དགོན་སྡེ།

སྒ་ཁྲི་འདུ་སྐལ་བཟང་དགོན་པའི་ལོ་རྒྱུས།

2019 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

དགོན་འདིའི་གྲུབ་མཐའ་ས་སྐྱ་ཡིན། འགྲོ་མགོན་ཆོས་རྒྱལ་འཕཊ་པས་བཀའ་བཞིན། བོད་རབ་བྱུང་བཞི་པ་ལྕགས་སྤྲེལ་ལོ་སྤྱི་ལོ་༡༢༦༠ ལོར་ཡོན་གོང་མ་ཁྲི་ཙུང་གི་དབུ་བླ་ (དམ་པ་ཏི་ཤྲཱི་) སྒ་ཨ་གཉན་དམ་པས་མདོ་ཁམས་ཀྱི་ས་ཁུལ་ཡོངས་ལ་དགོན་པ་༡༠༨བཞེངས་པའི་གཙོ་དགོན་འདི་ཉིད་གདན་ས་བཏབ་ནས་ཐང་རྒྱལ་རབས་སྐབས་གཞེངས་པའི་ཇོ་བོའི་ལི་སྐུ་དང་གསེར་དངུལ་གྱི་བཀའ་བསྟན་འགྱུར། བཀའ་གདམས་མཆོད་རྟེན་སོཊ་འཕགས་པས་གནང་། རབ་གནས་ཀྱི་མཛད་སྒོ་སྤྱི་ལོ ༡༢༦༧ ལོར་འགྲོ་མགོན་ དེ་ལས་མང་་་

གསར་འགྱུར།

༧བཅོ་བརྒྱད་ཁྲི་ཆེན་མཆོག་གི་རྒྱལ་ཚབ་མངའ་གསོལ་གནང་འདུག

2019 ལོའི་ཟླ 1 ཚེས 12 ཉིན། གདོང་མཁན། 0

བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་དཔལ་ས་ངོར་ཚར་གསུམ་གྱི་གདན་སའི་ཡ་གྱལ་ཚར་ཆེན་རྡོ་རྗེ་འཆང་གི་གདན་སའམ་༧ སྐྱབས་རྗེ་བདེ་བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གདན་ས། བྱམས་ཆེན་ལྷ་ཁང་ཡིད་དགའ་ཆོས་འཛིན་གྱི་གཙུག་ལག་ཁང་དུ། ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བླ་མ་ས་སྐྱ་པ་ཆེན་པོ ༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ངོར་ཆེན་རྒྱལ་བའི་གདུང་འཚོབ་ ༧ སྐྱབས་ དེ་ལས་མང་་་

ངག་རྩོམ།

ལམ་ཞོར་སྙན་དངགས།

2019 ལོའི་ཟླ 1 ཚེས 10 ཉིན། གདོང་མཁན། 0

འཁོར་བས་བལྟོས་ན་གདོང་མཁན་བྲེལ་འཚུབ་མཐོང་།།གདོང་མཁན་མཐོང་གསལ་འཁོར་བ་བྲེལ་ཟིང་བསྙུར།།གཞན་ངོར་གདོང་མཁན་སྤྲོ་འཁྱམས་ཉུལ་བར་མཐོང་།།གདོང་མཁན་མགྲིན་ལག་ཐུན་མོང་གནད་ལ་བྲེལ།།བསྟན་སྲིད་སྤྱི་དོན་ཕྲག་གོང་སྒང་དུ་ཁུར།།ནོར་འཛིན་ཁོད་སྙོམས་རྒྱ་གར་ལྡི་ལི་གྲོང་།།ནམ་དུས་དྲོད་གཤེར་ཁ་རླངས་དྲི་ངན་ལྡང་།།སྲོག་གཤེད་དུག་སྦྲང་ནད་ཡམས་མང་ན་ཡང་།།རྒྱ་གར་གྲོས་ཚོགས་འཐུས་མི་ལན་རེར་མཇལ།།ད་ནི་ལས་དོན་གྲུབ་མཚམས་རང་གནས་སུ།།གཉིད་མིན་སད་མིན་གཞུང་ལམ་སྒང་དུ་ཡོད།།གྲང་ དེ་ལས་མང་་་

གསར་འགྱུར།

བལ་ཡུལ་སྐྱབས་རྗེ་བཅོ་བརྒྱད་རིན་པོ་ཆེ་མཆོག་གི་སྐུ་གདུང་མཆོད་རྟེན་རབ་གནས་མཛད་སྒོ།

2019 ལོའི་ཟླ 1 ཚེས 10 ཉིན། གདོང་མཁན། 0

ཉེ་ཆར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔས་ས་སྐྱ་༧གོང་མ་༧སྐྱབས་མགོན་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་དང་། ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཐར་རྩེ་མཁན་རིན་པོ་ཆེ། སྙན་བརྒྱུད་གདམས་པའི་མཛོད་འཛིན་ལྕེ་བཙུན་ཞབས་དྲུང་རྣམ་པ་གཙོས་སྤྱི་ཚེས ༦ ནས་༨ བར་དུ་བལ་ཡུལ་དཔལ་ས་སྐྱ་ཁྲ་རིགས་དགོན་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་ ༥༠ འཁོར་བའི་མཛད་སྒོ་དང་ཁྲ་རིགས་སློབ་གྲྭའི་སློབ་མ་རྣམས་ལ་ལོ་མཐའ་ཡིག་རྒྱུགས་ལེགས་པར་སོན་པ་རྣམས་ཀྱི་གྲུབ་འབྲས་གསོལ་རས་ དེ་ལས་མང་་་

