པར་མི་འདུག
མཚན་སྔགས།

བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ༔

2019 ལོའི་ཟླ 4 ཚེས 2 ཉིན། གདོང་མཁན། 0

རྒྱ་གར་སྐད་དུ༔ ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷེ༔ བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བསྡུས་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་དྷརྨ་ས་ཀ་ཧཱ༔ དྷརྨེ་ཤཱ་སེ་ནི་རི་སརྦ་ཀཱརྻ་ས་རི་ཏྲ་མེ་དྷརྨཱ༔ ཏདྱ་ཐཱ༔ ཧྲི་སུ་ཧྲི་སྨྲྀ་ཏི༔ ཛ་ཡ་བི་ཛ་ཡ༔ དྷཱིཿདྷ་ར་ཎི་པྲ་ཛྙཱ་སཱ་རེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཏོན་པ་དང་མཉམ་མོ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ་རྫོགས་སོ༔ དེ་ལས་མང་་་

གསར་འགྱུར།

ངོར་ཨེ་ཝཾ་ཆོས་སྡེའི་རྡོ་རྗེ་སློབ་དཔོན་དྲུག་བསྐོ་བཞག་གནང་འདུག

2019 ལོའི་ཟླ 3 ཚེས 31 ཉིན། གདོང་མཁན། 0

རབ་བྱུང་བཅུ་བདུན།  ས་མོ་ཕག་ལོ། བོད་ཟླ་དང་པོ། ཚེས་བཅོ་ལྔ་དགེ་བའི་ཉིན་༸དཔལ་ངོར་ཨེ་ཝྃ་ཆོས་སྡེ་དུ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་སྟར་འབུལ་ཞུ་བ་དང་སྟབས་བསྟུན་ངོར་ཨེ་ཝྃ་ཆོས་ལྡན་གྱི་དགེ་འདུན་པ་དྲུག་རྡོ་རྗེ་སློབ་དཔོན་གྱི་མཚན་གནས་ཀྱི་བསྐོ་བཞག་གནང་འདུག དེ་ཡང་ངོར་ཨེ་ཝཾ་ཆོས་སྡེ། ངོར་ཞེས་པ་ནི་ས་མིང་སྟེ་གཡག་གི་ངུར་སྒྲ་སྒྲོག་པའི་དོན་དང་། ཨེ་ཝཾ་ཞེས་པ་ནི་ཐབས་ཤེས་ཀྱི་དོན་ཡིན་ཞེས་གསུངས། དེ་ལས་མང་་་

གསར་འགྱུར།

རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་དབུ་འཛུགས་གནང་འདུག

2019 ལོའི་ཟླ 3 ཚེས 31 ཉིན། གདོང་མཁན། 0

དེ་རིང་ཕྱི་ལོ་༢༠༡༩ ཟླ་བ་ ༣ ཚེས་ ༣༡ བོད་ཟླ་དང་པོའི་ཚེས་ཉེར་དྲུག འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆག་གིའཁྲུངས་ཚེས་དང་སྟབས་བསྟུན། འཕགས་ཡུལ་རྫོང་གསར་བཤད་གྲྭ་གཙུག་ལག་སློབ་གཉེར་ཁང་ཆེན་མོར། དཔལ་ས་སྐྱའི་བཤད་གྲྭ་ཁག་ལྷན་འཛོམས་ཀྱིས་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་དབུ་འཛུགས་གནང་ཞིང་། འདི་ལོའི་རིགས་གཏེར་དཔྱིད་ཆོས་ཆེན་མོར་ས་སྐྱ་མཐོ་སློབ་དང་། རྫོང་གསར་བཤད་གྲྭ། མ་དགོན་བཤད་གྲྭ། རྒྱུད་ཀྱི་བཤད་གྲྭ། གོང་དཀར་ཆོས་སྡེ། པད་མ་ཚལ་གཙུག་ལག་སློབ་གཉེར་ཁང
དེ་ལས་མང་་་

