སེམས་ངོས་སུ་རྒྱུ་བའི་སྙན་ངག
རབ་མཛེས་ལྟ་བས་མི་ངོམ་ཞིང་།།
རབ་སྙན་ངག་གི་དཔལ་རྫོགས་པ།།
རབ་མྱུར་ཤེས་རབ་མཆོག་རྩོལ་མ།།
རབ་དང་ཡིད་ཀྱི་པད་མོར་བཞུགས།།
མཚོ་ཉམས་དགའི་རྦ་རླབས་དལ་གྱིས་འགུལ།།
བྱ་ངང་ངུར་མང་པོའི་འཕུར་ཞིང་ལྡིང་།།
མཐའ་ནགས་ཀྱི་ལྗོན་བཟང་དྲི་མས་ཁྱབ།།
གནམ་སྔོན་པོ་ཐང་དུ་ཟགས་འདྲ་བའི།།
མཚོ་སྔོན་པོའི་མེ་ལོང་ཞལ་དཀྱིལ་དུ།།
མདོག་ཁ་དོག་འཇའ་ལས་རབ་མཛེས་པའི།།
ཕྱི་འདབ་མའི་སྒྲོ་དེ་སྡུ་གུར་བཀྲ།།
ནང་ཟེའུ་འབྲུ་དམར་སེར་འཇམ་པའི་སྟེང་།།
ལྷ་དབྱངས་ཅན་འཛུམ་པའི་ངང་ཚུལ་ཅན།། དེ་ལས་མང་་་