བཅར་འདྲི།

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཁན་ཆེན་རྣམ་གཉིས་གླེང་།

2018 ལོའི་ཟླ 1 ཚེས 13 ཉིན། གདོང་མཁན། 0

(དེ་ཡང་༼མཁྱེན་བརྩེའི་རོགས་རེས欽哲互動༽ཞེས་པའི་འཛམ་གླིང་ས་ཁུལ་འདྲ་མིན་གྱི་སློབ་མས་རང་དབང་གིས་དྲི་བ་བཀོད་པར་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱིས་དྲ་ལམ་བརྒྱུད་ལན་འདེབས་གནང་སའི་དྲ་ལམ་གླེང་སྟེགས་ཞིག་གིས་སྤྱི་ལོ་༢༠༡༧ ཟླ་༡ ཚེས་༢༢ ཉིན་སྤེལ་བའི་ནང་དོན་འདི་བཞིན། ཆོས་གྲོགས་དབང་སྟོད་སྤྲུལ་སྐུ་ཐུབ་ནོར་མཆོག་ནས་བཀའ་གནང་བཞིན་འཕྲལ་དུ་སྒྱུར་བ་ཡིན་པས་ཡིག་ནོར་དོན་ནོར་གང་མཆིས་ཀློག་པ་པོར་འཆགས)
༼སློབ་མའི་དྲི་བ།༽རིན་པོ་ཆེ་ དེ་ལས་མང་་་

འཚོ་བའི་ཤེས་བྱ།

རླུང་རྟའི་རིག་གནས་ཀྱི་བྱུང་འཕེལ་དང་མཚོན་དོན་ལ་དཔྱད་པ།

2018 ལོའི་ཟླ 1 ཚེས 13 ཉིན། གདོང་མཁན། 0

དཔྱད་རྩོམ་འདིའི་ནང་དུ་རླུང་རྟའི་སྲོག་ཆགས་ཀྱི་ཐོག་མའི་མཚོན་དོན་དངོས་ནི་བླ་ཡིན་ལ། རུས་རྒྱུད་ཚོ་ཁག་ཕན་ཚུན་གྱི་རྩོད་གླེང་དང་གཅིག་ཁོངས་བདག་དབང་ལ་བརྟེན་པའི་བྱ་རིམ་ཁྲོད་བླ་རྟེན་སྲོག་ཆགས་ཀྱིས་མཚོན་པའི་རླུང་རྟའི་རི་མོ་བྱུང་བ་དང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་ཆོས་ལུགས་ཀྱི་བརྗོད་དོན་དང་འབྲེལ་ནས་རླུང་རྟའི་མཚོན་དོན་ལ་འགྱུར་ལྡོག་བྱུང་ཚུལ་སྐོར་ལ་དཔྱད་ཞིབ་བྱས་ཡོད། [བརྡ་ཆད་གཙོ་བོ] བླ་རྟེན་སྲོག་ཆགས། རླུང་རྟ། དགྲ་བླ། ཆོས་ལུགས། དར་ལྕོག མཚོན་དོན། དེ་ལས་མང་་་

བརྩམས་སྒྲུང་།

མཁའ་འགྲོ་མ།

2018 ལོའི་ཟླ 1 ཚེས 13 ཉིན། གདོང་མཁན། 0

བོད་རྒྱལ་ལོ་ ༢༠༡༤ ཧོར་ཟླ་ ༦ པའི་ཚེས་ ༤ ཉིན། ཤར་གླིང་ཡུལ་གྲུ་ཁག་གི་ནང་པའི་དད་ལྡན་མང་ཆེར་དང་། ནུབ་གླིང་དུ་རྟོགས་པའི་ཨཱ་རི། ཨཱིན་ཇི་གཙོས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པའམ་པར་ལེན་མཁན་རྣམས། གྲགས་ཅན་གསར་ཁང་ BBC དང་། ཨ་རི་རླུང་འཕྲིན། CNN གསར་ཁང་སོགས་ཀྱི་གསར་འགོད་པ་ཚུད་འབྲེལ་ཡོད་ཡོངས་བལ་བོད་ས་མཚམས་སུ་གྲགས་པ་འབར་བའི་གནས་ཆེན་གངས་དཀར་ལྷུན་པོར་འདུས་བཞིན་ཡོད། དེ་རིང་ནི་འཛམ་གླིང་སའི་གོ་ལ་ཡོངས་སུ་བོད་ དེ་ལས་མང་་་

