གྲུབ་ཐོབ་མཉྫུ་ཤྲིའི་ལམ་ཡིག རྒྱལ་པོ་དང་བཙུན་མོའི་ལམ་ཡིག
ན་མོ་གུ་རུ། རང་བྱུང་བྱིན་རླབས་ཅན་གྱི་གནས་རྩྭ་རི་ཏྲ་ཞེས་བྱ་བ་དཀྱིལ་འཁོར་སྒོ་བཞི་རྟ་བབ་དང་བཅས་པ། ནང་ཕོ་བྲང་གཞལ་ཡས་ཁང་ཡོད་པ་ལ་སོགས་ལམ་ཡིག་གཞན་ན་བཤད་མོད། ཁྱད་པར་དངོས་གྲུབ་ཀྱི་རྫས་ཡོད་པ་རྩྭ་རི་ལུང་ཆུང་ཞེས་བྱ་བ་ནུབ་མོ་ནི་མེ་འབར། ཉིན་མོ་ནི་བུ་ཡུག་འཚུབ། ནང་ནུབ་ནི་དུ་བ་འཐུལ་བ། ལས་ཀྱི་ཌཱ་ཀི་མ་བདུན་གྱི་དངོས་གྲུབ་བཅུད་ཡོད། དངོས་གྲུབ་ལེན་པར་འདོད་པའི་རྣལ་འབྱོར་པ་སྙིང་སྟོབས་ཅན་གྱིས། ཌཱ་ དེ་ལས་མང་་་