གསར་འགྱུར།

དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་ནས་རིམས་འགོག་སྨན་ཁབ་སྦྱིན་གཏོང་གནང་བ།

2021 ལོའི་ཟླ 6 ཚེས 16 ཉིན། སྟག་ལྗོངས་འཆི་མེད། 0

སྨན་སྦྱིན་དུ་ཕུལ་གནང་བའི་སྐབས་སྨན་སྦྱིན་ཕུལ་མཁན་གྱི་ངོས་ནས་ཐུགས་འགན་གཙོ་བོ་བཞེས་མཁན་བདག་མོ་སྐུ་ཞབས་སྐལ་ལྡན་སྒྲོན་སྐྱིད་མཆོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དང་བདེ་སྐྱིད་གླིང་ས་གནས་འགོ་འཛིན་གཙོས་འབྲེལ་ཡོད་རྣམ་པར་བཀའ་བསྡུར་དང་སྔོནའགོག་སྨན་ཁབ་འདི་བཞིན་མགྱོགས་མྱུར་རྒྱབ་འགོ་ཚུགས་པར་གང་ཅིའི་ཐུགས་འཁུར་ཆེར་བཞེས་ཀྱིས་གྲ་སྒྲིག་འཐུས་སྒོ་ཚང་བ་གནང་སོང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། དེ་བཞིན་དུ་ས་གནས་འགོ་འཛིན་གྱིས་དབུས་ཌེ་ དེ་ལས་མང་་་

གསར་འགྱུར།

༧སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེས་རིམས་འགོག་སྨན་ཁབ་སྦྱིན་གཏོང་གནང་བ།

2021 ལོའི་ཟླ 6 ཚེས 16 ཉིན། སྟག་ལྗོངས་འཆི་མེད། 0

དེ་ཡང་༧སྐྱབས་མགོན་འཁོང་གདུང་ཛྙ་ན་བཛྲ་རིན་པོ་ཆེའི་ཡིག་ཚང་ནས་གསལ་བསྒྲགས་སྤེལ་གནང་མཛད་པ་བཞིན། འདས་པའི་ཟླ་བ་གཅིག་ཙམ་རིང་༸སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་དང་བདག་མོ་བསོད་ནམས་དཔལ་སྐྱིད་ལགས་ནས་མཁོ་གྲུབ་ཐབས་ཤེས་གནང་བ་ལྟར་འདི་ཟླའི་ཚེས་ ༡༢།༡༣ ཉིན་གཉིས་ནང་ དྷེ་ར་རྡུན་དུ་ཡོད་པའི་ས་སྐྱའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དང་དེ་བཞིན་རཱ་ཛ་པུར་དང་ར་ཡི་པུར་གནས་བསྡོད་བོད་མི་དང་ས་སྐྱའི་སློབ་གཉེར་ཁང་གི་ཉེ་ དེ་ལས་མང་་་

གསར་འགྱུར།

རིམས་འགོག་སྨན་ཁབ་སྦྱིན་གཏོང་གནང་བ། རྫོང་གསར།

2021 ལོའི་ཟླ 6 ཚེས 16 ཉིན། སྟག་ལྗོངས་འཆི་མེད། 0

༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་བཞིན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་། རིན་པོ་ཆེའི་ཆོས་ཚོགས་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་གཉིས་མཉམ་འབྲེལ་གྱིས་སྦིར་དང་ཅོན་ཏ་ར་ས་ཁུལ་དུ་གནས་སྡོད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པ་དང་། གཞིས་མི། སློབ་ཕྲུག་བཅས་རང་ལོ་ ༡༨ ནས་ ༤༤ བར་གྱི་སེར་སྐྱ་ཕོ་མོ་རིམས་འགོག་སྨན་ཁབ་རགས་མེད་པ་ཡོད་ཚད་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་མཐུན་རྐྱེན་སྦྱོར་གནང་མཛད་ཡོད་པ་དང་། དེ་ལས་མང་་་

