༄༅། །ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་གླེགས་བམ་བཞིའི་དཀར་ཆག་བཞུགས་སོ།།
- ༠༠༡ ༼ཀ༽ཐོག་མར་ལམ་འབྲས་གསོལ་འདེབས། རྩ་བའི་བླ་མ་སྤྱི་ལ་བསྟོད་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལ་བསྟོད་པ་ལྔ། གྲུབ་ཆེན་བུདྡྷ་ཤྲཱི་ལ་བསྟོད་པ། ས་བཟང་འཕགས་པ་ལ་བསྟོད་པ། བཀྲ་ཤིས་རིན་ཆེན་ལ་བསྟོད་པ། ལོ་ཆེན་ལ་བསྟོད་པ། སྡོམ་གསུམ་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བ། རྗེ་ས་ཆེན་ལ་བསྟོད་པ། ལམ་ཟབ་བརྒྱུད་པའི་གསོལ་འདེབས། ལམ་འབྲས་བསམ་མི་ཁྱབ། ལྷན་ཅིག་སྐྱེས་གྲུབ། མཆོད་རྟེན་དྲུང་ཐོབ། ཡི་གེ་མེད་པ། པདྨ་པའི་ལམ། གཏུམ་མོ་ལམ་རྫོགས། ཡོན་པོ་བསྲང་བ། ཨིནྡྲ་བྷཱུ་ཏིའི་ལམ། མ་«༼ཀ༽»ཧཱ་མཱ་ཡཱའི་བླ་མ་བརྒྱུད་པའི་གསོལ་འདེབས། བདེ་མཆོག་རིམ་ལྔའི་བརྒྱུད་འདེབས། རྩ་དབུ་མའི་རིང་བརྒྱུད། རྩ་དབུ་མའི་ཉེ་བརྒྱུད། བདེ་མཆོག་དཀར་པོ། གསང་«༼ཁ༽»འདུས་རིམ་ལྔ་འགོས་ལུགས། རྭ་རྩེ་སེམས་འཛིན། ཤིན་ཏུ་སྤྲོས་མེད། སྤྱོད་འཇུག ཞེན་པ་བཞི་བྲལ་དེ་རྣམས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། འཆི་བདག་འཇོམས་པའི་དཀྱིལ་འཁོར་བཅས་བཞུགས། འདིར་གཟིགས།
- ༠༠༢ ༼ཀ༽རྡོ་རྗེ་རྣལ་འབྱོར་མ། ཤེས་ཕྱིན་དཀར་མོ། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར། འདོད་རྒྱལ། ཚོགས་བདག གཙུག་ཏོར་རྣམ་རྒྱལ། ནོར་རྒྱུན་མའི་དཀྱིལ་འཁོར། ས་སྐྱ་པའི་བཀའ་སྲུང་རྣམས་ལ་བསྟོད་པ། ཡན་ལག་བདུན་པའི་ཆོ་ག་བཅས་བཞུགས། འདིར་གཟིགས།
- ༠༠༣ ༼ཀ༽ས་སྐྱ་པཎྜི་ཏའི་རྣམ་ཐར། གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་ཐར།
- ༠༠༤ ༼ཀ༽ས་བཟང་འཕགས་པའི་རྣམ་ཐར།
- ༠༠༥ ༼ཀ༽གསན་ཡིག་ཆེན་མོ།
- ༠༠༦ ༼ཀ༽ལམ་འབྲས་ཆོས་འབྱུང་རྩོམ་འཕྲོ། བཤད་ཐབས་གསང་བའི་སྒོ་འབྱེད། དབང་བཞིའི་རྟོགས་བསྐྱེད། མངོན་རྟོགས་ཚུལ་བཅུ་བཞིའི་སྡོམ་ཚིག ཕྱི་ནང་གི་བསྐྱེད་རིམ་དབང་དང་བཅས་པའི་སྡོམ་ཚིག ནང་གི་བླ་མའི་རྣལ་འབྱོར། བིར་སྲུང་བར་ཆད་ཀུན་སེལ། སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས། ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ། ཡང་དེའི་ཉམས་ལེན། ཡང་དེ་དང་ལམ་འབྲས་མཚན་མཚོན་སྦྱོར་བ། ཡང་བིར་སྲུང་གསར་མ་བཅས་བཞུགས། འདིར་གཟིགས།
