གནས་ཆེན།

བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྐུ་བལྟམས་སའི་གནས་མཆོག

2018 ལོའི་ཟླ 9 ཚེས 12 ཉིན། གདོང་མཁན། 0

འདི་ནི་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྐུ་བལྟམས་སའི་གནས་མཆོག་གཅིག་ཡིན། འདིར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་ས་ཆེན་སྐུ་འཁྲུངས་དུས་ཀྱི་བཞུགས་གདན་ཁྲུ་མ་དང་བཅས་པ་གཟུངས་གཞུག་ཏུ་བཞུགས་པའི་བདུད་འདུལ་མཆོད་རྟེན་བཞེངས་གནང་ཤིང་། དེ་རྗེས་ཕྲུ་མའི་དགོན་པ་ངོ་མཚར་ཅན་འདི་ཡང་སྔགས་འཆང་ཆེན་པོས་ཕྱག་བཏབ་གནང་བ་དང་། དུས་འགྱུར་གྱི་རྐྱེན་པས་ཉམས་ཆག་བྱུང་ཡང་སླར་ཉམས་བཟོ་ཞུས་ཏེ་སྔར་གྱི་མཆོད་རྟེན་དང་། ས་ཆེན་བཞུགས་ཁྲི། གོང་མ་རྣམ་ལྔའི་སྣང་ དེ་ལས་མང་་་

གནས་ཆེན།

གནས་མཆོག་ཁའུ་བྲག་རྫོང་།

2018 ལོའི་ཟླ 9 ཚེས 12 ཉིན། གདོང་མཁན། 0

དཔལ་ས་སྐྱ་ངོ་མཚར་སྤྲུལ་པའི་ལྷ་ཁང་ཆེན་མོ་ནས་སྤྱི་ལེ་བཅུ་གཉིས་ཙམ་ན་ཆགས་ཡོད་པའི་གནས་མཆོག་ཁའུ་བྲག་རྫོང་གསང་ཆེན་གྲུབ་པའི་ལྟེ་གནས་འདི་ནི་ལོ་ངོ་སྟོང་ཕྲག་གིས་ལོ་རྒྱུས་ལྡན་ཞིང་ལུང་གིས་བསྟན་པའི་དཔལ་ས་སྐྱ་པའི་སྒྲུབ་གནས་གཙུག་རྒྱན་ཞིག་ཡིན། གནས་འདི་ནས་བླ་མ་གནམ་ཁའུ་པ་ནས་བཟུང་རྗེ་བཙུན་གོང་མ་ལྔའི་གཙོས་ངོར་རྫོང་ཚར་གསུམ་དང་གྲུབ་མཐའ་རིས་སུ་མ་ཆད་པའི་གྲུབ་པའི་ཁྱུ་མཆོག་བསམ་གྱིས་མི་ཁྱབ་པ་བྱོན། ལྷག་པར་གོང་མ་ཞལ་ དེ་ལས་མང་་་

གསར་འགྱུར།

མངོན་དགའ་སློབ་གྲྭར་འཁྲུངས་སྐར་སྲུང་བརྩི་གནང་འདུག

2018 ལོའི་ཟླ 9 ཚེས 12 ཉིན། གདོང་མཁན། 0

སྡེ་ར་ལྡུན་མངོན་དགའ་༼དམིགས་བསལ་དགོས་མཁོ་ཅན་༽གྱི་སློབ་གྲྭ་རུ། ༧ རྗེ་བཙུན་མ་ཀུན་དགའ་དཔལ་གཏེར་མཆོག་དང་། བདག་མོ་སྐལ་ལྡན་སྒྲོན་སྐྱིད་མཆོག་རྣམ་གཉིས་མངོན་དགའ་སློབ་གྲྭར་དྲངས་ཏེ། ༧ གོང་མ་ཁྲི་ཆེན་མཆོག་གི་འཁྲུངས་སྐར་མཛད་རིམ་སྲུང་བརྩི་ཞུས་པར་དང་སློབ་མ་རྣམས་ལ་ལག་རྟགས་ཆུང་ཡང་སེམས་པའི་ཁྱད་ཅེས་གཏམ་དཔེ་ལྟར་ལེགས་སྐྱེས་ཀྱི་གསོལ་རས་བསྩལ་གནང་བ་དང་། དེ་བཞིན་དུ་དགེ་སློབ་ཡོངས་ལ་གསོལ་ཇ། གསོལ་ཚིགས། མཛད་སྒོ་ཡོ་ཆས་ཆ་ཚང་གི་མཐུན་རྐྱེན་སྦྱར་ དེ་ལས་མང་་་