ངག་རྩོམ།

ལྷ་བརྒྱད་ཐུན་མོང་མ་ཡིན་པའི་བསྐང་བ་བཞུགས་སོ།

2021 ལོའི་ཟླ 3 ཚེས 25 ཉིན། གདོང་མཁན། 0

ཧཱུྃ་གཏུམ་ཆེན་ནག་པོ་ལྕམ་དྲལ་དང༌། །ཨེ་ཀ་ཛ་ཊི་ལ་སོགས་པ། །བཀའ་སྡོད་འཁོར་དང་བཅས་པ་ལ། །ཁྱད་པར་དམ་རྫས་འབུལ་བ་ནི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་དང་། །མཱཾ་སའི་རྒྱན་ཅན་གཏོར་མ་དང་། །ཕྱག་མཚན་རྒྱན་ཅན་དམ་པ་དང་། །ཕྱི་ནང་གསང་བའི་རྟེན་རྣམས་ཀྱིས། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང༌། དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་དུ་ཀུན་མཁྱེན་དགོངས་རྫོགས་སྐབས་སུ་བགྲོ་གླེང་།

2021 ལོའི་ཟླ 3 ཚེས 5 ཉིན། གདོང་མཁན། 0

ཁ་རྩང་དཔལ་ས་སྐྱའི་མཐོ་སློབ་༧ཀུན་མཁྱེན་ཆེན་མོའི་དགོངས་རྫོགས་རྗེས་དྲན་ཕྱིར་བགྲོ་གླེང་ཞིག་ཚོགས་འདུག མཐོ་སློབ་འདི་ཉིད་དུ་བགྲོ་གླེང་གནང་ཕྱོགས་ཐད་དམིགས་བསལ་གྱི་ཉམས་མྱོང་སྤེལ་རེས་བྱེད་གནང་འདུག དེ་ཡང་རྒྱུན་ལྡན་མཐོ་སློབ་ནང་ཁུལ་དུ་བགྲོ་གླེང་དང་ཆོས་རྩོད་སོགས་ཆོས་ཕྱོགས་བྱ་བ་ལས་ཀྱི་འཁོར་ལོ་རྟག་ཏུ་མཆིས། སྤྱིར་བཏང་ཐོག་མ་ཉིད་ནས་བོད་རྫོང་སར་བཤད་གྲྭའི་ཕྱག་རྒྱུན་ལྟར་མཐོ་སློབ་འདིར་བཤད་པ་གཙོ་བོར་མཛད་ཐོག་རྩོད་པ་ཧ་ཅང་ཤུགས་ཆེར་རྩོད། ཉིན་རེར་རྩོད་ དེ་ལས་མང་་་

གསར་འགྱུར།

མཐོ་རིམ་རིག་གནས་ཀྱི་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་ཚོགས་པ།

2021 ལོའི་ཟླ 3 ཚེས 5 ཉིན། གདོང་མཁན། 0

ཁ་རྩང་བོད་རབ་གནས་ལྕགས་གླང་ལོའི་ཟླ་དང་པོའི་ཚེས་ཉེར་གཅིག སྤྱི་ལོ་༢༠༢༡ཟླ་བ་༣ཚེས་༤ཉིན་མོ་འདི་ནི་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་ཡ་གྱལ་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེངྒེ་མཆོག་དང་། སྙིགས་དུས་བསྟན་པའི་སྒྲོན་མེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་རྗེས་དྲན་དགོངས་རྫོགས་ཀྱི་ཉིན་མོ་ཡིན་པ་ལྟར། སྔར་རྒྱུན་བཞིན་འདི་ག་མཁས་མང་བྱེ་བའི་འབྱུང་གནས་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ དེ་ལས་མང་་་