དགོན་སྡེ།

བྲག་གཡབ་རྩྭ་བཟང་གླང་པོ་དགོན་པའི་ལོ་རྒྱུས་སྙིང་བསྡུས།

2019 ལོའི་ཟླ 1 ཚེས 6 ཉིན། གདོང་མཁན། 0

གླང་པོ་དགོན་ཞེས་པ་ནི་གླང་པོ་ཆེའི་སྣ་ཞགས་དང་འདྲ་བའི་རི་བོ་ཞིག་ཏུ་ཆགས་ཡོད་པར་བརྟེན། དགོན་པའི་མིང་ཡང་དེ་ལྟར་ཐོགས་པ་རྒན་རབས་པའི་ཞལ་རྒྱུན་ལས་གྲགས་པ་ལྟར་རོ། དགོན་པ་འདིར་དགུན་ཁར་ལྷགས་རླུང་གི་གྲང་ངད་སྡང་པོ་ཡོད་པས་གྲྭ་པ་ཚོར་དགུན་ཚེ་རིང་དགོན་པར་འདུག་རྒྱུ་དཀའ་ཚེགས་ཀྱང་ཅུང་ཟད་ཡོད། དབྱར་ཁའི་གནམ་གཤིས་བསིལ་ཞིང་རླུང་བུ་འཇམ་པས་དྲོད་གྲང་གི་བབ་ཧ་ཅང་ལེགས། གཡོན་ངོས་ནས་མར་དཔའ་རེ་དང་རྩྭ་བཟང་གི་ལུང་ཚན་མང་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་བལ་ཡུལ་དུ་ཆིབས་བསྒྱུར་གནང་འདུག

2019 ལོའི་ཟླ 1 ཚེས 6 ཉིན། གདོང་མཁན། 0

༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་ནས་༢༠༡༩ ལོ་ཟླ་༡ ཚེས་༦ ནས་ཚེས་༨ ཉིན་གྲངས་གསུམ་གྱི་རིང་དུ་བལ་ཡུལ་ས་སྐྱ་ཁྲ་རིག་དགོན་པ་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་འཚོགས་འཆར་ཡོད་པ་དེའི་མཛད་སྒོ་ཐོག་ཏུ་༢༠༡༩ ལོའི་ཟླ་༡ ཚེས་༥ ཕྱི་དྲོ། ༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དང་། མཁའ་འགྲོ་མ་བདག་མོ་སྐལ་ལྡན་རྣམ་པ་གཉིས་བལ་ཡུལ་ཁྲ་རིག་དགོན་དུ་ཞབས་སོར་བདེ་ དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

2019 ལོའི་ཟླ 1 ཚེས 6 ཉིན། གདོང་མཁན། 0

ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བས་དགེ་ལེགས་ཀྱི་ལམ་ཡངས་པོར་ཕྱེ་ནས་རྗེ་བཙུན་བླ་མ་དེ་ཉིད་ཀྱིས་རིགས་ཅན་གསུམ་གྱི་གདུལ་བྱར་ཆོས་ཀྱི་འཁོར་ལོ་སྐོར་བ་སོགས་ཕྱི་ནང་གསང་བའི་རྣམ་པར་ཐར་པ་ནི། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱོད་ཡུལ་ལས་བདག་ལྟ་བུ་ཐ་མལ་པས་ཇི་བཞིན་བརྗོད་པ་དང་འབྲི་བར་ག་ལ་ལང་། འོན་ཀྱང་གང་ཤེས་པ་དང་བློ་ངོར་འཆར་བའི་རྣམ་པར་ཐར་པ་ཅུང་ཟད་ཞིག་ཡིད་ཀྱི་གསོས་སུ་འབྲི་བར་བྱ་སྟེ། དེ་ལས་མང་་་

གསར་འགྱུར།

ས་སྐྱ་ཞིབ་འཇུག་ཅེས་པའི་རྩོམ་བསྡུའི་གསལ་བསྒྲགས།

2019 ལོའི་ཟླ 1 ཚེས 5 ཉིན། གདོང་མཁན། 0

རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་ཡོངས་རྫོགས་བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་མཁས་དབང་ལུང་རིགས་སྨྲ་བ་རྣམས་ཀྱི་གཙོས། རྒྱ་ཆེའི་སྙུག་ཐོག་པ་ཡོངས་ཀྱི་སྤྱན་སྔར་གུས་ཞུ། ང་ཚོས་འདི་ནས་བསྟན་པ་སྤྱི་བྱེ་ལ་ཞབས་འདེགས་ཕྲན་བུ་ཙམ་བསྒྲུབ་ཐུབ་བ་མ་སྙམ་པ་དང་། བོད་ཀྱི་གཞོན་སྐྱེས་རྩོམ་པ་ཡོངས་ལ་ལུང་རིགས་ཀྱི་སྒེག་ཉམས་ངོམ་པའི་གར་སྟེགས་ཆུང་ཆུང་ཞིག་སྟེ། ས་སྐྱ་ཞིབ་འཇུག་ཅེས་པའི་ལོ་དེབ་ཅིག་བསྐྲུན་འཆར་ལ། ཁྱེད་རྒྱ་ཆེའི་རྩོམ་པ་པོ་རྣམ་པས་ དེ་ལས་མང་་་