གསར་འགྱུར།

མི་མང་ལ་ནང་ཆོས་ངོ་སྤྲོད།

2018 ལོའི་ཟླ 9 ཚེས 12 ཉིན། གདོང་མཁན། 0

༧ སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གིས་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཙུག་ལག་སློབ་གཉེར་ཁང་གི་ཉེ་འཁོར་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་གི་སློབ་མ་ཡོངས་ལ་དམིགས་ནས་ནང་པའི་ལྟ་གྲུབ་དང་ནང་ཆོས་ཇི་ལྟར་ཉམས་ལེན་དགོས་ཚུལ་སོགས་ཀྱི་ནང་ཆོས་ངོ་སྤྲོད་སྤྱི་ཟླ་བརྒྱད་པའི་ནང་དུ་གནང་ཡོད་པ་མ་ཟད། ད་རན་ཐེངས་གཉིས་དེ་ཡང་སྤྱི་ཟླ་དགུ་པའི་ནང་དུ་རྫོང་གསར་བཤད་གྲྭའི་སློབ་སྤྱི་མཁན་རིན་པོ་ཆེ་བསམ་འགྲུབ་མཆོག་ དེ་ལས་མང་་་

ངག་རྩོམ།

༧སྐྱབས་མགོན་ས་སྐྱ་༧གོང་མ།

2018 ལོའི་ཟླ 9 ཚེས 10 ཉིན། གདོང་མཁན། 0

༧སྐྱབས་མགོན་ས་སྐྱ་༧གོང་མ། ཁྱེད་ནི་མཚན་མཆོག་གསུམ་གྱི་བདག་ཉིད་རིགས་རུས་ཀྱི་ཆེ་བ་ཅན། ཐོས་བསམ་སྒོམ་གསུམ་གྱི་བང་མཛོད་གྱུར་ནས། འཆད་རྩོད་རྩོམ་གསུམ་ལ་མངའ་དབང་འབྱོར་བའི་མཁས་པའི་ཁྱུ་མཆོག་གྲུབ་པའི་བདག་ཉིད་སྙིགས་དུས་ཀྱི་སྟོན་པ། རིས་མེད་མཁས་པ་ཀུན་གྱིས་གཙུག་ཏུ་བཀུར་བའི་བླ་མ། ཉིད་ཀྱི་སྐུའི་འཁྲུངས་སྐར་དགའ་དད་སྤྲོ་གསུམ་གྱིས་བསུ། ༧སྐྱབས་མགོན་ས་སྐྱ་༧གོང་མ། ཁྱེད་ནི་རིགས་གསུམ་མགོན་པོའི་རྣམ་འཕྲུལ། མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག མཁས་བཙུན་བཟང་གསུམ་གྱི་ དེ་ལས་མང་་་

ངག་རྩོམ།

གཏེར་ཆེན་ཨ་པཾ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་གླིང་པས་ཞལ་ཆེམས།