གསར་འགྱུར།

བཟང་སྤྱོད་སྨོན་ལམ་གྱི་བཀའ་ཁྲིད་གནང་འདུག

2021 ལོའི་ཟླ 2 ཚེས 28 ཉིན། གདོང་མཁན། 0

ཁ་རྩང་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བྱང་ཨ་རི་ནེའུ་ཡོག་དང་ནེའུ་རྒྱ་སུའི་དཔལ་ལྡན་ས་སྐྱའི་བརྩེ་ཆེན་ཚོགས་པས་གོ་སྒྲིག་འོག་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གཙོས་གྱུར་པའི་ཕྱི་རྒྱལ་བ་བཅས་ལ་ལོ་གསར་པར་འཚམས་འདྲི་ཞུས་པ་དང་སྦྲགས་མི་ཚེ་དོན་ལྡན་སྐྱེལ་དགོས་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་འཕྲོས། སྨོན་ལམ་ཀུན་གྱི་རྒྱལ་པོ་བཟང་པོ་ དེ་ལས་མང་་་

ངག་རྩོམ།

བོད་ཀྱི་བཙུན་མ་བགྲེས་སོང་ཞིག་གི་སྙིང་རྗེའི་བཞུད་ལམ་གླེང་བ།

2021 ལོའི་ཟླ 2 ཚེས 25 ཉིན། གདོང་མཁན། 0

སྙིང་རྗེས་བཟི་བའི་བཙུན་མ་ཞིག (བོད་ཀྱི་བཙུན་མ་བགྲེས་སོང་ཞིག་གི་སྙིང་རྗེའི་བཞུད་ལམ་གླེང་བ། )སྔར་ལོ་ནི་ལས་འབྲས་མི་བསླུ་བའི་བདེན་པ་མགོ་ཐོག་ཏུ་འཁོར་བའམ། ཡང་ན་འགྲོ་བ་མིས་བྱས་ཉེས་ཀྱིས་རྐྱེན་པས་འཛམ་གླིང་ཧྲིལ་པོ་ནད་ཀྱི་གཡང་སར་ལྷུང་བ་ན།མི་ཕལ་མོ་ཆེ་རང་ཁྱིམ་གྱི་སྒོ་ཐེམ་དང་རྩིག་འདབ་ཙམ་ཡང་བརྒལ་མི་ཕོད་པའི་གནས་སུ་གྱུར།དེ་ལྟ་ནའང་རང་ལས་གཞན་གཅེས་ཀྱི་སྙིང་རྗེས་རྟག་ཏུ་བཟི་བའི་ནང་པའི་བཙུན་མ་བགྲེས་སོང་ཞིག དེ་ལས་མང་་་

བསྟོད་ཚོགས།

མ་བཅོས་དད་པའི་ཡིད་ཀྱི་གསོལ་འདེབས་བཞུགས་སོ།

2021 ལོའི་ཟླ 2 ཚེས 25 ཉིན། གདོང་མཁན། 0

རྣལ་འབྱོར་དབང་ཕྱུག་བིར་ཝའི་ཐུགས་བཅུད་གསུང་ངག་དང་།དངོས་རྟོགས་གྲུབ་ཆེན་མི་ལ་རྗེ་ཡི་མགུར་འབུམ་ཆེ། ། ​དགོངས་གཅིག་དབྱངས་གཅིག་[1ཡིན་པའི་བཀྲ་ཤིས་གཡང་ཆགས་ཀྱིས། ། ​མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [1] ༼འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཐུགས་སྲས་ཀུན་གྱི་གཙོ་བོ་སྐུ་ཚེ་དེ་ཁོ་ན་ལ་ཕྱག་ཆེན་ཟུང་འཇུག་སྐུ་བརྙེས་སྒ་སྟོན་རྡོ་རྗེ་འཆང་གིས་ས་སྐྱ་པའི་ལམ་འབྲས་དང་རྗེ་བཙུན་མི་ལའི་མགུར་འབུམ་གཉིས་དགོངས་པ་དབྱེར་མེད་ཡིན་པའི་ཞལ་གདམས་ཀྱི་མན་ངག་དེ་ཉིད་ཐུགས་སྲས་སྡེ་སྟོན་ཨ་འཇམ་རིན་པོ་ཆེར་གསུངས་པའི་ཞལ་རྒྱུན་རྣམས་བདག་ཅག་རྣམས་ཀྱི་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་ཨ་པད་རིན་པོ་ཆེའི་ཞལ་སྔ་ནས་ཁོ་བོ་ཅག་གིས་ཐོས་སོ།།༽ ​ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མཆོག་འཁོན་གདུང་ཨ་སངྒ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་གནས་གཟིགས་ཕེབས་པ།