- ༠༠༧ ༼ཀ༽ལུས་དཀྱིལ་རྩོད་སྤོང་ཆེ་ཆུང་གཉིས། རྒྱུད་གསུམ་གནོད་འཇོམས་ཀྱི་བསྟན་བཅོས། རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ། ཟུང་འཇུག་རྡོ་རྗེ་འཆང་གིས་མཚམས་བཤད་པ་རྣམས་བཞུགས། འདིར་གཟིགས།
- ༠༠༨ ༼ཁ༽བསྐྱེད་རིམ་གནད་ཀྱི་ཟླ་ཟེར།
- ༠༠༩ ༼ཁ༽ཀྱེ་རྡོ་རྗེ་རྒྱུད་གྱི་བྱུང་ཚུལ་དང་བླ་མ་བརྒྱུད་པའི་རྣམ་ཐར། བརྟག་གཉིས་ཀྱི་འགྱུར་ཆད། བརྟག་གཉིས་ཀྱི་འགྲེལ་པའི་དཀར་ཆག ཀྱེ་རྡོ་རྗེ་ཌོམྦི་ལུགས་ཀྱིས་སྒྲུབ་ཐབས། ཕྲིན་ཡིག་དབང་པོའི་རྡོ་རྗེ། གཞལ་ཡས་ཁང་གི་ཚད་རྣམ་པར་གཞག་པ། འཕར་མ་གཉིས་ཀྱི་དོན་བཤད་པ། མཚོ་སྐྱེས་དང་ཌོམྦི་ལུགས་གཉིས་ཀྱི་ཐོ་ཡིག གཞལ་ཡས་ཁང་གི་ཚད་ལྷག་པོ་གཅིག སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན། བསྟོད་པ་ཉི་ཤུ་པའི་འགྲེལ་པ། མཚོ་སྐྱེས་ལུགས་ཀྱི་མཎྜལ་མཆོད་ཆོག་བཅས་བཞུགས། འདིར་གཟིགས།
- ༠༡༠ ༼ཁ༽གཏོར་ཆོག་གི་འགྲེལ་པ་ཕྲིན་ལས་རྒྱས་བྱེད། འདོད་རྒྱལ་གྱི་སྒྲུབ་ཐབས། ཤེས་ཕྱིན་དཀར་མོའི་སྒྲུབ་ཐབས། གུར་རིགས་བསྡུས་ཀྱི་སྦྱིན་སྲེག གར་གྱི་ཤན་འབྱེད། སངས་རྒྱས་ཀྱི་གར། ཕྱོགས་བཞིའི་གཏོར་མ་གཏོང་ཐབས། ཆོས་སྐྱོང་གི་མན་ངག་རྣམས་ཀྱི་དཀར་ཆག མགོན་པོའི་སྒྲུབ་ཐབས་རྒྱུད་འགྲེལ་ལས་བྱུང་བ། མན་ངག་གུར་རྒྱན་ལས་བྱུང་བ། ལྷ་བརྒྱད་ཀྱི་རྗེས་གནང༌། གཏོར་ཆོག་དགྲ་ལས་རྣམ་རྒྱལ། གཏོར་སྒྲུབ་ཀྱི་མན་ངག ཐུགས་དམ་བསྐང་བའི་ཆོ་ག ཀྱེ་རྡོ་རྗེ་ལྷ་བཅུ་བདུན་མའི་སྒྲུབ་ཐབས་བཅས་བཞུགས། འདིར་གཟིགས།
- ༠༡༡ ༼ཁ༽སམྦུ་ཊ་རྡོར་དབྱིངས་ཀྱི་སྒྲུབ་ཐབས། གཏོར་ཆོག མཆོད་ཕྲེང༌། དཀྱིལ་ཆོག སྦྱིན་སྲེག བཀྲ་ཤིས་རྣམས་བཞུགས། འདིར་གཟིགས།
- ༠༡༢ ༼ག༽མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས། གཙོ་བོ་ཡབ་ཡུམ་གྱི་སྒྲུབ་ཐབས། སྔགས་ཕྲེང་མཚན་མ། མཆོད་ཆོག དཀྱིལ་ཆོག་ཡོན་ཏན་རིན་པོ་ཆེའི་མཛོད། ཚོགས་འཁོར་གསུང་བ་ཀུན་རྒྱན། ཚོགས་འཁོར་ཀུན་བཟང་རྣམ་རོལ་བཅས་བཞུགས། འདིར་གཟིགས།
