བོད་མི་ངོ་མཚར་ཅན་ཞིག


རྩོམ་པ་པོ། ཨ་འདུས་པས།

དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་དང་།།
མ་བསླབ་ཤེས་བྱའི་མ་མོ་མཁྱེན་པ་སོགས།།
སོ་སྐྱེ་ཕལ་བའི་བློ་ལ་ཤོང་དཀའ་བའི།།
ཁྱོད་ཀྱི་གསང་བ་དེ་དག་འདིར་མི་གླེང་།།

འཇིགས་རུང་སོག་པོའི་དམག་དཔུང་བྱམས་བརྩེས་བཟློགས།།
རྒྱ་གར་རྩོད་པའི་རལ་བ་རིགས་པས་བྲེག།
གངས་ཅན་ལྗོངས་ཀྱི་གནས་བཅུའི་ཤིང་རྟ་བ།།
ས་སྐྱ་པཎ་ཆེན་གངས་རིའི་ང་རྒྱལ་ཡིན།།

སྡོམ་གསུམ་བརྩམས་ཏེ་ཆོས་ལོག་མཐའ་ལ་སྤྱུགས།།
རིགས་གཏེར་བྲིས་ཏེ་རྒོལ་ངན་སྙིང་རྩ་བཅད།།
མཁས་འཇུག་མཛད་པས་དམ་པའི་ལམ་བུ་གསལ།།
ས་སྐྱ་ལེགས་བཤད་འཛམ་གླིང་རྒྱན་དུ་གྱུར།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*