བཅད་རྩོམ།

ཚད་མེད་ཡོན་ཏན་གྱི་ཚིག་འགྲེལ།

2018 ལོའི་ཟླ 1 ཚེས 13 ཉིན། གདོང་མཁན། 0

ཚད་མེད་ཅེས་པའི་གོ་དོན་ནི་རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སེམས་ཅན་རྣམས་ལ་བརྩེ་བའམ་སྙིང་རྗེའི་རྣམ་པར་ཡང་དག་པར་སྦྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིག་པ་དེ། ཚད་མེད་ཀྱི་མཚན་ཉིད་ཡིན། དེ་ཡང་མདོ་ལས། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དང་བཞི་ཡོད། ཚད་མེད་བཞི་པོ་དེ་རྒྱུའི་ཁྱད་པར་དང་ལྡན་ཏེ། རྒྱུའི་རྐྱེན་ཐེག་ཆེན་དུ་རིགས་སད་པ། བདག་རྐྱེན་དགེ་བའི་ དེ་ལས་མང་་་

གྲུབ་མཐའི་རྣམ་གཞག

བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ངོ་སྤྲོད་མདོར་བསྡུས།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

རྙིང་མའི་གྲུབ་མཐའ་ནི་ཐེག་པ་རིམ་དགུར་གྲགས་པ་གསང་སྔགས་སྔ་འགྱུར་པའི་ཆོས་ལུགས་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་བོད་སྐད་དུ་ཐོག་མར་འགྱུར་ཞིང༌།སློབ་དཔོན་པད་མ་འབྱུང་གནས་ཀྱིས་དར་རྒྱས་སུ་སྤེལ་པའི་རང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ་ཟེར།དེ་ལ་དབྱེ་ན།རིང་བརྒྱུད་བཀའ་མ།ཉེ་བརྒྱུད་གཏེར་མ།ཟབ་མོ་དག་སྣང་གི་བརྒྱུད་པ་སོགས་ཡོད།གསང་སྔགས་རྙིང་མ་བ་རྣམས་ཀྱིས་སྣང་སྟོང་དབྱེར་མེད་ཀྱི་ཆ་ནང་གསལ་གཞོན་ནུ་བུམ་སྐུ་ཀ་དག་སྐྱོན་ དེ་ལས་མང་་་

གྲུབ་མཐའི་རྣམ་གཞག

དགེ་ལུགས་པའི་གྲུབ་མཐའ་བྱུང་ཚུལ་བྱེ་བྲག་ཏུ་བཤད་པ།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

དེ་ཡང་ཕག་མོ་གྲུ་པས་སྐབས་སུ་གསར་དར་བྱུང་བའི་དགེ་ལུགས་པའི་གྲུབ་མཐའ་ནི་མཉམ་མེད་ཙོང་ཁ་པ་ཆེན་པོ་རྗེ་བཙུན་བློ་བཟང་གྲགས་པའི་དཔལ་གྱིས་གསར་བཏོད་མཛད་པ་ཡིན་ཏེ། ཁོང་རབ་བྱུང་དྲུག་པའི་མེ་བྱུ་སྤྱི་ལོ༡༣༥༧ལ་མདོ་སྨད་ཙོང་ཁའི་ཡུལ་གྲུ་སྟེ། ད་ལྟའི་མཚོ་སྔོན་ཞིང་ཆེན་སྐུ་འབུམ་བྱམས་པ་གླིང་གི་གནས་འདིར་མལ་གྱི་རིགས་ལས་བྱུང་བ་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟང་ཨ་ཆོས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་ཡབ་ཡོན་རྒྱལ་རབས་སྐབས་ དེ་ལས་མང་་་

གྲུབ་མཐའི་རྣམ་གཞག

ས་སྐྱ་པ།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིདཔལ་ལྡན་ས་སྐྱ་བ་ནི། མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ། ༢འཁོན་གདུང་ཞེས་བྱ། དེ་ནས་འཁོན་དཀོན་ཅོག་རྒྱལ་པོས་གསང་སྔགས་གསར་མའི་གྲུབ་མཐའ་འཛིན་པའི་དབུ་བཙུགས་ཤིང༌། དབོན་པོ་རི་ལ་ས་དཔྱད་ལེགས་པར་གཟིགས་ཏེ་ས་དཀར་ལོགས་ལ་དགོན་པ་བཏབ་པས་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ། ༢འཁོན་གདུང་ཞེས་བྱ། དེ་ནས་འཁོན་དཀོན་ཅོག་རྒྱལ་པོས་གསང་སྔགས་གསར་མའི་གྲུབ་མཐའ་འཛིན་པའི་དབུ་བཙུགས་ཤིང་ དེ་ལས་མང་་་