2018 ལོའི་ཟླ 9 ཚེས 10 ཉིན། གདོང་མཁན། 0

བདག་གི་སྔོན་གྱི་ལས་དང་སྨོན་ལམ་གྱིས།།ས་སྐྱའི་བླ་མ་ལྷ་སྲུང་བཅས་པ་ཡིས།།ཐུགས་དམ་གནད་ནས་བསྐུལ་བའི་དོན་ཇི་བཞིན།།འདི་སྣང་གཞན་དུ་འཕོ་བའི་དུས་ལ་བབས།།འཆི་བར་དབང་ཐོབ་དུས་ཆེན་ཚེས་བཅུར་འཕོ།།སྐྱེ་བར་དབང་ཐོས་ས་སྐྱ་གོང་དུ་འགྲོ།།འཇུག་པར་དབང་ཐོབ་ལྷ་རིགས་འཁོན་གྱི་གདུང་།།སྨོན་ལམ་དབང་ཐོབ་རིགས་ཆོས་ཉམས་པ་གསོ།།འཆི་མེད་རྡོ་རྗེའི་སྐུར་འགྲུབ་པདྨ་འབྱུང་།།ཐུགས་བསྐྱེད་བདེན་པས་བྱ་འམ་སྤྲེལ་གྱི་ལོར།།མཚན་དཔེའི་འོད་ཀྱི་འཇིག་རྟེན་མཛེས་བྱེད་ཅིང་།སྐུ་ཚེའི་ དེ་ལས་མང་་་

ངག་རྩོམ།

གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག

2018 ལོའི་ཟླ 9 ཚེས 10 ཉིན། གདོང་མཁན། 0

སྤྱིར་ན་བསླུ་མེད་དཀོན་མཆོག་རིན་ཆེན་དང་།།ཁྱད་པར་འཆི་མེད་ཚེ་ཡི་ལྷ་ཚོགས་ལ།།མི་ཕྱེད་དད་པས་གསོལ་འདེབས་བདེན་པའི་དོན།།གེགས་མེད་ཡིད་བཞིན་འགྲུབ་པའི་བྱིན་མཐུ་སྩོལ།།འགྲོ་ལ་བརྩེ་བས་རྗེས་ཆགས་བྱུ་རུའི་མདངས།།འཆི་མེད་བདུད་རྩིའི་བུམ་བཟང་ལེགས་པར་བསྣམས།།མཚན་ཙམ་དྲན་པས་ཚེ་ཡི་དཔལ་སྟེར་བའི།།ལྷ་མཆོག་གང་དེས་དེང་འདིར་ཤིས་པ་སྩོལ།།ང༵ག་དབ༵ང་མཁྱེན་པའི་གཏེར་ཆེན་འཇམ་དཔལ་དབྱངས།།ཀུ༵ན་དག༵འ་སྙིང་པོའི་རིང་ལུགས་མཛོད་འཛིན་ཕྱིར།།བསམ་བཞིན་འདིར་བྱོན་ཐེ༵ག་ཆེ༵ན་མདོ་སྔགས་ཀྱི།སྔོན་ དེ་ལས་མང་་་

བསྟོད་ཚོགས།

སྐྱབས་མགོན་༧གོང་མ་མཆོག་གི་འཁྲུངས་སྐར་བསུ།

རིགས་རྒྱུད་དཔག་བསམ་ལྗོན་པའི་འཁྲི་ཤིང་ཅི།།རིགས་རུས་ཕུན་སུམ་ཚོགས་པའི་ལོ་ཏོག་བཞད།།རིགས་བདག་དཔལ་ལྡན་བླ་མ་ས་སྐྱ་པ།།རིགས་དྲུག་འགྲོ་བའི་ཆེད་དུ་བྱོན་བའི་ཉིན།།
རྒྱལ་ཀུན་མཁྱེན་པའི་རང་གཟུགས་ས་སྐྱ་པ།།རྒྱལ་བའི་གོང་མ་རྣམས་ལས་ཆེས་ལྷག་པའི།།རྒྱལ་བསྟན་སྙིང་པོ་སྲོག་ལྟར་གཅེས་འཛིན་པའི།།རྒྱལ་མཆོག་ས་སྐྱ་པ་དེ་རྒྱལ་གྱུར་གཅིག།མཁྱེན་པའི་དཀྱིལ་འཁོར་དྭངས་གསལ་ལྷ་ལམ་ནས།།མཁྱེན་རབ་གཉིས་སུ་མེད་པའི་ཡེ་ཤེས་ཅན།།མཁྱེན་པའི་ཆ་ཤས་མ་ལུས་གཟིགས་མཛད་པ།།མཁྱེན་
དེ་ལས་མང་་་

