བཅད་རྩོམ།

ཉི་ཟླ་ལུང་བའི་མེ་ཏོག

མེ་ཏོག་མོད་སའི་ལུང་བའི་མདོ་ནས་ཕྲད།།
དེ་ཡི་མི་ནི་ཕྱེ་ལེབ་ཟོལ་གྱིས་འཕུར།།
གང་ཚེ་ཁྱེད་རང་ཆུ་ངོགས་གཡས་ཟུར་ན།།
དགུ་ཚིགས་ཕར་ཕར་ཡིབ་པའི་ཉམས་ལ་གཡེངས།།
ཁྱེད་ནི་ལྷིང་ཞིང་འཇགས་པའི་གཙང་བོ་བཞིན།།
ལྡེམ་ལྡེམ་གཡོ་ཞིང་ལྕུག་ཕྲན་ཟོལ་གྱིས་འགྱིང་།།
ཡུལ་ལ་དགུན་ཟླ་ཚེས་དུས་ཚོར་གཤིས་ཀྱིས།།
ངང་གིས་སྐྱོ་དབྱངས་རེ་རེར་བཞིན་དུ་དཀྲོལ།།
ལས་སྐལ་ཟད་པའི་རྗེས་ཀྱི་ཐུགས་ཕྲད་བཞིན།།
སེམས་ནང་སྨུག་པ་འཐིབས་ཤིང་ཡང་ཡང་སྨྲེང་།།
མཚན་སྨག་རེ་རེའི་མཐའ་རུ་མཚན་མོ་ཚེས།། དེ་ལས་མང་་་

བཅད་རྩོམ།

སྐྱེས་སྐར་ཡག

རི་ཆུ་རྩྭ་སྐྱའི་བཀླུབས་པའི་མིག་ལ་མཛེས།།
སྐྱི་བསིར་རླུང་བའི་རྩྭ་སྐྱའི་ཁ་དོག་སྒྱུར།།
ཁྱེད་རང་ད་ཚོད་མི་ཡུལ་བསླེབས་ཉིན་རེད་དམ།།
དེ་དུས་དཔྱིད་ཀའི་སྒེགས་མཉམ་གང་འདྲ་ཡིན།།

མི་ཚེ་ཅལ་གྱི་ཟགས་པའི་འཇིག་རྟེན་ནས།།
ཡིག་ཚོགས་ཁྲི་སྟོང་མང་པོ་གཤར་བའི་ཚེ།།
ཚོར་བའི་ཉམས་སྣང་བསུས་པའི་ཡིག་འབྲུ་ཡིས།།
དྲི་ཟའི་གདངས་དབྱངས་གྱེར་ནས་གང་དུ་ཐལ།།

དབྱངས་ཅན་འཛུམ་པའི་ཚེམས་དཀར་གྱི་དྭངས་ཤ།།
ཁྱེད་རང་ཚོར་བའི་བསླུས་དུས་ཅི་ཙམ་ཞིག་བྲིས།།
ཕ་ཡུལ་དྲན་ཞོར་གཞན་ཡུལ་ལུང་པ་ནས།།
ཕ་ཡུལ་བཅིངས་པའི་ཞེ་འདང་གང་དུ་འཐེན།། དེ་ལས་མང་་་

བཅད་རྩོམ།

ཉེ་བ་སེམས་ཀྱི་སྨུག་པ།

རྒྱང་རིང་ཡུལ་གྲུ་ཞིག་གི།།
སེམས་ཀྱི་གཡུ་ཆུང་དྲུག་དཀར།།
བརྩེ་བ་ཆུ་འཛིན་འཁྲིག་འདྲ།།
ད་ཚོད་གང་དུ་བཞུགས་སམ།།

ཞེན་པའི་ལོ་དང་ཟླ་བ།།
བྲང་ངོས་ཡིག་ཆུང་ནག་རིལ།།
ཐག་རིང་ཐག་རིང་ཡིན་ཡང་།།
སེམས་དང་བསམ་པའི་དོར་མེད།།

དྲན་གསལ་ཟླ་གཞོན་ལྷ་མོ།།
ད་ནི་གང་དུ་ལོག་གམ།།
རྒྱང་ཐག་རིང་ཡང་ཐུང་ཡང་།།
སོ་སོའི་སེམས་སུ་བསྙལ་ཆོག།

སྐྱོ་གར་ཁྲོད་ཀྱི་ནང་སེམས།།
དགུན་གྱི་འཁྱག་རོམ་འདྲ་སོང་།།
རྗེས་མའི་ཚེ་རབས་ཀུན་ལ།།
ཞལ་འཛོམས་མེ་ཏོག་བཞད་ཤོག། དེ་ལས་མང་་་

བཅད་རྩོམ།

ཁ་བྱང་བོར་བའི་ཐ་སྙད་ཚོགས།

སྤྱན་ཁྲ་ཆུང་རྡེབ་དོན་ཅི་ཞིག་རེད།།
ཡིད་ཚོར་བའི་འཇིངས་ན་ཅི་འདྲ་ཡིན། །
ཤིང་ལོ་མའི་གསེང་གི་ཁེར་མོ་མ།།
སེམས་སྨྲེང་དུས་སུ་ལ་སྐྱོ་བ་བསྔོག།
ཡུལ་ཆ་མེད་གྲོང་གི་རྒྱུས་ཡོད་མ།།
འདང་ཆེན་པོ་མེད་དེ་ཆུང་ངུ་ཡོད།།
དོར་འདོད་ཀྱང་ཞེ་རུ་འཁོར་བ་འདི།།
ཡེ་གདོན་མའི་ལན་ཆཊ་ཨེ་རེད་ཀོ།
དགུང་མཚམས་སྤྲིན་ཁྲོད་ཀྱི་མཁའ་དབྱིངས་སུ།།
ཁྱོད་ཅེར་ནས་ཅི་ཞིག་བསྙེག་གྱིན་ཡོད།།
དགུང་རྒྱུ་སྐར་མང་བའི་གྲངས་ཀ་ལ།།
སེམས་གཏད་ནས་འདུག་དོན་ག་རེ་ཡིན།། དེ་ལས་མང་་་