
གནས་མཆོག་ཁའུ་བྲག་རྫོང་གི་སེམས་ཀྱི་འཆར་སྒོའི་གདུང་དབྱངས།
ཕ་བླ་མ་འཇམ་དཔའི་དབྱངས་ལ་འདུད། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ངས་གནས་མཆོག་ཁའུའི་བྲག་རྩེ་རུ། །ཡིད་སྐྱོ་བསང་ངང་ལ་ལྷོད་ཅིག་བཞག ༢།ཡའི་ཨ་སྔོན་ཆུ་འཛིན་གཞོན་ནུའི་ཁྱུ། །རང་སེམས་ལས་ལོག་པ་མིན་འདུག་ཀྱང་། །ཁོང་སྣ་ཚོགས་སྤྲོས་པའི་རོལ་གར་སྟོན། །ཡ་ལོག་སུ་འཆར་བ་ངོ་མཚར་ཆེ། ༣།ཡའི་རྟགས་མཚེར་གངས་དཀར་ཇོ་མོ་དེ། །རང་སེམས་ལས་ལོགས་པ་མིན་འདུག་ཀྱང་། །ཁོང་མཐོ་གཟར་དཀར་ལ་དངས་ཞིང་མཛེས། །ཡ་རྒྱང་ནས་འཆར་བ་ངོ་མཚར་ཆེ། ༤།ཕའི་སྤང་ དེ་ལས་མང་་་