གསར་འགྱུར།

༧སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་མཆོག་དཔལ་ས་སྐྱའི་ཆོས་སྒར་དུ་ཆིབས་བསྒྱུར་གནང་འདུག

2022 ལོའི་ཟླ 6 ཚེས 3 ཉིན། གདོང་མཁན། 0

ཁ་རྩང་༸སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་སྐུ་འཁོར་ལྷན་རྒྱས་བཅས་དཔལ་ས་སྐྱའི་ཆོས་སྒར་དུ་ཆིབས་བསྒྱུར་བསྐྱངས་ནས་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཞལ་མཇལ་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་མཇལ་བཅར་དང་། དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་པོ་དང་བདག་མོ་སྐུ་ཞབས་སོགས་ཞལ་འཛོམས་གནང་འདུག དེ་ལས་མང་་་

བཅད་རྩོམ།

ལྷ་ལ་སྤྲིངས་པའི་མགུར།

མི་གཅིག་ལ་དགའ་ནས་ལྷ་ཞིག་བསྒོམས།།
ལྷ་དེ་ལ་རྣམ་དག་སེམས་མཆོད་ཕུལ།།
ལས་སྦྱོར་དངོས་རྗེས་གསུམ་ཚང་བར་བྱས།།
དེ་བྱས་ཀྱང་དངོས་གྲུབ་དབེན་ནས་ཐལ།།
ངས་ཐབས་ཤེས་ཟུང་དུ་སྦྲེལ་སྟེ་བསྒོམས།།
རྫས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཕུལ།།
ཅི་བྱས་ཀྱང་དོན་བྱེད་ནུས་སྟོང་རེད།།
དངོས་གྲུབ་ཀྱི་རྫས་མཆོག་གཞན་གྱིས་བླངས།།
ཁྱོས་གཞན་གྱི་ཆེད་དུ་ལྦུ་ཆང་བཏུང་།།
བདག་ཁྱོད་ཉིད་དྲན་པའི་གདུང་བས་བཟི།།
ལས་རྣམ་རྟོག་ངན་པའི་འཆར་སྒོ་ཕྱེས།།
སེམས་མི་མཐུན་གཞི་མ་དེ་ནས་བྱུང་།།
ལྷ་ཁྱོད་མིན་ལྷ་ཞིག་མི་བསྟེན་རྒྱུ།། དེ་ལས་མང་་་

1 2