རྡོ་ཡི་མེ་ལོང་ལས་བརྡོལ་བའི་སྣང་ཚོར་གྱ་མ་གྱུ
དཔེ་དེབ་ཐར་ཐོར་གྱི་གསེབ་ཏུ་ཉུལ་བའི་སྨུག་པ་སྐྱ་བོ
རྩི་ཤིང་འཐུ་ཞོར་ཡན་ལག་གཅད་ཞོར་ལུས
རྨི་ལམ་གྱི་གཞུག་མས་མུན་ནག་ཏུ་དངུལ་ཆུ་མཆེད་པ་ལས
ལག་མཐིལ་དུ་རིན་ཆེན་གྱི་ཅ་དངོས་གང་ཡང་གཏེར་ཁ་མ་མཆིས
སྒོག་དྲི་བྲོ་བའི་སྐར་ཆ་རེར་ཐང་གཞུང་གིས་གྲིབ་སོ་གྱོན
ཉིན་མོར་དབྱར་རྩ་འཐུས མཚན་མོར་དགུན་འབུ་བསོག
རེ་བ་རི་རབ་ཅིག་འདུན་ཏེ་སྤྲིན་པའི་ཀྱོག་འཚམ་ལས་ཆར་ཆུ་བླང
དེ་ཡང་བདག་གི་ཉི་འོད་ཀྱི་གདོང་དུ་བྱར
རྒྱུན་པར་དུ་ དེ་ལས་མང་་་