གསར་འགྱུར།

ཆོས་སྒར་དུ་དཔལ་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་དབུ་འཛུགས་གནང་འདུག

2019 ལོའི་ཟླ 9 ཚེས 8 ཉིན། གདོང་མཁན། 0

དེ་རིང་སྤྱི་ཟླ ༩ པའི་ཚེས ༨ ཉིན་བྱེས་ཀྱི་གདན་ས་དཔལ་ས་སྐྱ་ཆོས་སྒར་དུ་ལོ་ལྟར་ཚུགས་མུས་ཡིན་པའི་བྱིན་རླབས་ཅན་གྱི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཉིན་དང་པོར་སྔོན་འགྲོ་ས་ཆོག་དང་འབྲེལ་བའི་ནང་འཆམ་དང་རྩ་འཆམ་དངོས་གཞི་ཉིན་མོར་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གཙོ་བོ་དབུར་བཞུགས་མཛད་ནས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུས་པའི་ས་སྐྱ་ཆོས་སྒར་གྱི་དགེ་འདུན་རྣམ་པས་རྡོ་རྗེ་ དེ་ལས་མང་་་

གསར་འགྱུར།

རབ་འབྱམས་པའི་དམ་བཅའ།

2019 ལོའི་ཟླ 9 ཚེས 4 ཉིན། གདོང་མཁན། 0

ལྷག་པར་རྗེ་བཙུན་གོང་མ་རྣམ་ལྔའི་སྐུ་དུས་ནས་བཤད་སྒྲུབ་ཀྱི་བྱ་བ་མཐའ་དག་ལ་བཀོད་སྒྲིག་དང་ལམ་ལུགས་ཆ་ཚང་བ་ཞིག་མངའ་བར་བརྟེན་བོད་དུ་མཧཱ་པཎྜིཏའི་ཐོག་མ་ཆོས་བརྒྱུད་འདི་ནས་བྱུང་ཞིང་། སྤྱི་ལོའི་དུས་རབས་བཅོ་ལྔའི་གཡས་གཡོན་དུ་གདན་སའི་མཁན་པོ་ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་དང་ཀུན་མཁྱེན་རེད་མདའ་བ་ཆེན་པོ་གཉིས་ཀྱིས་ས་སྐྱ་པའི་ཐུན་མིན་གཞུང་པོད་ཆེན་དྲུག་དང་གྲགས་ཆེན་བཅོ་བརྒྱད་ལ་རབ་འབྱམས་པའི་དམ་བཅའ་འཇོག་པའི་གོ་སྒྲིག་ལམ་ལུགས་ཐོག་མར་མཛད་དེ་སྤྱི་ལོ།༡༤༣༩ལོར་གདན་ས་ཆེན་པོར་ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་ཀུན་མཁྱེན་ཤེས་རབ་དཔལ་བ་གཉིས་ཀྱིས་གདན་ས་ཆེན་པོར་དཔལ་ས་སྐྱ་པའི་གཞུང་ཆེན་རབ་འབྱམས་རྒྱ་མཚོར་དམ་བཅའ་རྩོད་སྤོང་དང་གཞུང་ཆེན་བཤད་པ་མཛད་དེ་རབ་འབྱམས་པའི་མཚན་སྙན་ཐོག་མར་ཕུལ་བ་ནས་བོད་གངས་ཅན་ལྗོངས་སུ་གཞུང་ཆེན་རབ་འབྱམས་པའི་མཚན་ཐོག་མར་གྲགས་པར་བྱུང་། དེ་ལས་མང་་་