- ༠༡༣ ༼ག༽བདེ་མཆོག་བླ་མ་མཆོད་ཆོག བདེ་མཆོག་གི་ཕོ་བྲང་གི་རྣམ་གཞག རིལ་བུ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པ། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། བདེ་མཆོག་དཀར་པོའི་སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་དང་བཅས་པ། རྡོ་རྗེ་ལྷ་མོའི་ཚེ་སྒྲུབ། ལྷ་བཅུ་གསུམ་གྱི་མངོན་རྟོགས་ལ་དགོས་པའི་ཟིན་བྲིས། རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་དང་ནག་པོ་པའི་སྒྲུབ་ཐབས་མི་འདྲ་བའི་ཁྱད་པར། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བཅས་བཞུགས། འདིར་གཟིགས།
- ༠༡༤ ༼ག༽གསང་འདུས་མི་བསྐྱོད་པའི་སྒྲུབ་ཐབས། ཤིན་ཏུ་རྣལ་འབྱོར་གྱི་ཁྱད་པར། གཏོར་ཆོག མཆོད་སྤྲིན། རྡོ་རྗེ་སེམས་དཔའི་མཆོད་ཆོག དཀྱིལ་ཆོག སྦྱིན་སྲེག རབ་གནས་བཅས་བཞུགས། འདིར་གཟིགས།
- ༠༡༥ ༼ག༽རྡོ་རྗེ་ཕྲེང་བའི་ས་བཟུང་བའི་ཆོ་ག དགྲ་ནག་གི་རྒྱུད་ནས་གསུངས་པའི་ཆར་འབེབས། འཇིགས་བྱེད་ཀྱི་གཏོར་ཆོག འཇིགས་བྱེད་ཀྱི་རྫོགས་རིམ། གཤེད་དམར་ལྷ་ལྔའི་སྒྲུབ་ཐབས། དེ་དག་ལ་ཚང་བ། སྒྲུབ་ཐབས་ཀྱི་ལུང་སྦྱོར། དཀྱིལ་ཆོག སྤྲོས་མེད་མཛེས་རྒྱན། འདི་མན་ཆད་གསན་ཡིག་ལ་མེད། རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན། དབང་གི་རིམ་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ། གསང་འདུས་རིམ་ལྔའི་ཁྲིད་ཡིག རྡོ་རྗེ་ཕྲེང་བའི་ལུགས་ཀྱི་ཐིག་རྩ། བླ་མ་དགེ་བཟང་བའི་དྲིས་ལན་རྣམས་བཞུགས། འདིར་གཟིགས།
- ༠༡༦ ༼ཨ༽དཔལ་ཀུན་རིག་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས། གཞན་ཕན་མཐའ་ཡས། རྡུལ་མཚོན་ཁ་སྐོང༌། ཆ་གསུམ་གཏོར་མ། དཀྱིལ་འཁོར་སྒོ་སྦྲག་གི་བཤད་པ་བཅས་བཞུགས། འདིར་གཟིགས།
- ༠༡༧ ༼ཨ༽སྤྱོད་རྒྱུད་སྤྱིའི་རྣམ་བཞག བྱ་རྒྱུད་སྤྱིའི་རྣམ་བཤད།
- ༠༡༨ ༼ཨ༽མི་འཁྲུགས་པའི་སྒོ་ནས་གཤིན་པོ་རྗེས་འཛིན། དྲི་མེད་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག ཨ་ར་པ་ཙ་ནའི་རྗེས་གནང༌། འོད་དཔག་མེད་ཀྱི་ཚེ་སྒྲུབ། སེང་གེ་སྒྲའི་སྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སོ་སོར་འབྲང་མའི་སྒྲུབ་ཐབས། རྟ་མགྲིན་གྱི་སྒྲུབ་ཐབས། སྨན་བླའི་མཆོད་ཆོག