གསར་འགྱུར།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ངོ་སྤྲོད།

2019 ལོའི་ཟླ 3 ཚེས 17 ཉིན། གདོང་མཁན། 0

ཁ་རྩང་ཤཱཀྱའི་དགེ་སློང་། གསར་གཏོད་པ་ཆེན་མོ། སྨོན་ལམ་བོད་ཀྱི་བརྡ་ཕྲིན་ཞིབ་འཇུག་ཁང་གི་འགན་འཛིན། དགེ་བཤེས་བློ་བཟང་སྨོན་ལམ་མཆོག་ནས་ཕྱི་ཚེས་༡༥ སྔ་དྲོར་ས་སྐྱའི་ཚིག་མཛོད་རྩོམ་སྒྲིག་པར་མཉེན་ཆས་གསར་པ་ངོ་སྤྲོད་དང་གསུང་བཤད། ཕྱི་དྲོར་དཔལ་ས་སྐྱའི་མཐོ་སློབ་ཀྱི་སྒོམ་རུམ་དཔེ་མཛོད་ཁང་དུ། དེ་གའི་མཁན་རིན་པོ་ཆེ་མཆོག་གིས་དབུས་ས་གནས་དོན་གཉེར་ཅན་གྲྭ་བཙུན་ཁག་ཅིག་ལ་ཚིག་མཛོད་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་། ཕྱི་ཚེས་༡༦ཉིན་༧སྐྱབས་མགོན་ དེ་ལས་མང་་་

གསར་འགྱུར།

བོད་ཀྱི་བརྡ་སྤྲོད་སྨྲ་བའི་རྒྱན་འགྲེམས་སྤེལ་སྔོན་བརྡ།

2019 ལོའི་ཟླ 3 ཚེས 16 ཉིན། གདོང་མཁན། 0

དཔལ་རྫོང་གསར་བཤད་གྲྭ་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་བསླབ་པ་མཐར་སོན་པའི་འདན་མའི་ལྷ་མདའ་མཆོག་ནས་ལོ་ངོ་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་བརྒྱུད་བོད་ཀྱི་སྐད་དང་ཡི་གེ་འདི་ཉིད་ཡུན་རིང་གནས་ཐབས་ལ་དམིགས་ནས་སུམ་རྟགས་གཉིས་དང་། གནས་བརྒྱད་ཆེན་མོ། སྨྲ་སྒོ་མཚོན་ཆ། སྒྲ་ལ་འཇུག་པའི་སྒོ་སོགས་དཔྱད་གཞིའི་ཁུངས་སུ་གཏུགས་ནས་བོད་ཀྱི་བརྡ་སྤྲོད་རིག་པ་ལ་མཁས་པ་ཚོའི་བཞེད་དགོངས་དེ་དཔྱད་བྱ་གང་ཉིད་ལ་དཔྱད་པ་གནད་དུ་ཐིངས་པ་བགྱིས་ཏེ། དེ་ལས་མང་་་

གསར་འགྱུར།

ས་སྐྱའི་མཁན་ཆེན་དང་ཉེ་བའི་རིགས་བདག་གཉིས་ཞལ་འཛོམ་གནང་འདུག

2019 ལོའི་ཟླ 3 ཚེས 2 ཉིན། གདོང་མཁན། 0

དེ་རིང་དཔལ་ས་སྐྱའི་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་དང་། ཝཱ་ཎ་བོད་ཀྱི་གཙུག་ལག་ཁང་གི་ངེས་དོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་རྣམ་གཉིས་མཇལ་འཕྲད་གནང་བ་དང་། དེ་བཞིན་དུ་དགོང་མོ་གསོལ་ཚིགས་མཉམ་དུ་བཞེས་ཞོར་མ་འོངས་པར་བོད་ཀྱི་ཆོས་ལུགས་ཁག་གི་སྐོར་བཀའ་མོལ་ཧ་ཅང་ལྷུག་པོ་གནང་འདུག དེ་ཡང་ས་སྐྱའི་མཁན་ཆེན་མཆོག་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་པོ་དགེ་བཤེས་ངག་དབང་བསམ་གཏན་གཉིས་ཆུང་ དེ་ལས་མང་་་