གྲུབ་མཐའི་རྣམ་གཞག

བཀའ་བརྒྱུད།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་བཀའ་བརྒྱུད་པ་ཞེས་གྲངས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ། བཀའ་བརྒྱུད་པའི་གྲུབ་མཐའི་མིང་བྱུང་ཚུལ། དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་བཀའ་བརྒྱུད་པ་ཞེས་གྲངས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ། ཤངས་པ་བཀའ་བརྒྱུད། དེ་ལས་ཤངས་པ་བཀའ་བརྒྱུད་ནི་མཁས་གྲུབ་ཁྱུང་པོ་ལས་བརྒྱུད་དེ་སངས་རྒྱས་སྟོན་པའི་བར་བརྒྱུད་པ་རིན་ཆེན་བདུན་ དེ་ལས་མང་་་

གྲུབ་མཐའི་རྣམ་གཞག

རྙིང་མའི་གྲུབ་མཐའ་བྱུང་ཚུལ།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

རྙིང་མ་གསར་མ་ཞེས་པའི་དབྱེ་བ་དེ་སྔགས་ཀྱི་ཆོས་བསྒྱུར་སྔ་ཕྱིའི་སྟེང་ནས་འཇོག་གིན་ཡོད། རྙིང་མ་གསར་མ་ཞེས་པའི་དབྱེ་བ་དེ་སྔགས་ཀྱི་ཆོས་བསྒྱུར་སྔ་ཕྱིའི་སྟེང་ནས་འཇོག་གིན་ཡོད། བོད་དུ་ཆོས་འབྱུང་ལོ་རྒྱུས་རིང་མོ་དབུས་སུ་སྙན་པར་གྲགས་པའི་གྲུབ་མཐའ་ཆེན་མོ་བཞིའི་ཡ་གྱལ་རྙིང་མའི་ཆོས་ལུགས་ཞེས་བོད་དུ་ནང་པའི་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན་ཞིང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེར་ཤ་ དེ་ལས་མང་་་

གྲུབ་མཐའི་རྣམ་གཞག

གཡུང་དྲུང་བོན་གྱི་གྲུབ་མཐའི་རྣམ་གཞག

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

དང་པོ། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་གྱི་སྐོར། དང་པོ། དེ་ལ་འདིར་གཡུང་དྲུང་གི་བོན་རིན་པོ་ཆེའི་བྱུང་བ་མདོ་ཙམ་བརྗོད་ཅིང་། ཤིན་ཏུ་བསྡུས་ཏེ་ཞལ་ཐང་བཅུ་ཕྲག་བཞི་ལྷག་གི་ཁོངས་སུ་དངོས་བསྟན་གྱི་རིམ་པ་དཀར་ཆག་ཐོ་འགོད་ཙམ་དུ་བྲི་བ་ལ། ག་མར་གངས་ཅན་བོད་དུ་རྒྱལ་བའི་བསྟན་པ་གསར་བསྐྲུན་བྱེད་མཁན་ནི། རྒྱ་པའི་སྟོན་པ་གཤེན་རབ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། མཚན་མཁན་གྱིས་བརྟགས་ནས། དེ་ལས་མང་་་

ངག་རྩོམ།

ས་པཎ་རྗེས་དྲན།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

ས་སྐྱ་པཎ་ཆེན་ལགས་ཡེ་་་་་་སྐུ་དམར་སེར་ཕྱག་ན་རལ་གྲི་ཅན།།ཡར་ཕེབས་སའི་མངོན་དགའི་ཞིང་ཁམས་རེད།།ས་སྐྱ་པཎ་ཆེན་ལགས་ཡེ་་་་་མར་ཕེབས་ན་འཛམ་གླིང་རྒྱན་གཅིག་རེད།།ཁྱེད་མེད་ན་འཇིན་རྟེན་མུན་ནག་རེད།།ས་སྐྱ་པཎ་ཆེན་ལགས་ཡེ་་་གསུང་འགག་མེད་སྤྲོས་པ་ཀུན་བྲལ་ཅན།།ཡར་ཕེབས་སའི་གསེར་གྱི་ཁྲི་འཕང་རེད།།ས་སྐྱ་པཎ་ཆེན་ལགས་ཡེ་་་་་མར་འབབ་རྒྱུ་ཆོས་ཀྱི་སྦྲང་ཆར་རེད།།ཁྱེད་མེད་ན་བོད་འབངས་སྟོང་བ་རེད།།ས་སྐྱ་པཎ་ཆེན་ལགས་ཡེ་་་་ཐུགས་མཁྱེན་བརྩེ་ནུས་པའི་བདག་ དེ་ལས་མང་་་