བསྟོད་ཚོགས།

འཁྲུངས་སྐར་བསུ་བའི་དད་གསུམ་སྤྲོའི་དབྱངས།

2018 ལོའི་ཟླ 9 ཚེས 9 ཉིན། གདོང་མཁན། 0

རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་།།རྒྱལ་ཀུན་སྙིང་རྗེ་རང་གཟུགས་སྤྱན་རས་གཟིགས།།དངོས་སྟོབས་རིག་པའི་མཁྱེན་རབ་འཇམ་དཔལ་དབྱངས།།གཅིག་འདུས་འཁོན་གདུང་ལྷ་ཡི་སྲས་ཀྱི་མཆོག།མདོ་སྔགས་ཤེས་བྱའི་དཀྱིལ་འཁོར་མུ་ཁྱུད་ཅན།།རིག་འཛིན་བརྒྱུད་པའི་མན་ངག་བདུད་རྩིའི་མཛོད།།རབ་འབྱམས་རྒྱལ་ཀུན་ངོ་བོ་གཅིག་འདུས་པ།།རྒྱལ་བསྟན་གྲུབ་མཐའི་དཔལ་མགོན་གཙུག་ཏུ་བཀུར།།སྨིན་གྲོལ་འཕྲིན་ལས་རྒྱལ་བའི་མཐུ་སྟོབས་ཅན།།དམིགས་མེད་ཐུགས་རྗེ་འགྲོ་ལ་བརྩེར་གཟིགས་ནས།།སྙིགས་དུས་བསྟན་འགྲོའི་དཔལ་མགོན་དམ་པ་མཆོག། ལྷ་མིའི་ དེ་ལས་མང་་་

གསར་འགྱུར།

ཨ་རི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆོས་བརྡ།

2018 ལོའི་ཟླ 9 ཚེས 9 ཉིན། གདོང་མཁན། 0

གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧དཔལ་ལྡན་ས་སྐྱ་པ་༧སྐྱབས་མགོན་༧གོང་མ་རྣམ་གཉིས་ཀྱི་ཐུགས་བཞེད་ལམ་སྟོན་གྱི་བཀའ་དྲིན་དང་། ༧དཔལ་ས་སྐྱའི་དབུས་སྨོན་ལམ་ཚོགས་པས་མཐུན་འགྱུར་དང་རྒྱབ་སྐྱོར་འོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གསུམ་པ། བྱང་ཨ་རིའི་ས་གནས་སི་ཨ་ཊ་མངའ་སྡེ་རུ་ས་སྐྱ་དགོན་པའི་ཉེ་འགྲམ་(Lynnwood Convention Center) ཚོགས་ཁང་ཆེན་པོའི་ནང་དུ། སྤྱི་ལོ་༢༠༡༩ ལོའི་ཟླ་༧ ཚེས་༡༢–༡༣–༡༤ བཅས་ཉིན་གསུམ་གྱི་ དེ་ལས་མང་་་

