙན་སྒམ་པོའི་མཛད་འཕྲིན་ཁག་གཅིག

2018 ལོའི་ཟླ 5 ཚེས 2 ཉིན། གདོང་མཁན། 0

གནམ་རི་སྲོང་བཙན་གྱི་སྐུ་ཚེ་སྨད་དུ་སྤུ་རྒྱལ་གདུང་རབས་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་མེད་པས་ཕྱི་ནང་གི་སྟོབས་ཤུགས་གང་མང་གི་སྟོབས་ཀྱིས་ཆག་འཇིག་གི་ཉེན་ཁ་ཚབས་ཆེན་པོར་ཐུག གནས་ཚུལ་དེ་ལྟ་བུའི་འོག སྲོང་བཙན་སྒམ་པ་དགུང་ལོ་བཅུ་གསུམ་ལ་ཁ་གཏད་མ་ཐག་པ་དེ་བློན་ཆེན་མྱང་མང་རྗེ་ཞང་སྣང་དང་། མགར་མང་ཞང་སུམ་སྣང་། ཁྱུང་པོ་སྤུང་སད་ཟུ་ཙེ། དབས་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་བཙན་པོའི་ཁྲི་ལ་མངའ་གསོལ དེ་ལས་མང་་་

ལོ་རྒྱུས།

རྒྱལ་ཆེན་སྡེ་བཞི།

2018 ལོའི་ཟླ 5 ཚེས 2 ཉིན། གདོང་མཁན། 0

སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རྒྱལ་ཆེན་སྡེ་བཞི་འདི་ནམ་མཁའ་ལྡིང་སྒྲ་སྙན་དང་། སྒྲ་ཆུང་དང་། ཀླུ་དབུགས་དང་། དབུགས་ཆེན་དུ་གྱུར་པ་ན་བཞི་ཡིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཏེ་དད་ནས་བསླབ་པའི་གཞི་བཟུང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ནམ་མཁའ་ལྡིང་གཉིས་མིག་མི་བཟང་དང་། རྣམ་ཐོས་སྲས། ཀླུ་གཉིས་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོར་གྱུར་ཏེ། སྟོན་པ་མངལ་དུ་བཞུགས་པ་ནས་བཟུང་སངས་རྒྱས་པའི་བར དེ་ལས་མང་་་

1 10 11 12 13 14 51