
རང་རྒྱུད་ཆོས་ལ་བསྐུལ་བར་གདམས་པ།
མ་རིག་ལས་སྣང་འཁོར་བའི་དུག་མཚོ་ཆེར། མ་དག་སྒྲིབ་གཉིས་བཅིངས་པའི་བུ་ཆུང་ལ། མ་ལུས་འདྲེན་པའི་སྐྱབས་གཅིག་ཕ་བླ་མས། མ་བཅོས་སེམས་ཀྱི་རང་བཞིན་བསྟོན་དུ་གསོལ།གནས་འཁོར་བའི་གྲོག་རོང་ཆེན་པོ་འདིར།ལས་སྨོན་ལམ་ཞིག་གིས་འཕེན་པ་ལས། ཆོས་ལུང་རྟོགས་བན་པའི་བསིལ་གྲིབ་འོག།རྗེ་བླ་མ་སངས་རྒྱས་དངོས་འདྲ་བ།ཚད་གཞལ་དུ་མེད་པ་གྲང་མེད་ལས།གསུང་ངོ་མཚར་ཆེ་བ་མདོ་སྔགས་ཀྱི། དོན་ཟབ་མོའི་མན་ངག་ཉིང་ཁུ་རྣམས།ལན་རེ་གཉིས་མིན་པ་ཡང་ཡང་དུ། དེ་ལས་མང་་་