2021 ལོའི་ཟླ 2 ཚེས 19 ཉིན། གདོང་མཁན། 0

༄༅། །དཔལ་ས་སྐྱའི་༸སྐྱབས་མཆོག་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ། ༸སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ། མཁན་ཆེན་བསོད་ནམས་རྒྱ་མཚོ་ལྷན་རྒྱས་དང་། ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་མཁན་སློབ་དགེ་ལས་རྣམས་གནམ་ལོ་གསར་པའི་ཚེས་ ༠༧ དགེ་བའི་ཉིན་སྟོན་པ་ཐུགས་རྗེ་ཅན་གྱིས་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཤྲུ་གྷ་ན་(Chaneti Bhudhist Stupa, Yamuna Nagar, Haryana) ཞེས་པར་གནས་མཇལ་དུ་ཕེབས་བཞིན་པའི་འདུག དེ་ལས་མང་་་

གནས་ཆེན།

ཞན་ཙང་གི་ལམ་གྱི་ཟིན་ཐོ་དང་འབྲེལ་ཏེ་འཆད་པའི་ཤྲུག་ནའི་གནས་བཤད།

2021 ལོའི་ཟླ 2 ཚེས 18 ཉིན། གདོང་མཁན། 0

དུས་བཞིར་རྟག་ཏུ་ཁ་བའི་བུ་ཡུག་དྲག་ཏུ་འཚུབས་ཤིང་དབྱར་ཡང་འཁྱགས་མི་ཞུ། །ལམ་འཕྲང་དོག་ལ་མི་མིན་གདུག་ཅིང་མ་རུངས་ཆོམ་རྐུན་སྟོང་གང་འཇིགས་རུང་ལམ།དྲུག་བརྒྱའི་རྒྱང་གྲགས་ཐག་ཀྱང་ཞུམ་མེད་སྤོབས་པས་བརྒལ་དཀའ་མཐར་ཕྱིན་ཞཱན་ཙང་བསྟོད། ། དེ་ལས་མང་་་

གསར་འགྱུར།

དཔལ་རྫོང་གསར་བཤད་གྲྭར་གུང་སེང་དང་བསྟུན་རིག་གནས་འཆད་ཁྲིད་གནང་བཞིན།

2021 ལོའི་ཟླ 2 ཚེས 4 ཉིན། གདོང་མཁན། 0

དགུན་ཁའི་གུང་སེང་སྐབས་བཤད་གྲྭར་བཞུགས་བཞིན་པའི་དགེ་སློབ་ཁག་ཅིག་ལ་བཤད་གྲྭའི་མཐོ་རིམ་རིག་གནས་གཙུག་ལག་རབ་འབྱམས་པའི་སློབ་དཔོན་དགེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་སྣར་ཐང་ལོ་ཙཱ་བས་མཛད་པའི་<<སྔགས་ཀྱི་བཀླག་ཐབས་བསྡུས་པ་དང་དེའི་འགྲེལ་བ་མཐོང་བ་དོན་གསལ་>>འཆད་ཁྲིད་གནང་བ་དང་། རིག་གནས་རབ་འབྱམས་པའི་རྩོམ་རིག་དགེ་རྒན་དགེན་མེ་འོད་ལགས་ཀྱིས་<<སྙན་ངག་མེ་ལོང་མ་>>དང་། རིག་གནས་རབ་འབྱམས་པའི་བརྡ་སྤྲོད་དགེ་རྒན་དགེན་བཀྲ་ཤིས་མགོན་པོ་ལགས་ཀྱིས་ དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་མགོན་པོ་ཁྲོ་བཅུའི་གཏོར་བཟློག་ཆེན་མོ།

