རྡོ་རྗེ་འཆང་གི་བསྟོད་པ་སོགས་བསྟོད་ཚོགས།
སྭསྟི། ཕྱག་འཚལ་རྡོ་རྗེ་ཐེག་ལམ་གྱི། །སྐལ་བར་ལྡན་འགའ་ཚེ་དེ་ཉིད། །དེ་རང་ཉིད་ཀྱི་གོ་འཕང་ལ། །འགོད་མཛད་རྡོ་རྗེ་འཆང་ལའོ། །དེ་ཡིས་དེ་དུས་དེ་མངོན་དུ། །བྱེད་པའི་མེད་ན་མི་འབྱུང་རྒྱུ། །དེ་རང་རྫོགས་སངས་རྒྱས་ཉིད་དུ། །དད་པས་མོས་རྣམས་མི་བསླུ་བར། །རྗེས་འཛིན་གང་ཡིན་དེ་བླ་མ། །རྡོ་རྗེ་འཆང་ཡིན་དེ་སྔོན་གྱི། །མཐའ་ཡོད་མིན་པའི་སངས་རྒྱས་ནས། །རིམ་པར་དབང་བསྐུར་གྱུར་དེ་ཡིན། །དེ་འགྱུར་བ་ནི་རིགས་ལྔ་པོ། །སོ་སོའི་གནས་ཡོངས་གྱུར་ཐོབ་ནས། །ཆོས་དབྱིངས་ དེ་ལས་མང་་་