གསར་འགྱུར།

འོད་ཟེར་ཅན་མའི་ཆོས་ཚོགས་ལོ་གཅིག་ཧྲིལ་བོ་འཁོར་བའིབྱམས་བརྩེ་མཉམ་སྤྱོད་ཀྱི་ལས་འགུལ།

2019 ལོའི་ཟླ 3 ཚེས 2 ཉིན། གདོང་མཁན། 0

༢༠༡༩ ལོའི་ཕྱི་ཟླ ༢ པའི་ཚེས ༢ ཉིན། ཨ་རིའི་གྲོང་ཁྱེར་སི་ཡ་ཀྲལ་དུ་ཡོད་པའི་འོད་ཟེར་ཅན་མ་མཆེད་གྲོགས་ཚོགས་པའི་ཡན་ལག་རུ་ཁག་གིས་༼བྱམས་བརྩེ་མཉམ་སྤྱོད༽ཞེས་པའི་ལས་འགུལ་ཐེངས་གཉིས་པ་སྤེལ་བ།
ཐེངས་འདིའི་ལས་འགུལ་ནི་སྐྱབས་མཆོག་༧འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་གནང་ཞིང་། སྐྱབས་མཆོག་༧འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་རྣམ་པ། ས་སྐྱ་དགོན་པའི་དགེ་འདུན་པ་རྣམས་དང་ཚོགས་ དེ་ལས་མང་་་

གསར་འགྱུར།

༸མཆོག་སྤྲུལ་སྡེ་གཞུང་རིན་པོ་ཆེ་མཆོག་གི་རྣམ་ཐར་དབུ་འབྱེད་གནང་འདུག

2019 ལོའི་ཟླ 3 ཚེས 2 ཉིན། གདོང་མཁན། 0

བོད་ཟླ་བ་དང་པོའི་ཚེས་ཉེེར་ལྔ་ཕྱི་ཟླ་གསུམ་པའི་ཚེས་གཅིག་ཉིན་འཕགས་ཡུལ་༼རཇ་པུར༽རྒྱལ་པོའི་གྲོང་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ། ༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་དངོས་ ༧ སྐྱབས་མགོན་ ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ ༧ སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྣམ་གསུམ་ནས་དཔལ་ས་སྐྱའི་བསྟན་འཛིན་སྐྱེས་ དེ་ལས་མང་་་

བསྟོད་ཚོགས།

ཀུན་མཁྱེན་བླ་མའི་རྣམ་ཐར་དོན་སྡུས་ཡིད་ཀྱི་མུན་སེལ།

2019 ལོའི་ཟླ 2 ཚེས 27 ཉིན། གདོང་མཁན། 0

རྒྱལ་བ་ཀུན་གྱི་ཡེ་ཤེས་ཕུང་པོ་ལས།།གདུལ་བྱའི་སྣང་ངོར་གཟུགས་ཀྱི་སྐུ་གཞེངས་པའི།།བསྟན་པའི་འཁོར་ལོས་བདག་རྒྱུད་བྱིན་རློབས་ནས།།འགྲོ་རྣམས་བློ་གྲོས་སྐྱེས་པའི་སྣང་བ་རྩོལ།།བསྟན་པའི་འཁོར་ལོའི་སྤྲུལ་པ་གོ་རམ་ཞེས།།ས་སྐྱའི་བསྟན་ལ་ས་པཎ་གཉིས་པ་ཞིག།མདོ་ཁམས་སྨར་སྒང་སྨར་ཤོད་གོ་ལའི་སྟེང་།།བྱི་བ་ཚང་དུ་རུ་ཚའི་གདུང་གི་བརྒྱུད།།ཞང་སྐྱབས་ཡབ་དང་རྒྱལ་སྨན་ཡུམ་གཟུང་ནས།།ས་མོ་བྱ་ལོར་མི་ཉག་དཔལ་དུ་འཁྲུངས།།ཡེ་སངས་རྒྱས་ཀྱང་གདུལ་བྱའི་སྣང་ངོར་ལ།།ཀུན་དགའ་འབུམ་ལས་རབ་ཏུ་བྱུང་བ་མཛད།།
དེ་ལས་མང་་་