2021 ལོའི་ཟླ 2 ཚེས 4 ཉིན། གདོང་མཁན། 0

༄༅། །སྤྱི་ལོ་༢༠༢༡ སྤྱི་ཟླ་༢ ཚེས་༤ དང་བོད་ཟླ་བཅུ་གཉིས་པའི་བོད་ཚེས་༢༢་ཉིན་ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་རིང་ར་པུར་གདན་ས་དཔལ་ལྡན་ས་སྐྱའི་ཆོས་སྒར་དུ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཚོགས་མགོན་དུ་དབུ་བཞུགས་ཐོག་མཁན་བླ་འདུས་མང་ཡོངས་ནས་འདི་ལོའི་ལོ་འཇུག་གི་སྤྱི་རིམ་དགུ་གཏོར་ཆེད་མགོན་པོ་ཁྲོ་བཅུའི་གཏོར་བཟློག་ཆེན་མོ་ཚོགས་བཞིན་པ་རེད་འདུག དེ་ལས་མང་་་

གནས་ཆེན།

རྡོར་གདན་དང་འབྲེལ་བའི་རྒྱུན་ཤེས། མུ་འགོད། གསུམ་པ།

2021 ལོའི་ཟླ 2 ཚེས 2 ཉིན། གདོང་མཁན། 0

དེ་ན་འོ་སྐོལ་ཕྱི་མའི་དུས་སུ་སྐྱེས་པ། བསོད་ནམས་ཆུང་ངུའི་སྐྱེ་བོ། སངས་རྒྱས་ཀྱི་ཞལ་དངོས་སུ་མཇལ་བའི་སྐལ་བ་མ་ཐོབ་པ་དག་ནི། བདེ་བར་གཤེགས་པའི་གནས་ཆེན་བཞི་པོ་འདི་དག་ལ་མཇལ་དགོས་སོ་ཞེས་སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཡོད་དེ། ཇི་སྐད་དུ་ལུང་ཕྲན་ཚེགས་ལས། “དགེ་སློང་དག ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱི་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་དྲན་པར་འགྱུར་བ་བྱའོ། ། དེ་ལས་མང་་་

ངག་རྩོམ།

སྤྱི་ལྡོག་ཞལ་བླངས་མེད་ཙང་ཕྱོགས་སྔའི་ནམ་མ་ལངས།

2021 ལོའི་ཟླ 1 ཚེས 30 ཉིན། གདོང་མཁན། 0

རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་འགྱུར་ཡིན། །དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་ཏེ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཞེས་པའི་ཚིགས་རྐང་དང་པོ་གཉིས་ཀྱི་སྐབས་སུ་མཁན་ཆེན་ཨ་པད་རིན་པོ་ཆེས་ལྷུན་གྲུབ་འཁོར་བ་དང་གནས་འགྱུར་མྱང་འདས་ཏེ་གཞི་འབྲས་གཉིས་འབྲེལ་མེད་རྫས་ཐ་དད་དུ་ནམ་ཡང་ཞལ་གྱི་མི་བཞེས་ཙང་ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་ལྷུན་གྲུབ་འཁོར་བ་དང་གནས་འགྱུར་མྱང་འདས་ཏེ་གཞི་འབྲས་ངོ་བོ་གཅིག་ཏུ་འགྱུར་མི་ཐུབ་པ་ལྟ་བུའི་སྐྱོན་གང་ཡང་མེད་དོ། །དེས་ན་སུ་གང་དག་སྐྱོན་འདུག་སེམས་མཁན་ཡོད་ན་དེ་ནི་སྔ་རྒོལ་གྱི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བ་ཡིན་སྙམ། ། དེ་ལས་མང་་་

1 11 12 13 14