འཁྲུལ་སྤོང་གི་བརྒལ་ལན་རྣམ་པར་ངེས་པའི་རབ་གསལ། ཁ ༽
ན་མོ་བཛྲ་དྷ་རཱ་ཡ། རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེས་སྟོང་པ་ཉིད། །བདག་གིར་བྱས་པའི་བདེ་ཆེན་པོ། །དམ་ཚིག་རྡོ་རྗེའི་སྐུར་བསྟན་པ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་བདེ་བ་མཆོག་དེའི་འཆི་མེད་ལམ་ཆེན་པོར། །འོད་གསལ་མཚམས་སྤྲིན་ལི་ཁྲིའི་མདངས་ཀྱིས་ཉེར་འཁྱུད་པའི། །གཉིས་མེད་ཟུང་འཇུག་ཉམས་དགུའི་རྣམ་རོལ་གྱིས་ཕྱུག་པ། །ཡིད་འོང་སྒྱུ་མའི་གར་མཛད་དེ་ལ་ཕྱག་འཚལ་ལོ། དེ་ལས་མང་་་