དཔྱད་རྩོམ།

པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་གཉིས་ཀྱི་བཞེད་མཚམས་གླེང་བ།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

ཐོག་མར་མཁས་པ་ཆེན་པོ་པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་རྣམ་པ་གཉིས་ཀྱི་སུམ་ཅུ་བའི་རྩ་བ་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན། ང་ཚོ་ཚང་མས་ཤེས་གསལ་ལྟར་དུས་རབས་བདུན་པའི་ནང་ལོག་ཏུ་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་མཛད་པ་ནས་བཟུང་། བོད་ཀྱི་མཁས་པ་དག་གིས་བསྟན་བཅོས་དེ་དག་ལ་འགྲེལ་བ་སྣ་ཚོགས་པ་ཞིག་མཛད་སོང་། དེའི་ནང་ནས་ད་ལྟ་ང་ དེ་ལས་མང་་་

དཔྱད་རྩོམ།

ཡེ་ཤུ་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱི་མི་འདྲ་ས་བཅོ་བརྒྱད།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

ལྷ་ཞེས་པ་དེ་ཡོད་དམ་མེད། ཡེ་ཤེས་ཆོས་ལུགས་ཀྱིས། འཇིག་རྟེན་ཁམས་འདི་ལ་གནམ་བདག་ཅིག་ཡོད་པ་འདི་གཅིག་པུ་ནི་བླ་ན་མེད་པའི་གཙོ་བདག་ཅིག་ཡིན་པ་ཡིད་ཆེས་པ་ལས་གཞན་ཚང་མ་ལྷ་རྫུན་མ་ཡིན། འོན་ཀྱང་འཇིག་རྟེན་པས་ཡེ་ཤུ་དང་གནམ་བདག་ཁོ་ན་ལ་དད་པ་བྱེད་པ་ལས་གཞན་སུ་ལའང་བྱེད་མི་ཆོག རྒྱུ་མཚན་ནི་ཡེ་ཤུ་དང་གནམ་བདག་ནི་ལོག་ལམ་འགོག་ཐུབ་པའི་ལྷ་ཡིན་པས་སོ། ། སངས་རྒྱས་ཆོས་ལུགས་ཀྱིས། སེམས་ཅན་ཐམས་ཅད་འདྲ་མཉམ་དང་ དེ་ལས་མང་་་

གནའ་རབས་ཀྱི་རྣམ་ཐར།

བོད་ཀྱི་པཎྜི་ཏ་ཞིག་གི་མཛད་རྣམ་ཟུར་བརྒྱད་ནས་ཅུང་ཙམ་གླེང་བ།

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

ལྔ་ཟུང་རིག་པའི་གནས་ལ་མཁས་པའི་རྟགས་སུ་དེ་དག་བརྗོད་བྱར་བྱེད་པའི་བསྟན་བཅོས་རྣམ་དག་ཇི་ལྟར་བཞུགས་ཡོད་ཚུལ། རྟ་མཆོག་འགྲོ་བའི་ཚེ་ན་ཤེས།། གླང་ཆེན་གཡུལ་ངོར་ཤེས་འགྱུར་ཏེ།། གསེར་དངུལ་བཞུ་ན་ཤེས་པར་འགྱུར།། མཁས་པ་ལེགས་བཤད་བརྩམས་ན་ཤེས། ཞེས་པ་ལྟར་མཁས་པ་རྣམ་དག་ཡིན་མིན་གྱི་མཚོན་བྱེད་གཙོ་བོ་ནི་དེས་བརྩམས་པའི་གཞུང་ལུགས་ལ་ལྟོས་ནས་དཔོག་དགོས་པས། ཆོས་རྗེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམ་དག་ལ་བརྟེན་ཏེ་ཁོང་ཉིད་བོད་ཀྱི་བཅུ་ཕྲག་རིག་པའི་ དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག

2018 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་སྤྱི་ལོ1961ལོའི་ཟླ7པའི་ཚེས6ཉིན་འབྲུག་རྒྱལ་ཁབ་ཏུ་དགེ་ལུགས་དང་རྙིང་མ། འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་སྣ་ཚོགས་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་བདུན་ཐོག་ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གིས་སྙིང་རུས་ཆེན་པོས་ནང་པའི་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་ དེ་ལས་མང་་་

1 6 7 8 9 10 11