གསར་འགྱུར།

གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་བཤད་གྲྭ་ཆེན་མོའི་མཁན་པོ་ཁྲི་སྟོན་མཛད་སྒོ་གནང་འདུག

2019 ལོའི་ཟླ 2 ཚེས 26 ཉིན། གདོང་མཁན། 0

གདན་ས་ཆེན་པོར་བཤད་གྲྭའི་མཁན་ཆེན་ཁྲི་གསོལ་མཛད་པ། བོད་ས་ཕག་ལོ་སྤྱི་ལོ་༢༠༡༩ལོའི་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེའི་དགོངས་རྫོགས་དུས་ཆེན་ཁྱད་པར་ཅན་ལ་དམིགས་ཏེ་གདན་ས་ཆེན་པོའི་མཁན་ལས་དབུ་བྱེས་རྣམས་ཀྱིས་སྔར་གྱི་ལམ་སྲོལ་གཙང་མའི་ཐོག་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་རྒྱུན་འཛིན་དར་སྤེལ་གྱི་སླད་དུ་བསླབ་པ་གསུམ་གྱི་བདག་ཉིད་གཞུང་ལུགས་རབ་འབྱམས་སྨྲ་ དེ་ལས་མང་་་

གསར་འགྱུར།

གཟིམ་སྤྱིལ་དཀར་པོའི་དུས་དེབ་དབུ་འབྱེད་གནང་འདུག

2019 ལོའི་ཟླ 2 ཚེས 22 ཉིན། གདོང་མཁན། 2

ཁ་རྩང་སྤྱི་ཚེས ༢༡ ཉིན་དཔལ་ས་སྐྱ་མ་དགོན་བཤད་གྲྭའི་ལོ་འཁོར་དུས་དེབ་<<གཟིམ་སྤྱིལ་དཀར་པོ>>་ཞེས་པའི་འདོན་ཐེངས་དང་པོ་འདི་ཉིད། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མཆོག་གིས་དབུ་འབྱེད་གནང་སོང་། དེ་ཡང་དུས་དེབ་འདིར་བཀའ་སློབ། ནང་ཆོས། ལོ་རྒྱུས། སྙན་དངགས། ཀ་རྩོམ། རང་མོས་སྙན་ངག་བཅས་ཀྱི་ལེ་ཚན་མི་འདྲ་བ་དྲུག་གི་བདག་ཉིད་ལས་གྲུབ་པའི་ས་སྐྱའི་དུས་དེབ་ཞིག་རེད་འདུག དེ་ཡང་བཙན་བྱོལ་ དེ་ལས་མང་་་

གསར་འགྱུར།

བྱེས་ཀྱི་རྫོང་གསར་བཤད་གྲྭའི་མཁན་སྤྲུལ་ལས་བྱེད་སིངྒ་ལར་གནས་བསྐོར་ཕེབས་བཞིན།

2019 ལོའི་ཟླ 2 ཚེས 22 ཉིན། གདོང་མཁན། 0

༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་རྗེའི་བདག་རྐྱེན་ལས། དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་རྣམ་པ་གཉིས་དང་། དཔལ་ས་སྐྱའི་༧རྗེ་བཙུན་མ་མཆོག ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་མཆོག མཁན་པོ་རིན་ཆེན། མཁན་པོ་འཇམ་དབྱངས་བློ་གསལ། མཁན་པོ་བསམ་འགྲུབ་དབུས་པའི་དཔལ་རྫོང་སར་བཤད་གྲྭའི་མཁན་སློབ་ལས་སྣེ་རྣམས་ནང་པའི་རྒྱལ་ཁབ་སིངྒ་ལར་གནས་སྐོར་དུ་ཕེབས་བཞིན་འདུག དེ་ཡང་སྤྱི་ནང་པ་དང་སྒེར་བོད་བརྒྱུད་བསྟན་འདི་ཉིད་མི་ཉམས་གོང་འཕེལ་དང་། དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་སྟབས་འབུལ་གནང་འདུག