སེམས་སྐྱེད་རང་གིས་བླང་པའི་ཆོ་ག གསོ་སྦྱོང་རང་གིས་བླང་པའི་ཆོ་ག མཆོད་སྦྱིན་ཆེན་པོའི་ཟིན་བྲིས། གཏོར་ཆེན་གྱི་ལྷན་ཐབས། གསེར་སྐུ་རྡོ་རྗེ་འཆང་བཞེངས་ཚུལ། གནོད་སྦྱིན་གྱི་འཁོར་ལོའི་སྔགས་ལ་ཞུས་དག་མཛད་པ། རགས་སྡོམ་བཅུའི་འབྲུ་འགྲེལ། བཀའ་འགྱུར་རོ་འཚལ་གྱི་དཀར་ཆག བསྟན་འགྱུར་དཀར་ཆག རྡོ་རྗེ་ཐེག་པའི་བསྟན་འགྱུར་གྱི་དཀར་ཆག བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཐུབ་བསྟན་རྒྱས་པའི་ཉི་འོད། རྗེ་བཙུན་གོང་མ་གསུམ་གྱི་བཀའ་འབུམ་གྱི་དཀར་ཆག་བཅས་བཞུགས། འདིར་གཟིགས།
- ༠༡༩ ༼ཨ༽རང་གི་གྲྭ་པ་སྤྱི་ལ་གདམས་པ། ས་བཟང་བསོད་ནམས་དཔལ་གྱི་དྲིས་ལན། ལོཙྪ་བ་རྡོ་རྗེ་དཔལ། དགེ་འདུན་མགོན། ཨ་མོ་གྷ། ཆེན་པོ་ཆོས་རིན། གླིང་འོད་ཟེར་རྒྱལ་མཚན། བསམ་འགྲུབ་རྒྱལ་མཚན། སློབ་དཔོན་བསམ་བཟང༌། དབུ་མ་པ་ཤེས་རབ་རྒྱ་མཚོ་དེ་རྣམས་ཀྱི་དྲིས་ལན། རཏྣ་ཤྲཱི་ལ་སྤྲིངས་པ། གསང་སྔགས་པ་ཀུན་དགའ་གཞོན་ནུ་ལ་སྤྲིངས་པ། བླ་མ་སངས་རྒྱས་རྒྱལ་མཚན་ལ་སྤྲིངས་པ་གཉིས། བསོད་ནམས་རིན་ཆེན་ལ་སྤྲིངས་པ་ཤླཽ་ཀ་གཅིག རྒྱལ་རོང་པ་བཀྲ་ཤིས་དཔལ། སྒྲུབ་པ་པོ་བློ་བཟང་ལ། ཉག་རེ་སངས་རྒྱས་གྲགས། དབོན་པོ་རྒྱལ་མཚན་དཔལ་ཡུམ་སྲས། ཡ་ཚེ་རྒྱལ་པོ་ཧསྟི་རཱ་ཛ་ཡབ་ཡུམ་སྲས་བཅས། དེའི་བློན་པོ་ལ། ཐར་པ་ཡེ་ཤེས་ཏེ་དེ་རྣམས་ལ་གདམས་པ་རེ་རེ། སློབ་དཔོན་བཟོད་པ་ལ་བསྟོད་པ། ཕྱིའི་གཏམ། ནང་གི་ཡས་གཏམ། གསེར་འོད་དམ་པ་ལས་བཏུས་པའི་སྨོན་ལམ། དྲིལ་བུ་པའི་ལུས་དཀྱིལ་གྱི་«་་་་་འདི་གསན་ཡིག་ལ་མེད། »བཤད་པ་རྣམས་བཞུགས།། །།དགེའོ།། །། འདིར་གཟིགས།
༈ འདི་བཞིན་བདེར་གཤེགས་བཀའ་དྲིན་གསུམ་ལྡན་གྱི་རྩ་བླ་གསང་ཆེན་སློབ་བཤད་མཛོད་འཛིན་དྲང་སྲོང་ཆེན་པོ་༸ལྕེ་བཙུན་༸བཅོ་བརྒྱད་༸ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོ་མཆོག་གི་ཐུགས་དགོངས་རྫོགས་ཆེད་དང༌། ༸དཔལ་ས་སྐྱ་པ་ཆེན་པོ་འཁོན་བརྒྱུད་ཀྱི་བཀའ་དྲིན་བསམ་བཞིན་དུ། བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སོར་ཕྱག་བཅས་ཕུལ་བས་དགེ་བ་གང་ཐོབ་འབྲེལ་ཚད་དོན་ལྡན་དུ་འགྱུར་བའི་རྒྱུ་རུ་བསྔོའོ།། །།དགེའོ།། །།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com