ངག་རྩོམ།

ཆོས་ལུགས་འཐེན་འཁྱེར་གྱི་བྱ་བྱེད་ལ་ཐུགས་སྐྱོ་བའི་གདུངས་དབྱངས།

2019 ལོའི་ཟླ 9 ཚེས 3 ཉིན། གདོང་མཁན། 0

ཀྱེ་མ།     དེང་སང་སྙིགས་མ་ལྔ་བདོའི་མཐར་ཐུག་འདིར།  །བསྟན་འཛིན་སྐྱེས་ཆེན་འགའ་ནི་དབྱིངས་སུ་གཤེགས།  །བདག་འདྲ་མུ་ཅོར་སྨྲ་བས་ས་སྟེང་ཁེངས།  །ལྷ་མ་ཡིན་རྣམས་ཧ་ཧར་དགོད་པ་དང་།  །དཀར་ཕྱོགས་ལྷ་རྣམས་རིང་དུ་བྲོས་ཤིང་བྱེར།  །སངས་རྒྱས་བསྟན་པ་རི་མོའི་མར་མེ་ལྟར།  །གྱུར་འདིར་ཐུགས་རྗེ་ཆེ་རྣམས་དགོངས་སུ་གསོལ།  །སངས་རྒྱས་བསྟན་ལ་ཅེས་པར་འཛིན་པ་རྣམས།  །ལུང་རྟོགས་བཤད་སྒྲུབ་སྤངས་རྟོགས་བྱ་བར་བརྩོན།  །ཆོས་སྤྱོད་རྣམ་བཅུར་རྟག་ཏུ་མི་གཡེལ་ཞིང་།  །གསོལ་འདེབས་མཆོད་འབུལ་ཚོགས་བསགས་དག་ལ་རེམ།  །དགེ་འདུན་ཐུགས་མཐུན་གྲུབ་མཐའི་ཁ་འཛིན་སྤོངས།  །ཕྱོགས་དང་རིས་སུ་མ་གཅོད་བསྟན་པ་ཀུན།  །ནང་དགལ་མ་གཏོང་ཆོས་ལ་སྐུར་འདེབས་སྤོངས།  ། དེ་ལས་མང་་་

གསར་འགྱུར།

༸ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གིས་སུད་སི་ནང་གསུངས་ཆོས།

2019 ལོའི་ཟླ 8 ཚེས 28 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །སྤྱི་ལོ་༢༠༡༩ སྤྱི་ཟླ་༨ པའི་ཚེས་༢༤ རེ ས་གཟའ་སྤེན་པའི་ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སུད་སི་བརྩེ་ཆེན་ཚོགས་པ་དང་ཐུབ་བསྟན་བྱང་ཆུབ་གླིང་ཆོས་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཆོས་ཞུ་བ་༣༠༠༠ མ་ཟིན་ཙམ་ལ་ཆོས་འབྲེལ་ཚེ་དབང་དང་རིགས་གསུམ་མགོན་པོའི་རྗེས་གནང་བཀའ་བསྒོ་བཅས་བཀའ་དྲིན་བསྐྱངས་གནང་མཛད་སོང་།
བཀའ་དབང་སྐབས་༸གོང་མ་རིན་པོ་ཆེས་གསུངས་དོན། ཚེ་དབང་ཞུ་སྐབས་ཆོས་ཞུ་
དེ་ལས་མང་་་

གསར་འགྱུར།

རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་མཛད་སྒོ།

2019 ལོའི་ཟླ 8 ཚེས 21 ཉིན། གདོང་མཁན། 0

སྤྱི་ལོ་ ༢༠༡༩ ཟླ་བ་ ༨ ཚེས་ ༡༨ ཉིན་འཕགས་ཡུལ་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་མཛད་སྒོ་ཟབ་རྒྱས་ངང་འཚོགས།མཛད་སྒོ་འདིའི་ཚོགས་མགོན་དུ་༸དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་རྣམ་གཉིས་ཞབས་སོར་འཁོད་ཡོད་པ་དང། མཛད་སྒོའི་སྟེགས་བུའི་ཐོག་མཁན་ཆེན་འཇམ་དབྱངས་བློ་གསལ་ དེ་ལས་མང་་་

