བཅད་རྩོམ།

གནམ་ལོ་གསར་པའི་ཁ་གཡང་།

2025 ལོའི་ཟླ 1 ཚེས 29 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཞོགས་སྐྱ་རེངས་དང་པོས་ཁ་གཡང་བསྒྲིགས་ཏེ། །
ལོ་གསར་པའི་རྟེན་འབྲེལ་གཙང་མ་མངོན་ནས། །
བསང་ལྷ་དུད་སྔོན་མོ་དགུང་དུ་བཏང་ཞིང་། །
ཚིག་སྙན་མོའི་ལམ་ནས་སྨོན་འདུན་ངས་ཞུ། །

ཡིད་དགའ་སྐྱོ་འདྲེས་མའི་གྲུ་ཟུར་རེ་ནས། །
ཉིན་སུམ་བརྒྱ་དྲུག་བཅུ་དེ་ལྟར་བཞུད་སོང་། །
དོན་ཐོབ་ཤོར་མོད་པོ་སེམས་ལ་འབྲི་ཞོར། །
དུས་སྟོང་ལོ་ཉེར་བཞི་བདེ་མོ་འཇོག་རན། །

ལུས་དར་ཟབ་རྒྱན་གོས་གསར་པས་སྤྲས་ཤིང་། །
སྐྱིད་གཞིས་ཁྱིམ་ལྷན་འཛོམས་དགོད་སྒྲའི་ཁྲོད་ནས། །
ཇ་ནས་ཆང་འོ་མའི་མཆོད་ཁ་དང་པོས། །
རྟགས་རྟེན་འབྲེལ་འཛོམས་པའི་གཡང་ལོ་བསུའོ། །
དེ་ལས་མང་་་

བཅད་རྩོམ།

ནང་སེམས་ཀྱི་སྙན་ངག་འདི།

ལྷོ་སྤྲིན་ཉི་མ་དགུང་གི་གསེབ་ཀ་རུ། །
ནང་སེམས་དལ་བུ་འདྲེན་པའི་མཚམས་ནང་དེར། །
ངག་གི་ལྷ་མོ་སྒུག་པའི་ཚིག་ཕྲེང་རེ། །
གསོང་པོའི་སྨྲ་ལྕེ་སྒུལ་བའི་སྙན་ངག་ཤོར། །

༢༽

མི་ཚེ་ཕྲེང་རྡོག་ཅིག་གི་ནང་རུམ་དུ། །
སྐྱིད་སྡུག་པདྨར་སྐྱེས་པའི་འཁོར་བ་ནས། །
ཕྱི་ནང་ཚོར་བ་ལྡིང་བའི་རྟོག་པ་འདིས། །
ངག་རིག་ཚིག་ཕྲེང་སྡེབ་པའི་སྙན་ངག་ཤོར། །

༣༽

ནམ་ཟླ་གྲང་བས་བཞུར་བའི་དགུན་དུས་འདིར། །
ཁ་བ་མར་མར་འབབ་པའི་དབྱིངས་རིམ་ན། །
སེམས་པ་དར་དཀར་ཅིག་གི་འཆང་སྣེ་རུ། ། དེ་ལས་མང་་་