བསྟོད་ཚོགས།

བསྟོད༌ཚིག༌གངས༌རི༌དཀར༌པོ།

2018 ལོའི་ཟླ 9 ཚེས 9 ཉིན། གདོང་མཁན། 0

བསྟོད༌ཚིག༌གངས༌རི༌དཀར༌པོ།དཔལ༌ལྡན༌ས༌སྐྱ༌གོང༌མ༎སྔོན༌བྱོན༌རྒྱལ༌བ༌རྣམས༌ཀྱིས༎ལུང༌བསྟན༌བྱིན༌གྱིས་རླབས༌པས།།ཁྱེད༌ཉིད༌མཐོ༌སྒང༌འདི༌ལ༎བྱོན༌པ༌སྙིང༌ནས༌ལེགས༌སོ༎དྲིན༌ཆེན༌ཡིད༌བཞིན༌ནོར༌བུས༎འཛམ༌གླིང༌ས༌ཕྱོགས༌ཡོངས༌ལ༎བྱམས༌དང༌སྙིང༌རྗེ༌བཅངས༌ནས༎རྒྱལ༌ཁམས༌མུན༌པ༌ཐམས༌ཅད༎དམ༌ཆོས༌སྣང༌བས༌སེལ༌སོང་།།ད༌ཀྱི༌སྐུ༌གསུང༌ཐུགས༌ཀྱིས༎ཚོགས༌གཉིས༌རྒྱ༌མཚོ༌བསྲུབས༌ནས༎རིས༌མེད༌དམ༌ཚིག༌གཙང༌མས།།འཛམ༌གླིང༌ས༌ཕྱོགས༌ཀུན༌ལ༎ཁྱོད༌ཀྱི་འཕྲིན༌ལས༌ཁྱབ༌སོང༌༎ཁྱོད༌ཀྱི༌འཁྲུངས༌སྐར༌ དེ་ལས་མང་་་

ངག་རྩོམ།

དྲིན་ཅན་ས་སྐྱ་གོང་མའི་འཁྲུངས་སྐར་དང་གདུང་བརྒྱུད་གླེང་བ།

2018 ལོའི་ཟླ 9 ཚེས 8 ཉིན། གདོང་མཁན། 0

དེ་ཡང་དྲི་མེད་དཔལ་ཡོན་ལྡན་པའི་བདེ་གཤེགས་ཀྱི་བཀའ་འཁོར་དོན་གཉེར་ཐོས་སྒོམ་ལས་བལྟམས་པའི་སྐྱེས་ཆེན་ཕལ་ཆེར་བ་རྣམས་འཕགས་ཡུལ་དུ་བཞུགས་པའམ་བྱོན་པའི་ལོ་རྒྱུས་ཀྱི་རི་མོའི་གླིང་དུ་དད་པའི་མིག་ཆུ་དབང་མེད་དཀུ་བའི་ཞི་བདེའི་ཆེད་དུ་བརྩོན་པའི་ཐིག་རིས་དང་ཚོན་མདངས་འབེལ་པོ་ཤིན་ཏུ་མཇལ་ཐུབ་པའི་སྟེང་། དྲིན་ཅན་སྟོན་པ་དང་། འཁོར་ཉན་རང་བྱང་སེམས། རྗེས་འཇུག་ལོ་པཎ་ཡོངས་ཀྱིས་དཀའ་ངལ་འཛེམས་མེད་བྱས་ནས་མདོ་རྒྱུད་བསྟན་བཅོས་ས་འཛིན་ལས་ཀྱང་མངོན་མཐོ་བསྐྲུ དེ་ལས་མང་་་

