འབྲེལ་ཡོད་ཚང་མས་དགོངས་མངའ་བཞིན། ༧སྐྱབས་མགོན་༧གོང་མ་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་ཡོངས་ཀྱི་བདག་པོ་ཁྲི་འཛིན་ཞེ་གསུམ་པར་མངའ་གསོལ་ཞུས་ཟིན་པ་ཡིན་སྟབས། ༧སྐྱབས་མགོན་༧གོང་མ་ཡབ་སྲས་རྣམ་པའི་མཚན་བརྗོད་ཞུ་ཕྱོགས་ཏེ། མཁྱེན་མངའ་བཞིན་༧ཡབ་རྗེ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་ལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཅེས་སྔར་རྒྱུན་ལྟར་དང༌། ྋསྐྱབས་
མགོན་སྐུ་བགྲེས་རིན་པོ་ཆེ་མཆོག་ལ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་དང་། སྐུ་གཞོན་རིན་པོ་ཆེ་མཆོག་ལ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་ཞེས་ཞུ་རྒྱུ་ཡིན་པ་དང་ཆབས་ཅིག ད་ནས་བཟུང་གཞུང་འབྲེལ་མཛད་སྒོ་དང་། ཚོགས་འདུའི་རིགས། ཚོགས་པ་ཁག རང་རེའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ། འབྲེལ་ཡོད་མི་སྣ་ལ་སོགས་པ་ཚང་མས་གདན་ཞུ་དང་། རྒྱབ་གཉེར་ཕྱག་བྲིས་སོགས་ཞུ་སྒོ་ཅི་མཆིས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྷཱན་བཛྲ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་ཞུ་གནང་དགོས་པའི་བརྡ་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ལགས་ན། དེ་ལུགས་ཀུན་གྱིས་དགོངས་འཇགས་འཚལ། ས་སྐྱ་སྒྲོལ་མ་ཕོ་བྲང་གི་ཡིག་ཚང་ནས། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༥ དགེ་བ་ལ། ། དེ་ལས་མང་་་