སྐུ་པར།

ཡུ་རོབ་ས་སྐྱ་སྨོན་ལམ་སྐབས་ཀྱི་དཔར།

2019 ལོའི་ཟླ 8 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༠༩ ནས་ ༡༡ བར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་ནང་དུ་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་ཚོགས་གནང་སོང་། སྨོན་ལམ་གྱི་ཚོགས་མགོན་དུ་རིས་མེད་བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེ་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་མཛད་པ་མ་ཚད། གང་གི་རིགས་དང་ཆོས་ཀྱི་རྒྱལ་ཚབ་དམ་པ་༸སྐྱབས་མགོན་༸གོང་མ་འཁོང་གདུང་སྐུ་གཞོན་རིན་པོ་ཆེ་དང་། དེ་ལས་མང་་་

གསར་འགྱུར།

མཐུན་པོ་དང་འཆམ་པོ་གནང་རོགས།

2019 ལོའི་ཟླ 8 ཚེས 12 ཉིན། སྟག་ལྗོངས་འཆི་མེད། 0

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༠༩ ནས་ ༡༡ བར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་ནང་དུ་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་ཚོགས་གནང་སོང་། སྨོན་ལམ་གྱི་ཚོགས་མགོན་དུ་རིས་མེད་བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེ་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་མཛད་པ་མ་ཚད། གང་གི་རིགས་དང་ཆོས་ཀྱི་རྒྱལ་ཚབ་དམ་པ་༸སྐྱབས་མགོན་༸གོང་མ་འཁོང་གདུང་སྐུ་གཞོན་རིན་པོ་ཆེ་དང་། དེ་ལས་མང་་་

གསར་འགྱུར།

ཡུ་རོབ་ས་སྐྱ་སྨོན་ལམ་ཚོགས་བཞིན་པ།

2019 ལོའི་ཟླ 8 ཚེས 11 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དེ་རིང་གུ་རུ་པདྨ་སཾ་བྷས་བྱིན་གྱིས་རླབས་པའི་དུས་ཆེན་དང་། ས་ལོ་ཙཱ་བ་ཀུན་དགའ་བསོད་ནམས་ཀྱི་འདས་མཆོད་ཁྱད་པ་ཅན་གྱི་དུས་བཟང་བོད་ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་ཡུ་རོབ་ཁུལ་དུ་གནས་བཞུགས་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་བཅས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེ་ཁམས་སུ་བཞུགས་ཕྱིར་བརྟན་བཞུགས་ཤིག་འབུལ་གནང་སོང་། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་ དེ་ལས་མང་་་

གསར་འགྱུར།

༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར།

༄༅། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ། འཛམ་གླིང་བསྟན་འགྲོའི་དཔལ་མགོན། ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ༧སྐྱབས་མགོན༧གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་འཕགས་ཡུལ་ལྷོ་ཕྱོགས་སུ་གངས་ལྗོངས་ནང་བསྟན་གྱི་རིས་མེད་ཀྱི་ཆོས་སྡེ་ཁག་ལ་ཞབས་ཀྱིས་བཅགས་ནས་བྱིན་གྱིས་རླབས་པར་མཛད་བཞིན་པ་ནས། ཁ་སང་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༨ ཉིན་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་ དེ་ལས་མང་་་

གསར་འགྱུར།

གསར་འགྱུར་སྙིང་བསྡུས།

2019 ལོའི་ཟླ 8 ཚེས 8 ཉིན། གདོང་མཁན། 0

དེ་རིང་༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་སྐུ་འཁོར་ལྷན་རྒྱས་ལྗིན་མི་ནི་ནས་ཕེབས་འཁོར་བརྒྱུད་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཐེངས་དང་པོའི་ཚོགས་མགོན་ཆེད་དུ་སྔ་དྲོའི་ཆུ་ཚོད་ ༡༢: ༣༠ ཙམ་སྦེམ་ལྗམ་མགྲོན་ཁང་དུ་ཆིབས་བསྒྱུར་གནང་བ་དང་། ཆུ་ཚོད ༢ པའི་ཐོག་ཏུ་༧ སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་སུང་སིན་ནས་སྦེམ་ལྗམ་དུ་ཕེབས་གནང་བ་འདུག
དེ་བཞིན་དུ་དེ་རིང་སྤྱི་ཚེས ༨ རེས་གཟའ་ཕུར་བུའི་ཉིན་འཁོན་ དེ་ལས་མང་་་