བསྟོད་ཚོགས།

༧ གོང་མའི་འཁྲུངས་སྐར་བསུ་པའི་དད་གསུམ་མི་འཇིགས་སེངྒེའི་ང་རོ།

2018 ལོའི་ཟླ 9 ཚེས 8 ཉིན། གདོང་མཁན། 0

ཕུན་ཚོགས་སྟོབས་བཅུའི་རྩལ་རྫོགས་ཟས་གཙང་གི་སྲས་པོས།།བྱང་ཕྱོགས་ཐུབ་དབང་གཉིས་པའི་རྒྱལ་ཚབ་ཏུ་བསྔགས་པ།།སྐལ་བཟང་ལས་ཀྱི་མེ་ཏོག་གང་ཉིད་ལ་ཕོག་པའི།།འཁྲུལ་ཟད་ས་དཀར་རྒྱལ་བའི་རིང་ལུགས་ལ་གུས་སོ།།རིགས་གསུམ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱི་སྙིང་རྗེས།། བསམ་བཞིན་བསིལ་ལྡན་ཁ་བའི་རི་སུལ་དུ་བྱོན་པ།།བརྩེ་ཆེན་ཡབ་སྲས་བརྒྱུད་འཛིན་མཁས་གྲུབ་ཀྱི་ཚོགས་བཅས།།ད་ནས་བྱང་ཆུབ་བར་དུ་སྤྱི་གཙུག་གིས་བསྙེན་ནོ།།ཁྱད་པར་རབ་འབྱམས་ཞིང་གི་རྒྱལ་ཀུན་གྱི་ངོ་བོ།རིས་ དེ་ལས་མང་་་

ངག་རྩོམ།

ང་ཡི་སེམས་ས་སྐྱ་པས་འཕྲོགས་སོང་།

2018 ལོའི་ཟླ 9 ཚེས 8 ཉིན། གདོང་མཁན། 0

སྟེང་ན་མགོ་ཡོད་འོག་ན་མཇུག་ཡོད་པ། །ནང་ན་ཆོས་ཡོད་ཕྱི་ན་སྲིད་ཡོད་པ། །མགོ་མཇུག་མ་ལོག་ཕྱི་ནང་མ་བརྗེས་པའི། །ས་བསྟན་ས་གཞིའི་ཁྱོན་དུ་རྒྱས་གྱུར་ཅིག །ཁྲི་དང་དགོན་པའི་ཆེད་དུ་མ་འཁྲུགས་ཤིང་། །གདུང་དང་རིགས་རུས་རྩོད་པས་མ་ཉམས་ལ། །སྤྲུལ་དང་ཡང་སྤྲུལ་དོན་དུ་མ་འཐབ་པའི། །ས་བསྟན་ཞོ་ལྟར་ཆགས་འདིས་ཡིད་རེ་འཕྲོགས། །བཤད་ན་གནས་བཅུའི་གཞུང་གི་བང་མཛོད་ཡོད། །སྒྲུབ་ན་ཟབ་རྒྱས་གདམ་པའི་མཚོ་ཆེན་ཡོད། །འཚོགས་ན་རབ་འབྱམས་རྒྱུད་སྡེའི་ཕྱག་ལེན་ཡོད། །ཀུན་ དེ་ལས་མང་་་

བསྟོད་ཚོགས།

མཆོད་ཚིག་དད་པའི་ང་རོ།

རྒྱལ་བ་བཅོམ་ལྡན་འདས་ཀྱིས། །བསྔགས་ཡུལ་མཚན་མཆོག་གསུམ་གྱི། །
དཔལ་ལྡན་ས་སྐྱའི་གདུང་རྒྱུད། །གུས་པས་ཕྱག་གསུམ་འཚལ་ལོ། །
ས་དཀར་རྒྱལ་བའི་བསྟན་ལ། །ས་བོན་སེམས་པ་དཀར་བའི། །ས་ཆེན་གོང་མ་རྣམ་ལྔའི། །ས་རྒྱུད་གོང་མ་མཁྱེན་ནོ། །གདོང་ལ་དོད་པ་འཛུམ་རེད། །ངག་ནས་འཐོར་བ་ཆོས་རེད། །ཡིད་ཀྱི་སེམས་པ་བྱམས་རེད། །ས་དཀར་བསྟན་པའི་གཙུག་རེད། །འཆད་པས་གདུལ་སེམས་འདུལ་སོང་། །རྩོད་པས་ང་རྒྱལ་ཡིབས་སོང་། །རྩོམ་པས་གཞན་ཡིད་བཅོམ་སོང་། །དཔལ་ལྡན་བླ་མ་མཁྱེན་ནོ། ། དེ་ལས་མང་་་

1 4 5 6 7 8 51