རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་གསུང་འཕྲིན་གསར་པ།
ངས་ཤེས་རྟོགས་བྱུང་བ་ལྟར་ན་མི་ཁ་ཤས་ཀྱིས་ཅ་ལག་འགའ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སྐུ་དངོས་ཀྱི་རེད་ཟེར་ཅིང་འཚང་གི་ཡོད་ས་རེད། གཅིག་བྱས་ན་ཅ་ལག་ཁ་ཤས་དེ་ལྟར་ཡིན་སྲིད། འོན་ཀྱང་གནད་འགག་ཆེ་ཤོས་ནི་དེ་དག་མཁྱེན་བརྩེ་སྐུ་གོང་འོག་གི་ཅ་ལག་ངོ་མ་ཡིན་མིན་དེ་མ་རེད། གནད་འགག་ཆེ་ཤོས་དེ་ཅ་ལག་འདི་དག་སྤྱིར་ཚོང་རྫས་སུ་འགྱུར་མི་བཅུག་རྒྱུ་དང་། ཁྱད་པར་ཚད་ལས་བརྒལ་བའི་རིན་ དེ་ལས་མང་་་