མི་སྣ་ངོ་སྤྲོད།

མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར།

2019 ལོའི་ཟླ 8 ཚེས 5 ཉིན། གདོང་མཁན། 0

མདོ་ཁམས་སྡེ་དགེ་བྱང་འབྲོག་གི་ས་ཆ་ཡིད་ལྷུང་དུ་གྲགས་པ་ན་ཡུལ་ལྷ་ཆེན་པོ་ཤོ་རོང་རྡོ་རྗེ་རྩེ་རྒྱལ་གྱི་ཉེ་འདབས་སུ་རིགས་རུས་ཁྱད་དུ་འཕགས་པའི་ཡག་ཤུལ་ཚང་ཞེས་དམ་པའི་སྐྱེས་བུ་མཁས་གྲུབ་དུ་མ་བྱོན་པའི་ཁྱིམ་རྒྱུད་དུ་རབ་བྱུང་བཅུ་གསུམ་པའི་མཇུག་ཏུ་མཛེས་སྐུ་ཆུ་སྐྱེས་པདྨ་གཞོན་ནུའི་འདབ་མ་ལས་གྲོལ་ཏེ་སྐྱེ་འགྲོའི་མགོན་དུ་གཟུགས་སྐུ་བལྟམས། སྔོན་བྱོན་དམ་པའི་ཞལ་རྒྱུན་དུ་སྐྱེས་རབས་དུ་མ་ལམ་བཟང་གོམས་པའི་བག་ཆགས་ཀྱི་མཐུས་སོ་སྐྱེ་ཐ་མལ་གྱི་སྤྱོད་པ་རིང་དུ་སྤངས་ནས་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ས་ཐོབ་བྱང་སེམས་ཀྱི་རྣམ་ཐར་ལྷན་སྐྱེས་སུ་མངའ། འཁོར་བ་ལ་ངེས་འབྱུང་སྐྱོ་ཤས་དང་། སེམས་ཅན་ལ་སྙིང་རྗེ་ཆེ་བས། ཉམ་ཐག་རྒས་རྒོན་དང་ནད་པ་སོགས་ལ་བརྩེ་བས་བྱམས་སྐྱོང་གནང་ནས་གཅེས་གཅེས་གསུངས་ནས་འབྱོན་པས་ཡག་ཤུལ་བུ་གཅེས་སམ་གཅེས་གཅེས་ཞེས་ཆུང་མིང་ལ་ཡང་དེ་ལྟར་ཐོགས་ཚུལ་གྲགས། དེ་ལས་མང་་་

གསར་འགྱུར།

༧ སྐྱབས་རྗེ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་བྱང་གར་ཞ་ཕྱོགས་སུ་ཆིབས་བསྒྱུར་གནང་འདུག

2019 ལོའི་ཟླ 8 ཚེས 3 ཉིན། གདོང་མཁན། 0

བོད་ཟླ་བ་དྲུག་པའི་ཚེས་པ་༡དང་༢ ཉིན་གཉིས་རིང་རྒྱ་གར་བྱང་ཕྱོགས་གར་ཞ་ཡུལ་གྱི་དད་ལྡན་མི་མང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་མཆོག་གར་ཞ་མཁའ་འགྲོ་གླིང་ཞུ་པ་དང་ འཁོར་ལོ་བདེ་མཆོག་གི་གནས་ཆེན་ཉེར་བཞིའི་ནང་ཚན་དྲིལ་བུ་རིའི་ཉེ་འདབ་ཁང་གསར་མཁར་གྱི་ཉེ་སར། དེང་དུས་ཇིས་པ་ཟེར་བའི་ས་གནས་ཀྱི་ཕོ་བྲང་མདུན་ཐང་དུ། གར་ཞ་སྟོད་སྨད་བར་གསུམ་གྱི་དད་ལྡན་མི་མང་སྟོང་ཚོ་ཉེ་ དེ་ལས་མང་་་