2019 ལོའི་ཟླ 2 ཚེས 21 ཉིན། གདོང་མཁན། 0

དེ་རིང་༧ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས་འདི་བཙན་བྱོལ་དུ་ཆགས་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན་ཆོས་སྒར་དང་ས་སྐྱའི་གཞིས་ཆགས་ཐུན་མོང་ནས་གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་སྟབས་འབུལ་ཞིག་གནང་སོང་། དེ་ཡང་དེ་རིང་ཞོགས་པར་སྤུ་རུ་ཝ་ལ་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་ནས་༧ སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧ དེ་ལས་མང་་་

ངག་རྩོམ།

ཐོལ་བྱུང་སེམས་ཀྱི་ཚོར་བ།

2019 ལོའི་ཟླ 2 ཚེས 20 ཉིན། གདོང་མཁན། 0

འཁོར་འདས་དབྱེར་མེད་ཆོས་ཉིད་བདེན་མེད་མྱོངས།།སྣང་གསུམ་དག་པའི་རོ་མཉམ་ཉམས་ལེན་བརྒྱུད།།ཐབས་ཤེས་ཟུང་གིས་རྒྱུད་གསུམ་མཐིལ་ཕྱིན་པ།།ས་དཀར་བསྟན་པའི་མཛེས་རྒྱན་རྣམས་ལ་འདུད།།བཅོས་མིན་སེམས་འཁོལ་དད་འདུས་ཀློང་ཡངས་ནས།།ཚེ་རབས་ཕྲེང་བརྒྱུད་པདྨའི་ཟེ་འབྲུ་འཐོར།།ལས་བསྐོས་དོན་དམ་པད་མའི་གེ་སར་ཉིད།།སྐྱབས་མཆོག་དྲི་མེད་འཁོན་གདུང་རྣམས་ལ་གུས།།ཐུན་མིན་རྩ་བླ་ཁྲི་ཆེན་རྡོ་རྗེ་འཆང་།།དད་གུས་སྤྲོ་གསུམ་འཛུམ་པའི་ངང་ཉིད་དུ།།མི་ཕྱེད་དྭངས་གཙང་འདྲེན་པའི་སྙིང་རུས་ནས།།ཡིད་འོང་ཚོར་སྐྱེན་དད་མོས་རྟག་ཏུ་བགྱིད།།
དེ་ལས་མང་་་

གསར་འགྱུར།

བྱེས་ཀྱི་གོང་དཀར་ཆོས་སྡེ་ཆེན་མོར་མཁན་པོའི་ཁྲི་འདོན་མཛད་སྒོ།

2019 ལོའི་ཟླ 2 ཚེས 19 ཉིན། གདོང་མཁན། 0

༧ དཔལ་ས་སྐྱའི་བྱེས་ཀྱི་གདན་ས་གོང་དཀར་ཆོས་སྡེ་ཆེན་མོར་ཁང་རྩང་རིང་ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༧སྐྱབས་མགོན་ ༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག གོང་དཀར་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། བཤད་གྲྭ་ཁག་གི་མཁན་པོ་དང་སྤྲུལ་སྐུ། དེ་བཞིན་ཉེ་འཁོར་གཞིས་ཆགས་ཁག་ནས་ཕེབས་པའི་བོད་མི་དང་། དགོན་པའི་སྦྱིན་བདག་ཁག་བཅས་ཕེབས་གནང་འདུག ༧ རིན་པོ་ཆེ་མཆོག་གིས་གསར་དུ་མཁན་པོ་ཁྲི་འདོན་གནང་བར་ཁག་ལ དེ་ལས་མང་་་

1 7 8 9 10 11