ངག་རྩོམ།

འཛམ་གླིང་སྤྱི་བསང་ཉིན་དུ་སྨོན་ལམ་ཉི་ཤུའི་ས་བོན་འདེབས་པ།

2019 ལོའི་ཟླ 7 ཚེས 31 ཉིན། གདོང་མཁན། 0

འདི་ལྟར་ཏེ། རྟོག་བཟོར་གྱི་གྲུ་བཞི་མིན་པའི་གདོང་དམར་གངས་ཅན་ཡུལ་དུ་ངོ་མཚར་ཆེ་བའི་བསང་མཆོད་དགའ་སྟོན་དུས་ཆེན་ཞིག་འབུར་འབུར་བྱུང་བ་ནི་ཡབ་མེས་རྣམ་གྱིས་བཀའ་དྲིན་འོག་ད་བར་ཟམ་མ་ཆད་པ་སྔར་ལས་བདོ་བའི་རྒྱུན་སྲོལ་རྩ་ཆེན་འདི་ལ་«འཛམ་གླིང་སྤྱི་བསང»ཞེས་གྲགས་ཡོད་པས། འདི་ཉིད་དར་ཚུལ་གླིང་སྒྲུང་གི་དཔེ་ཆ་འགའ་ལས་ཅུང་བྱུང་ཡོད་པ་དང་། ལྷག་པར་དུ་སྔོན་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ཀུན་ལ་བསང་མཆོད་བྱེད་པའི་སྲོལ་དར་ཁྱབ་ཆེན་མོ་བྱུང་ནས། ཕྱིས་སུ་ཀརྨ་པ་རང་བྱུང་རྡོ་རྗེས་སོག་གི་ཆུ་ལ་ལྕགས་ཟམ་བཙུགས་པའི་དུས་དང་བསྟུན། དེ་ལས་མང་་་

གསར་འགྱུར།

གསར་འགྱུར་ཕྱོགས་བསྡུས།

2019 ལོའི་ཟླ 7 ཚེས 28 ཉིན། གདོང་མཁན། 0

འདི་རིང་བོད་ཚེས་ཉེར་ལྔ་མཁའ་འགྲོ་མའི་དུས་ཆེན་དང་སྟབས་བསྟུན་ནས ༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མོན་གྷོ་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་དགོན་གྱི་གཙུག་ལག་ཁང་དུ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་བསྩལ་གནང་མཛད་འདུག ཚེས༡༩ ཉིན་ལྷོ་ཕྱོགས་སུ་མོན་གྷོ་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་དགོན་དུ་ཆིབས་བསྒྱུངས་གནང་བར་༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འཁོར་ལོ་བདེ་མཆོག་གི་བཀའ་དབང་བསྩལ་གནང་འདུག དེ་ལས་མང་་་

བཀའ་སློབ།

༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསྩལ་བའི་བཀའ་སློབ།

2019 ལོའི་ཟླ 7 ཚེས 28 ཉིན། གདོང་མཁན། 0

༧ སྐྱབས་མགོན་ ༧ གོང་མ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་མ་འོངས་པར་བོད་རིགས་སྤྱི་མཐུན་ཚོགས་པ་ཚོ་ལྟ་བུའི་ལས་ཀ་རྣམས་མི་རབས་གསར་པ་རྣམས་ལ་སྤྲོད་སྐབས་བློ་བདེ་བོ་ཡོང་བ་ཞིག་ལ་ད་ལྟ་ནས་ཤུགས་རྒྱག་དགོས་སྐོར་བཀའ་སློབ་གནང་། འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བྱང་ཨ་རིའི་མི་ནི་སོ་ཏྲར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་༦ སྔ་དྲོ་ཚོུད་༡༠ ཐོག བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོའི་ཐོག དཔལ་ས་སྐྱ་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། དེ་ལས་མང་་་

1 2 3 4 5 6 11